www.dharmabook.ru tibetan OCR


706
སངས་རྒྱས་འབྲིང་། རང་སང་ས་རྒྱས། སྒྲ་བཤད་ནི། སང་ས་རྒྱས་ཀྱི་སྐད་དོད་བུད་ཅྭཱ་ནི། རྟོགས་པའམ་ཁོང་དུ་
ཆུད་
པ་ལའང་འཇུག་པས། དེ་ཁོ་ན་ཉིད་རྟོགས་པས་ན་སང་ས་རྒྱས་ཞེས་ཐ་སྙད་བཏ་གས་ལ། ཉན་ཐོས་
ལས་ཁྱད་པར་དུ་འཕགས་ཤིང་།
སངས་རྒྱས་ལས་དམན་པས་ན་འབྲིང་ངོ་།
སང་ས་རྒྱས་ཞིང་དུ་ད་མིགས་ཏེ་དབུལ་བར་བ་གྱི། མཎྜལ་གྱི་སྐབས། སང་ས་རྒྱས་ཞིང་དུ་དམིགས་ཏེ་དབུལ་
བར་བ་གྱི།
ཞེས་བརྗོད་ན། སངས་རྒྱས་ཀྱི་ཞིང་དེ་འབུལ་རྒྱུའི་རྫས་ད་ང་། སངས་རྒྱས་ཞིང་ལ་དམིགས་ཏེ་
དབུལ་བར་བགྱི། ཞེས་བརྗོད་ན། སངས་རྒྱས་ཀྱི་ཞིང་དེ་འབུལ་སའི་ཡུ་ལ་ལ་བཞག་ནས་དེ་ལ་ད་བུལ་བར་
བགྱི།
ཞེས་པའི་དོན་ཡིན་པ། འདི་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་མཁས་པ་མང་པོ་གསུང་།
སངས་རྒྱས་ཡེ་ཤེས་ཞབས། སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སང་ས་རྒྱས་ཡེ་ཤེས་ཞབས་ནི། ཨོཾོ་ཊནའི་
ཡུལ་དུ་བྱོན་ན་ནས།
ལཀླི་ཆེན་མོ་མཉེས་པར་བྱས། གཞན་ཡང་སྲུང་བའི་ཞབས་དང་འཛམ་དཔལ་བཤེས་
གཉེན་སོགས་
ལས་གསང་བ་འདུས་པའི་དབང་རྒྱུད་མན་ང་ག་དང་བཅས་པ་མནོས་ནས་བསྒོམས་པས་ཀྱང་
གྲུབ་སྟེ། བི་ཀྲ་མ་ཤི་ལ་ལ་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཛད་དེ་ཀྲི་ཡོག་སྡེ་གསུམ་དང་། ནང་རྒྱུད་
སྡེ་ལྔ་སྟེ།
འདུས་པ། སྒུ་འཕྲུལ་དྲ་བ། སང་ས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་
རྣམས་དང་། ཁྱད་པར་གསང་བ་འདུས་པའི་རྒྱུད་གཙོ་བོར་བཤད་པས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་
རྒྱས་པར་མཛད།
སྒྲུབ་ཐབས་ཀུན་བཟང་། རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་མཛད་ཅིང་འདུས་པ་ཡེ་
ཤེས་ཞབས་ལུགས་
ཞེས་སྲོལ་ཆེན་གཅིག་ཏུ་གྲགས། འཇམ་དཔལ་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་
འཇམ་དཔལ་ཞལ་ལུང་སོགས་གཞུང་བཅུ་བཞི་དང་གཞན་ཡང་གཞུང་མང་པོ་མཛད། སློབ་མ་ཤིན་ཏུ་མང་
ཡང་
གཙོ་བོར་རྒྱལ་ཆབ་ཀྱི་ས་ལ་གནས་པ་བཅོ་བརྒྱད་དང་། མཐོང་བའི་ཆོས་ལ་མ་ངན་ལས་འདས་པ་
མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅ་ན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་མཆོག་
བཞི་སོགས་བྱོན་ན་ནོ།
སཧ། ལེགས་སྦྱར སེམས་དཔའ། བཀླགཚུལ་ནི སཏོ་ཝ། ལྟ་བུར་བཀླག་གོ་ཞེས་གསུང་ངོ་། དེ་བཞིན་དུ། སྭ་བྷ་
བ་ཞེས་པ་ལ།
སོ་ཝ་བྷ་ཝ་དང་། ཨི་ཤྭ་ར་ཞེས་པ་ལ། ཨི་ཤོ་ཝ་ར་དང་། སྭ་ར་ཞེས་པ་ལ། སོ་ཝ་ར་དང་།
་ལ་ཞེས་པ་ལ། ཛོ་ཝ་ལ་ལྟ་བུར་བཀླག་གོ་གསུང་། དེས་དེ་དང་འདྲ་བ་གཞན་རྣམས་ལའང་རིགས་
འགྲའོ།


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*