www.dharmabook.ru tibetan OCR


རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། ཚོགས་རྣམས་ཀྱི་
མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་
ལྟོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ཞེས་
ལན་གསུམ་བརྗོད་དོ།
གཉིས་པ་སེམས་བཟུང་བའི་ཆོ་ག་དངོས་གཞི་ནི། ཕྱོགས་བཅུ་རྣམས་ན་བཞུགས་པའི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོང་ས་སུ་གསུ་གསོལ།
སློབ་དཔོན་དགོང་ས་སུ་
གསོལ།
བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་
དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམས་པའི་རང་བཞིན་གྱི་
དབེ་བའི་རྩ་བ་བད་ག་གིས་བགྱིས་པ་དང་
བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་
བ་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་
པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་
བསྐྱེད་པར་མཛད་པ་དེ་བཞིན་དུ།
བདག་མིང་རང་གི་མིང་ནས་སྨོས འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་
བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ།
སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། མ་གྲོལ་བ་
རྣམས་གྲོལ་བར་
བགྱིའོ། དབུགས་མ་ཕྱིན་པ་རྣམས་ད་བུགས་དབྱུང་བར་བགྱིའོ། ཡོང་ས་སུ་མ་ང་ན་ལས་
མ་འདས་པ་རྣམས་མ་ང་ན་ལས་འདའ་བར་
བགྱིའོ།
ཞེས་ལན་གསུམ་བརྗོད་པར་བྱའོ། སློབ་དཔོན་མེད་ཀྱིང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ནི།
སློབ་དཔོན་དགོངས་སུ་གསོལ ཞེས་པའི་ཚིག་སུང་ས་པ་མ་གཏོགས་གཞན་རྣམས་འདྲའོ། མཇུག་གི་ཆོ་ག་ནི། སློབ་དཔོན་གྱིས་
སྨོན་སེམས་ཀྱི་བསླབ་བྱ་རྣམས་སློབ་མ་ལ་
བརྔོད་པར་བྱའོ།
སེམས་ཁོང་དུ་ཆུད། སེམས་མི་དགའ་བར་གྱུར་པའམ། མ་ང་ན་བྱེད་པའི་དོན་ཡིན།
སེམས་ངོ་། བཀའ་བརྒྱུད སེམས་ཀྱི་ངོ་བོ།
སེམས་ངོ་མཐོང་བ། བཀའ་བརྒྱུད སེམས་ངོ་མཐོང་བ། སེམས་ངོ་ཤེས་པ། སེམས་ངོ་འཕྲོད་པ། སེམས་ཀྱི་
ཆོས་ཉིད་མཐོང་བ་
རྣམས་དོན་འདྲ། སྒྲ་བཤད་ནི། སེམས་ཀྱི་ངོ་བོའམ་རང་བཞིན་ཆོས་ཉིད་སྟོང་པ་ཉིད་
མཐོང་བ
ས་དེ་སྐད་ཅེས་བྱ།
སེམས་ངོ་འཕྲོད་པ། བཀའ་བརྒྱུད སེམས་ཀྱི་ངོ་བོ་གང་གིས་མ་བསྒྲིབས་པ། རྩིག་ངོས་ཀྱི་རྡུལ་ཕྲ་རབ་ཚུན་ཆད་
ཀྱང་
འཆར་བའི་ཚོད་ལྟ་བུའི་དངས་ཤིང་གསལ་ལ། ཡུལ་གྱི་རྣམ་པ་འདི་འཆར་ལ་འདི་མི་འཆར་བྱ་རྒྱུ་
མེད་པར་སྣ་
ཚོགས་སུ་འཆར་བའི་ཧྲིག་གེ་བ། དབྱིབས་དང་ཁ་དོག་ལ་སོགས་པའི་དབྱིབས་གཟུགས་ཅ་ན་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*