www.dharmabook.ru tibetan OCR


725
པའམ། མཁྲེགས་པོ་ཆགས་པའི་དོན་ཡིན་ཏེ། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། ས་འཐས་པ་ཡང་
མཁྲང་བར་གྱུར་
པ་སྟེ། འཇིམ་པའི་གོང་བུ་འཐས་པར་གྱུར་པའོ། ཞེས་གསུངས།
སྲང་ཁྱིམ། སྟོན་གྱི་དུས། སྒྲ་བཤད་ནི། སྲང་ངམ་ཉ་ག་ལ་ཛ་མར་འདེགས་པའི་དུས་ཡིན་པས་དེ་སྐད་བཟོད།
སྲད་བུ། སྐུད་པའི་མིང་། འདི་སྐུད་པའི་མིང་དུ་གྲགས་ཆེ་ཡང་། ཐག་པ་ལའང་འཇུག་སྟ། མཚོ་བྱིཀ་ལས། སྲད་
བུ་བྲེས་པ་ལ་སྦུ་གུ་བཅུག་ནས་དེ་ལ་འཇུས་
ཞེས་ཊི་ཀ་ལས་བཤད་དོ་ཞེས་གསུང་ས་པ་ལྟར་རོ།
སྲིང་མོ་གསོད། ཟོས་ན་ཆགས་པས་མོས་ནས་འཆི་ཞེས་གྲགས་པའི་སྔོ་རིགས་ཤིག། སིབ་ལའི་ཡུལ་སོགས་སུ་སྐྱེ།
སྔོ་དེ་མུ་སྟེགས་ཀྱི་མན་ངག་རྣམས་ན་གྲགས་ཆེ། ཅུང་ཟད་ཟོས་པ་དང་མིད་པ་ཚ་ཟིར་རེ་ཞིག་ལས་གཞན་
ཅི་ཡང་
འོང་རྒྱུ་མི་འདུག་ཅེས་རྒྱལ་རབས་དེབ་ཐེར་དཀར་པོ་ན་གསལ།
སྲིད་པ་འཁོར་ལོའི་ད་པེ་རིས་ཀྱི་འགྲེལ་བཤད་། སྟོན་པས་རབ་ཏུ་བྱུང་བ་རྣམས་འཁོར་བ་ལ་སྐྱོ་ཤས་བསྐྱེད་
པའི་ཕྱིར་
གཅུག་ལག་ཁང་བི་སྒོ་ཁང་དུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་བྲི་བར་གསུང་ས་ཤིང་། ཆ་ལྔ་ནི། ལྷ།
མི། དམལ་བ། ཡི་དགས། དུད་འགྲོ་དང་ལྔའོ། སྲིད་པ་འཁོར་ལོའི་དཔེ་རིས་འདི་ཉིད་དང་པོར་རྒྱ་གར་
གྱི་རྒྱལ་པོ་
གཟུགས་ཅ་ན་སྙིང་པོས་སྟོན་པའི་བཀའ་བཞིན་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ན་ལ་སྐྱེས་ལན་འབུལ་
བྱེད་དུ་
བྲིས་ཤིང་བཟོ་རིག་པའི་དང་པོ་ཡིན། རྒྱལ་པོས་ཡན་ལག་བཅུ་གཉིས་ཀྱི་ཚུལ་ལ་བསམས་ཤིང་
ཉམ་པར་བཞག་སྟེ་འཕགས་པའི་གོ་འཕང་ཐོབ་པའི་ལོ་རྒྱུས་ཡོད་ཅིང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་
ནས་འཁོར་
བར་འཇུག་ལྡོག་པི་ཚུལ་ལ་སེམས་པ་འདི་འཁོར་བ་ལ་སྐྱོ་ཤས་སྐྱེ་བའི་ཐབས་རྨད་དུ་བྱུང་བ་
ཞིག་
ཏུ་གསུངས་ཤིང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡང་འདིའི་ནང་དུ་ཆང་སྟེ། ང་ན་འགྲོའི་ཡན་
ལག་བཅུ་གཉིས་ཀྱི་
འཇུག་ལྡོག་སེམས་པ་ནི་སྐྱེས་བུ་ཆུང་ངུའི་སྐོར་དང་། བདེ་འགྲོའི་ཡན་ལག་བཅུ་གཉིས་
ཀྱི་འཇུག་ལྡོག་སེམས་པ་ནི་སྐྱེས་བུ་འབྲིང་གི་སྐོར། རང་གི་ཉམས་ལ་དཔགས་ནས་མར་གྱུར་པའི་སེམས་
ཅན་རྣམས་ཀྱང་ཡན་ལག་བཅུ་གཉིས་
ཀྱི་བོ་ནས་འཁོར་བར་འཁྱམས་པ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་དེ།
དེ་རྣམས་ཀྱི་དོན་དུ་སང་ས་རྒྱས་ལ་ཐོབ་འདོད་སྦྱོང་བ་དང་དེའི་ལམ་ལ་སློབ་པ་ནི་སྐྱེས་བུ་ཆེན་པོའི་སྐོར་དུ་
འཆད་ད་དོ།
དཔེ་རིས་ཀྱི་མཚོན་དོན་དངོས་འཆད་པ་ལ» དཔེ་རིས་འདིའི་དབུས་སུ་བྱ་ ཕུག་རོན ཕག་བྲུལ་
གསུམ་གྲིས་པ་ནི། བྱའི་རིགས་འདོད་ཆགས་ཤས་ཆེ་བ་ད་ང་། བྲུལ་གྱི་རིགས་ལ་ཞེ་སྡང་ཤས་ཆེ་བ། ཕག་
གི་རིག
ས་ལ་གཏི་མུག་ཤས་ཆེ་བས་དེ་གསུམ་གྱིས་རང་རེས་རྣམས་འཁོར་བར་འཁོར་བྱེད་ཀྱི་གཞིའམ་ཙ་
བ་
འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་མཚོན་པ་ཡིན། བྱ་བྲུལ་གཉིས་ཕག་པའི་ཁ་ནས་ཐོན་པ་ར་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*