www.dharmabook.ru tibetan OCR


704
ས་འཚོ་མ། (4) བཅུན་མོ་སྤྱིའི་མིང་། (2) རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བཅུན་མོ་གྲགས་འཛིན་མའི་མིང་ཡང་
ཡིན།
(8) ཡང་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བཅུན་མོ་གཙོ་མོ་གསུམ་གྱི་ནང་གི་སྤེད་མའི་མིང་ཡང་ཡིན།
དེ་གཉིས་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡིན།
ས་གཞན་ན་གནས་པ། ཆད་ལས་ལ་གནས་པ། སྒྲ་བཤད་ནི། ས་རང་བཞིན་དུ་གནས་པ་ལ་ལྟོས་ནས་ས་གཞན་
ཏེ་
གནས་ནས་ཕྱུང་བ་སོགས་ཀྱིས་དམན་པའི་ས་ལ་གནས་པས་དེ་སྐད་ཅེས་བྱ། གོ་ས་འོག་ཏུ་ཕབ་པའི་
ཆད་
ལས་ལ་གནས་པས་དེ་སྐད་ཅེས་བྱ།
ས་གཞི་སྤོས་བྱུགས་མ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་མཛད་པར་ཀློང་རྡོལ་བླ་མ་གསུང་།
ས་འོག་རིམ་པ་བདུན།
གཞི་དང་། ལྷག་པའི་གཞི་དང་། གཞི་མེད་དང་། གཞི་ཉིད་དང་། བཅུད་ཀྱི་གཞི་དང་།
གཞི་བཟང་པོ་དང་། དག་པའི་གཞི་སྟེ་བདུན་ནོ། དངུལ་ཆུའི་སྒྲོལ་ཊཱིཀ་ན་གསལ།
ས་ལའི་ཕོ་ཉ་མོ། ཀླུ་སྒྲུབ་ལུང་བསྟན་པའི་མདོ་འཇམ་དཔལ་རྩ་རྒྱུད་དུ། དེ་ཡི་རིག་པ་གྲུབ་པ་ནི། ས་ལའི་པོ་ཉ་
མོ་
ཞེས་བརྗོད། ཅེས་པའི་ས་ལའི་ཕོ་ཉ་མོ་ནི་དབྱངས་ཅན་མ་དམར་མོ་ཡིན་པ་མཁས་པ་འགའ་གསུང་ལ།
འཁོན་སྟོན་འགྲེལ་ཊཱིཀ་ཏུའང་དེ་བཞིན་དུ་གསུངས།
ས་ལུའི་ནགས། སྭ་ལུའི་ཞིང་སྟེ་འབྲས་ཞིང་།
ས་ལེ་སྦྲམ། གསེར་གྱི་མིང་།
ས་གསུམ། ས་འོག་ས་སྟེང་ས་བླ་གསུམ་སྟེ། ས་འོག་ཀླུ་ཡི་འཇིག་རྟེན། ས་སྟེང་མི་ཡི་འཇིག་རྟེན། ས་བླ་ལྷ་ཡི་
འཇིག་རྟེན་དང་
གསུམ་།
ས་གསུམ་མ། རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསོལ་འདེབས་དཔལ་ལྡན་ས་གསུམ་མ་ཞེས་བྱ་བ་རྗེའི་སྲས་ཀྱི་ཐུ་
བོ་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད།

ས་གསུམ་མའི་ཊིཀྐ་ཚིག་དོན་གསལ་བ། ས་གསུམ་མའི་འགྲེལ་པ་ཚིག་དོན་གསལ་བ་ཞེས་བྱ་བ་པཎ་ཆེན་བློ་
བཟང་ཆོས་ཀྱི་རྒྱལ་
མཆན་གྱིས་མཛད།
ས་ཧོ་ར། ལེགས་སྦྱར ཟ་ཧོར། ཟ་ཧོར་ལ་གཟིགས།
སའི་དྲེག་པ་རྟར། མང་བའི་དཔེ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*