www.dharmabook.ru tibetan OCR


71
སེང་གེ་བཟང་པོ། ངཏ་རི་དྷྭཏྲཌ སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་
མཐའ་ཐམས་ཅ་ད་ལ་མཁས་པ།
ཁྱད་པར་ཡུམ་ཤེར་ཕྱིན་གྱི་དོན་ལ་རིང་དུ་གོམས་པ་ཞིག་སྟེ། དེས་རང་
གི་མཁན་པོ་རྣམ་སྣང་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་
སྒྲུབ་པས། རྨི་ལམ་དུ་དགེ་སློང་གུར་
ཀུམ་གྱི་མདོག་ཅ་ན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ།
ཤར་ཕྱོགས་ཁས་པཱ་ཆིར་སོང་ཞིག་ཅེས་ལུང་བསྟན་
ཏོ།
གཉིད་སད་དེ་དེར་སོང་ནས་ཞག་གསུམ་དུ་གནས་བྱས་། རྨི་ལམ་བརྟགས་པས་ཐོ་རང་ས་རྨི་ལམ་
ན།
ཨོ་ཏནྟ་པུ་རི་བི་ཧ་རིའི་གནྡཱོ་ལའི་སྟེང་གི་ནམ་མཁའ་ལ། སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ནས་ལྷའི་
ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས། མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་གྲིས་པས་
རྗེ་བཅུན་བྱམས་པ་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ། རིང་དུ་བལྟས་པས་རྗེ་བཅུན་
ཞལ་གསེར་མདོག་ཅ་ན་སྤྱི་གཅུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་
མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ།
ཉིད་ཀྱི་བསྟན་བཅོས་ལ་དེང་སང་འགྲེལ་པ་མང་དུ་མཆིས་ན་གང་
གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅ་ད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ།
ཁྱོད་ཀྱི་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་གསུང་གི་གནང་བ་ཐོབ་བ་བོ། བསྟན་བཅོས་ཀྱང་། ཉི་ཁྲི་ལེ་བརྒྱད་
མ།
བརྒྱད་སྟོང་འགྲེལ་ཆེན། འགྲེལ་པ་དོན་གསལ། སྡུད་པའི་ད་ཀའ་འགྲེལ་རྟོགས་སླ། ཤེར་ཕྱིན་བོམ་པ་
ལ་སོགས་པ་མཛད་དོ་ཞེས་གྲག་གོ སྒྲ་བཤད་ནི། མ་སེང་གེས་བསད་ནའང་བུ་མ་ཤི་བར་བཙས་པས་
སེང་གེ་བཟང་པོ་ཞེས་བཏགས་སོ།
སེང་གེའི་སྒྲ། (1) ད་མ་པའི་ཆོས་ཀྱི་སྒྲ། སྒྲ་བཤད་ནི། དེ་སེང་གེའི་སྒྲ་དང་འདྲ་བར་ལས་འབྲས་དང་བླང་དོར་
གྱི་གནས་ལ་རྨོང་ས་པའི་
འགྲོ་བ་གླང་པོ་ཆེ་ལྷ་བུ་རྣམས་སྐྲག་པར་བྱེད་ཅི་ང་། རིགས་ཀྱི་བུ་མི་ཡི་སེང་གེ་
ཕྲུག་གུ་ལྟ་བུ་ད་ག་སྡུད་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། (2) ཚིག་གཞན་ཐམས་ཅ་ད་ཟིལ་གྱིས་གནོན་
པའི་ཚིཚིག
(8) སྲོག་ཆགས་སེང་གེའི་སྐད་གདག་དང་ས།
སེང་རས། རས་སྲབ་སྲབ། གོས་སྲབ་སྲབ། གོས་སྲབ་པོ།
སེན་མོ་གཅོད་པ། (4) སེན་མོ་གྲི་སོགས་ཀྱིས་གཅོད་པ། (2) སེན་མོ་གཅོད་བྱེད་ཀྱི་ལག་ཆ།
སེམས། (1) ཡུལ་གྱི་ངོ་བོ་དང་ཁྱད་པར་གཉིས་ལས་ངོ་བོ་གཙོ་བོར་ཡུལ་དུ་བྱེད་པའི་བློ་ལ་ཟེར།གཙོ་སེམས་དང་
དོན་གཅིག (2) སེམས་ད་ང་སེམས་བྱུང་གི་བྱེ་བྲག་མ་ཕྱེ་བའི་སེམས་སྤྱི་ཙམ་པ་ཞིག་ལའང་སེམས་ཞེས་
ཟེར་ཏེ།
ད་པེར་ན། ང་སེམས་སྐྱིད་པོ་འདུག། སེམས་སྐྱིད་པོ་མི་འདུག་ཅེས་པ་ལྟ་བུ།
(8)

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*