www.dharmabook.ru tibetan OCR


719
བརྒྱུད སྒྲ་བཤད་ནི། སེམས་ལ་རག་ལས་ཤིང་སེམས་ལས་སྐྱེས་པ་འམ། སེམས་ལས་ཐོན་ཅིང་སེམས་ལ་
བརྟེན་ནས་བྱུང་བས་སས་མ། ཡ་ང་ན་ཆུ་བོའི་རླབས་ཆུ་བོའི་རྣམ་འགྱུར་ཨིན་པ་བཞིན་དུ་སེམས་ཀྱི་རྣམ་
འགྱུར་ཡིན་པས་ན་སེམས་བྱུང་ཞེས་བྱ། ཞེས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་མཛོད་
ཀྱི་
འགྲེལ་ན་གསལ། སེམས་བྱུང་ནི་དངུ་གི་སྒྲ་དང་མེ་ལྕེ་བཞིན་འཕྲལ་འཕྲལ་དུ་འབྱུང་བས་རིགས་འདྲ་
ལས་འབྱུང་བའང་མི་དགོས་པར་གསུངས།
སེམས་བློང་བློང་པོ། ༿ རིག་པ་གསལ་སྣང་མེད་པའམ་མི་གསལ་བའི་དོན་ཏུ་མཚོ་ཊིཀ་གསུང་། མཆན་གཞི་ནི།
རྨུགས་པ་ལྟ་བུ། ༿ ཡིད་མུག་པའི་དོན་ཡིན།
སེམས་མི་རྟོག་པར་བཞག་པ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་པའི་མཐར། ད་དུང་དཔྱོད་
བཞིན་མི་སྡོད་པར། སེམས་ཞི་གནས་འབའ་ཞིག་གི་ངང་དུ་མི་གཡོ་བར་བཞག་པ་ལ་ཟེར།
སེམས་ཙམ་པ། ཕྱི་དོན་མི་འདོད་ཅིང་རང་རིག་བདེན་གྲུབ་ཏུ་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག
་དེ་
ལ་སེམས་ཙམ་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ཡོད།
སེམས་ཙམ་ནམ་བདེན་པ། ཤེས་པའི་གཟུང་རྣམ་རྫས་གྲུབ་ཏུ་འདོད་པའི་སེམས་ཙམ་པའོ། ཡང་ན། ཚུར་
མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་བག་ཆགས་
ཀྱིས་བསླད་པ་
མ་ཞུགས་པར་འདོད་པའི་སེམས་ཙམ་པའོ། དེ་ལ་ད་བྱེ་ན། གཟུང འཇིན་གྲང་ས་མཉམ་པ།
སྒོ་ང་ཕྱེད་ཆལ་བ། སྣ་ཚོགས་གཉིས་མེད་པ་དང་གསུམ་། དྲི་བཅས་རྣམ་རྫུན་དང་། དྲི་མེད་རྣམ་རྫུན་
གཉིས་སོ།
སེམས་ཙམ་ནམ་རྫུན་པ། ཤེས་པའི་གཟུང་རྣམ་སྒྲོ་བཏགས་སུ་འདོད་པའི་སེམས་ཙམ་པའོ། ཡང་ན། ཚུར་
མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་བག་ཆགས་
ཀྱིས་བསླད་པ་ཞུགས་
པར་འདོད་པའི་སེམས་ཙ་མ་པའོ།
སེམས་རྩེ་གཅིག་པ། དམིགས་པ་གཅིག་ཉིད་ལ་དམིགས་པའི་སེམས། སྒྲ་བཤད་ནི། རྩེ་ནི་དམིགས་པའི་དོན་
ཡིན་པས།
དམིགས་པ་གཅིག་ཉིད་ལ་དམིགས་པའི་སེམས་ཨིན་པས་དེ་སྐད་ཅེས་བརྗོད།
སེམས་ཚོར། ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཚོར་བ། དཔེར་ན་ཡིད་ཤེས་འཁོར་གྱི་
ཚོར་བ་ལྟ
་བུའོ། མིག་གི་རྣམ་ཤེས་ནས་ལུས་ཀྱི་རྣམ་ཤེས་སོགས་ལྔའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་
ནི་
སེམས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ཡིན་ཡང་སེམས་ཚོར་མིན་པས་ཞིབ་ཆ་ཡང་ཤེས་དགོས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*