www.dharmabook.ru tibetan OCR


705
སངས་རྒྱ (4) མ་རིག་པའི་གཉིད་རྒྱུན་ཆད་པས་སངས་པ་སྟེ་གཉིད་སད་པ་བཞིན། ཡང་ད་ག་པའི་ཡེ་ཤེས་ཀྱིས་
མི་ཤེས་པའི་
ཟུམ་པ་བཅོམ་ཞིང་ཤེས་བྱ་ལ་བློ་རྒྱས་པས་པད་འདབ་རྒྱས་པ་བཞིན་ཏེ། དེ་འདྲའི་སང་ས་
རྒྱས་ད་ང་།
ཞེས་དང་། སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང་། ཤེས་བྱ་ལ་ནི་བློ་རྣམས་རྒྱས། རྨོངས་པའི་
ཟུམ་པ་བཅོམ་པས་ན།
སངས་རྒྱས་པད་མ་ལྟར་རྣམ་རྒྱས། ཞེས་རྗེའི་ལེགས་བཤད་གསེར་ཕྲེང་གསུང་།
(2) རྟོགས་པའམ་ཁོང་དུ་ཆུད་པ། དཔེར་ན། རང་རྒྱལ་ལ་དེ་ཁོ་ན་ཉིད་རྟོགས་པ་འབྲིང་པོ་འམ། སངས་
རྒྱས་
འགྲིང་ཞེས་བརྗོད་པ་བཞིན་ནོ།
སངས་རྒྱས་ཀྱི་བསྟན་པ་ལ་དགྲ་ལན་གསུམ་བྱུང་ཚུལ། བསྟན་པ་ལ་དགྲ་ལན་གསུམ་བྱུང་ཚུལ་ལ་གཟིགས།
སངས་རྒྱས་ཆོས་ཚོགས་མ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་
སྐྱབས་སུ་མཆི།
བད་ག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། འགྲོ་ལ་ཕན་ཕྱིར་སང་ས་རྒྱས་
འགྲུབ་པར་ཤོག།
ཅེས་པའི་སྐྱབས་སེམས་ཀྱི་ཚིགས་བཅད་འདི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་
པར་གསུངས།
ཚིག་རྐང་དང་པོ་འདི་ལ་འདོན་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་འདི་ལྟར། བདག་གིས་
སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།
ཞེས་བཏོན་ན་བསོད་ནམས་ཀྱི་ཚོགས་ཙམ་དང་། བད་ག་གིས་
སྦྱིན་སོགས་བགྱིས་པའི་
ཚོགས་རྣམས་ཀྱིས། ཞེས་བཏོན་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་
ལ་གོ་བ
ས་ཁྱབ་ཆ། ཆོས་འཆད་ཉན་བྱེད་པའི་སྐབས་ལྟ་བུར། བླ་མས། བདག་གིས་ཆོས་བཤད་བགྱིས་
པའི་བསོད་ནམས་ཀྱིས།
ཞེས་དང་། སློབ་མ་རྣམས་ནས། བདག་གིས་ཆོས་ཉན་བགྱིས་པའི་བསོད་
ནམས་ཀྱིས།
ཞེས་ཁ་སྒུར་བྱེད་དགོས།
སངས་རྒྱས་འདུལ་བ སངས་རྒྱས་ཀྱིས་གསུངས་པའི་ཆོས་འདུལ་བ།
སང་ས་རྒྱས་ནམ་གཟིག སངས་རྒྱས་དཔའ་བོ་བདུན་གྱི་ཡ་གྱལ། སངས་རྒྱས་རྣམ་གཟིགས་དུས་ནམ་གྱི་ཆེ་
བྱུ
ང་བ་ནི། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལ་ལས། འདི་ནས་བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་འདས་
པའི་མདུན་རོལ་དུ་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་བྱུང་བ་ལ་སོགས་པའི་ཚུལ་གྱིས་འཇིག་པའི་
བསྐལ་པ་དག་གིས་འཇིག་རྟེན་འདི་
ཞིག་པར་གྱུར་པའི་ཕྱིར་ར་རོ། ཞེས་འབྱུང་།
སངས་རྒྱས་པ་ལ་བཞི་པ་དང་ཞེས་སོག སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་
མིན།
ཞེས་པ་འདི་རྡོ་རྗེ་སྙིང་འགྲེལ་གྱི་གཞུང་ཚིག་ཡིན་པ་ར། སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་ཕྱག་ཆེན་སྨོན་
ལམ་གྱི་འགྲེལ་པར་གསལ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*