www.dharmabook.ru tibetan OCR


721
སོ་བློན། སྔོན་དུས་སུ་ས་མཚམས་ལ་མེ་ལ་ཚེ་དང་སོ་བྱེད་པའི་བློན་པོའི་མིང་། དེ་ཡང་ཕྱིའི་དགྲ་ལ་སོ་བྱེད་པའི་
ཕྱི་
སོ་བྱ་བ་ཞིག་དང་། བོད་སྡེ་རང་གི་ནང་དུ་སོ་བྱེད་པའི་ནང་སོ་བྱ་བ་གཉིས་ཡོད་པའི་ཕྱི་མ་ནི་ད་དུང་ཡང་
གོ་གནས་ཀྱི་མིང་དུ་ཡོད་ལ། དེ་ད་ག་ལ་སོ་བློན་བྱ་བའི་ཐ་སྙད་ཀྱང་རྡོ་རིང་སོགས་ལ་གསལ་ལོ། ཞེས་
མཁས་
དབང་ད་བེ་འདུན་ཆོས་འཕེལ་གསུང་།
སོ་མ། (4) གསར་པའམ་དྲི་ནོག་མེད་པ། དཔེར་ན། གོས་སོ་མ་ཞེས་པ་ལྟ་བུ། (2) བཀའ་བརྒྱུད གདོད་མའི་
གནས་ཚུལ་
རང་མཚན་པ།
སོ་མང་། སྐྲ་ཤད། རྒྱུད་ཤད།
སོ་མང སོ་མང་དང་དོན་འདྲ། ཡིག་རྙིང་གི་རིགས་ལ་ཡངས་འཇུག་ཅན་འདི་མང་ངོ་།
སོ་མ་རང་ལུགས་སུ་བཞག བཀའ་བརྒྱུད སོ་མར་བཞག་པ་དང་འདྲ། གདོད་མའི་གནས་ཚུལ་ཅི་ཡོད་པ་དེ་ལ་
སླར་བཟོ་བཅོས་མི་བྱེད་པར་བཞག་པ།
སོ་མར་བཞག (1) བཅོས་བསླད་མེད་པར་བཞག་པ། རང་གར་བཞག། གློད་ལ་བཞག། ལྷུག་པར་བཞག། ཐ་མལ་
དུ་བཞག་
ཅེས་པ་རྣམས་སྤྱིར་དོན་འདྲ། (8) ཕྱག་ཆེན བླ་མས་ངོ་སྤྲད་པའི་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་
བོའམ་རང་བཞིན་
ཡེ་ནས་སྤྲོས་པ་དང་བྲལ་ཞིང་ངོས་བཟུང་མེད་པའི་དོན་ད་ཉིད་རང་སོར་བཞག་པ།
སོ་མར་བཞག་པ། སོ་མར་བཞག་ད་ང་དོན་འདྲ།
སཽ་རཥྚ། ལེགས་སྦྱར ཡུལ་འཁོར་བཟང་པོ་ཅ་ན་ཞེས་པ་སྟེ་ནུབ་ཕྱོགས་སུ་ཟླ་བ་ཕྱེད་དང་གསུམ་ཕྱིན་པ་སོ་ན་ཐ་
ཞེས་པ་ཕྱི་པའི་རྟེན་ཡོད་པ་ལ་བཞེད།
སོ་ཤིང་། སྔགས (4) སོ་འཁྲུད་བྱེད་ཀྱི་ཤིང་། རོ་ཅུང་ཟད་བསྐ་བ་ཕྲ་སྦོམ་མཛུབ་མོ་ཙ་མ་པ་ལ། རིང་ཚད་མཐོ་
གང་ཙམ་པའི་
སོ་འཁྲུད་བྱེད་ཀྱི་ཤིང་བུ་ཞིག། དེང་སང་ཡང་རྒྱ་གར་གྱི་གྲོང་གསེབ་འགའ་ཞིག་དུ་བེད་སྤྱོད་
བྱེད།
(2) དབང་བསྐུར་སྐབས་དངོས་གྲུབ་གང་འགྲུབ་རྟོག་བྱེད་ཀྱི་ཤིང་བུ་སོར་བཅུ་གཉིས་པ་ཞིག་སྟེ། རྒྱུ་
ནི་འབྱོར་ན་
ཤིང་ཨ་ཤྭད་ཐ་དང་། མ་འབྱོར་ཡང་ཤིང་འོ་མ་ཅན་ཧ་ཅང་སྦོམ་པ་དང་ཕྲ་བ་མིན་པ། དྲང་
ཞིང་སྲོག་ཆགས་མེད་པ།
མ་གས་པ་མགོ་མཇུག་མཉམ་ཉམ་པ་དྲི་བཟང་གི་ཆུས་བཀྲུས་པ། བདུག་པས་
བདུགས་པ།
སོར་བཅུ་གཉིས་པ་རྩཻ་མོར་མེ་ཏོག་བཅིངས་པའི་ཤིང་བུའོ། སྔགས་རིམ་ལ་གཞི་བྱས།
སོ་ཤིང་དོར་བ། འདུལ་བ (4)ཁའི་དྲི་མ་སྦྱངས་ནས་སོ་ཤིང་གི་དུམ་བུ་དབེན་པར་དོར་བའོ། གསང་སྔགས

(2) དབང་གི་སྐབས་དངོས་གྲུབ་གང་འགྲུབ་བརྟག་པའི་ཕྱིར་དཀྱིལ་འཁོར་དུ་སོ་ཤིང་དོར་བའོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*