www.dharmabook.ru tibetan OCR


7 1 7
ཏེ། ངར་འཛིན་པ་ནི་ཡིད་ཡིན་ན་ནོ། ཡུལ་ལ་སོ་སོར་རྣམ་རིག་པ། རྣམ་པར་ཤེས་པ་དག་ཏུ་འདོད།
ཅེས་ཀྱང་ཟེར། སྤྱིར་ན་སེམས་དང་ཡིད་དང་རྣམ་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན། (5)
[བཀའ་བརྒྱུད སེམས་ནི་ཀུན་ག་ཞིའི་རྣམ་ཤེས། ཡིད་ནི་བདུན་ཡིད། རྣམ་པར་ཤེས་པ་ནི་འཇུག་ཤེས་དྲུག་
ལ་བཞེད།
ཟབ་མོ་ནང་དོན་གྱི་འགྲེལ་པ་ན་གསལ།
སེམས་དང་སེམས་བྱུང་། ཡུལ་གྱི་ངོ་བོ་གཙོབོར་རིག་པ་སེམས། ཡུལ་གྱི་ཁྱད་པར་གཙོ་བོར་རིག་པ་ལ་སེམས་
བྱུང་ཞེས་ཟེར་ཏེ། དབུས་མཐའ་ལས།དེ་ལ་དོན་མཐོང་རྣམ་པར་ཤེས། དེ་ཡི་ཁྱད་པར་སེམས་ལས་
བྱུང་། ཞེས་གསུངས་པ་ལྟར་རོ། དཔེར་ན། བུམ་པ་ཙམ་རིག་པ་ནི་སེམས་དང་། བུམ་པ་ཆེ་ཆུང་དང་
ལེགས་ཉེས་
སོགས་དེའི་ཁྱད་པར་རིག་པ་ནི་སེམས་བྱུང་ང་ངོ་།
སེམས་གནས་པའི་ཐབས་དགུ། སེམས་འཇོག་པ། རྒྱུན་དུ་འཇོག་པ། སླན་ཏེ་འཇོག་པ། ཉེ་བར་
འཇོག་པ།
དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་འཇོག་
པ།
མཉམ་པར་འཇོག་པ།
སེམས་པ།
རང་དང་མཚུངས་པར་ལྡན་པའི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཡིད་
ཀྱི་ལས་ས་སོ།
ཞེས་རྗེའི་ལམ་རིམ་དུ་གསུངས་པ་ལྟར་རོ། དེས་སེམས་ཡུལ་ལ་གཡོ་བར་བྱེད་ཚུལ་ནི། རྡོ་
ཁབ་ལེན་ལ་ཀུན་སློང་མེད་ཀྱང་
རེག་པ་ཙམ་གྱིས་ལྕགས་ཕྱེ་གཡོ་བར་བྱེད་པ་ལྟར་སེམས་སྐྱོན་ཡོན་ལ་
སོགས་པ
འི་ཡུལ་ལ་གཡོ་བར་བྱེད་པའོ།
སེམས་པ་དང་ཡིད་ལ་བྱེད་པ་གཉིས་
ཀྱི་ཁྱད་པར། སེམས་པས་སེམས་སྤྱིར་ཡུལ་ལ་གཡོ་བར་བྱེད་པ་
ཡིན་ལ། ཡིད་ལ་བྱེད་པས་ད་མིགས་པ་བྱེ་བྲག་པ་ལ་ཡང་དང་ཡང་དུ་གཏོད་པ་ཡིན་ན་ནོ།
སེམས་ད་པའ་སུམ་བརྩེགས། ༿རང་ཉིད་ཡི་དམ་གྱི་ལྷར་གསལ་བཏབ་པའི་ཡི་དམ་གྱི་ལྷ་དེ་ལ་དམ་ཚིག་
སེམས་དཔའ།
དེའི་ཐུགས་ཀར་གསལ་བཏབ་པའི་ཡི་དམ་གྱི་ལྷ་དེ་ལ་ཡེ་ཤེས་སེམས་དཔའ། ཡེ་ཤེས་
སེམས་དཔའ་དེའི་ཐུགས་ཀར་
གསལ་བཏ་བ་པའི་ཧྲུ་ཡིག་ལ་སོགས་པའི་ཨིག་འབྲུ་ངེ་རྣམས་ལ་ཏིང་ངེ་
འཛིན་སེམས་དཔའ་
ཞེས་བྱའོ། ༿ཡང་ན་བླ་མ་ཐུབ་པའི་དབང་པོ་དམ་ཚིག་སེམས་དཔའ། དེའི་ཐུགས་
ཀའི་
རྒྱལ་བ་རྡོ་རྗེ་འཆང་ཡེ་ཤེས་སེམས་དཔའ། རྡོ་རྗེ་འཆང་གི་ཐུགས་ཀའི་ཧྲུ་ཨིག་སྔོན་པོ་ཏིང་ངེ་འཛིན་
སེམས་དཔའ་
བཅས་གསུམ་། དེ་ཡང་། ལུས་རགས་པ་མཚོན་པའི་དམ་ཚིག་སིམས་དཔའ། ཕྲ་བ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*