www.dharmabook.ru tibetan OCR


729
སྲིད་པ་ཐ་མ་པ། ཐར་པ་ཐོབ་པ་ལ་སླར་ཡང་སྲིད་པར་སྐྱེ་བ་བླང་མི་དགོས་པར་ཆེ་དེ་ཉིད་ལ་ཐར་པ་ཐོབ་པར་
ངེས་པའི་
གང་ཟག་ལ་ཟེར།
སྲིད་པའི་སྒོ། (1)ཁུ་བའི་ལམ། (2)ཁ། དཔེར་ན། རྣམ་ཤེས་སྲིད་པའི་སྒོ་ནས་འཔོས། ཞེས་པ་རྣམ་ཤེས་ཁུ་
བའི་ལམ་མམ།
ཡང་ན་ཁ་ནས་འཕོས་ཞེས་པའི་དོན།
སྲིད་པའི་ཆུ་བོ། སྲིད་པའི་ཟག་པ་དང་འདྲ།
སྲིད་པའི་ཟག་པ། ཁམས་གོང་གི་ཉོན་མོང་ས།
སྲིན་པོ། «རཀྴ་ས» མི་ཤ་ཟ་ཞིང་ཁྲོ་གཏུམ་ཆེ་བའི་མིའི་རིགས་རྒྱུད་ཅིག། བོད་རྒྱ་ཚིག་མཛོད་ཆེན་མོར། གདུག་
འདྲེ་སྤྱི
འི་མིང་ཞེས་གསུངས་འདུག་ཀྱང་། གདུག་འདྲེ་ནི་ཤ་ཟ་འབྱུང་པོའི་རིགས་དང་། སྲིན་པོ་ནི་མིའི་
རིགས་ཡིན་
པས་ཁྱད་པར་ཆའོ། གཞན་ཡང་གདུག་འདྲེའམ་འབྱུང་པོ་ལ་ལེགས་སྦྱར་དུ་བྷཱུ་ཏཟེར་བས་
དཔྱད་དོ།
རྒྱ་གར་ཡུལ་སྐད་དུའང་རཀྴསདང་བྷཱུཏ་ ཟེར་བ་ཁོ་བོས་བཤད་པ་ད་ང་མཐུན་པ་ཞིག་ལ་
ངོས་འཛིན་བྱེད།
སྲིན་བལ་གྱི་སྤང་པ། སྤང་ལྟུང་སུམ་ཅུའི་བཅུ་གཅིག་པ་ནི། སྲིན་བལ་གྱི་སྟན་བྱེད་དེ་ཟིན་པ་ན་སྲིན་བལ་གྱི་སྤང་
པའོ།
སྲིན་བུས་ཕྱག་འཚལ། སྲོག་ཆགས་འབུ་སྲིན་ཞིག་མདུན་གྱི་ས་འོག་ནས་ཀེར་ཏེ་ཐོན་ནས་སངས་རྒྱས་ལ་ཕྱག་
འཚལ་ལོ་
ཟེར་བ་ནི་མི་སྲིད་པ་དང་། ཅི་སྟེ་དེ་ལྟར་བྱུང་ན་ཤིན་ཏུ་ངོ་མཆར་བའི་གནས་ཡིན་པ་བཞིན་དུ།
དལ་འབྱོར་གྱི་རྟེན་རྙེད་ནས་ད་མ་པའི་ཆོས་དང་མཇལ་བ་ཡང་མི་སྲིད་པ་ལྟ་བུ་ཡིན་པས། ངོ་མཆར་དུ་
བརྩིས་ནས་
ཆུད་ཟོས་སུ་མི་གཏོང་བར་སྙིང་པོ་ལེན་དགོས་པའི་དཔའོ།
སྲིལ། བལ་གོས་སོགས་ཟ་བའི་སྲིན་བུ་ཞིག
སྲུང་མདུད།
གནོད་པ་སྲུང་བྱེད་ཀྱི་སྐུད་པ་དམར་པོསུམ་མདུད་ཅན་ཞིག། དེ་དཔུང་པ་གཡས་གཡོན་གང་དུ་
འདོགས་
ཀྱང་ཁྱད་པར་མེད། དེ་ཡང་སྐུད་པ་ལུས་ཆད་ཅ་ན་སུམ་ལྟབས་སུ་བྱས་པ་ནི། རྩ་རོ་རྐྱང་དབུ་མ་
གསུམ་
མཚོན་པའི་ཆེད་དང་། སུམ་མདུད་དུ་བྱས་པ་ནི། རྡོ་རྗེ་གསུམ་སྟེ་རྒྱལ་བའི་སྐུ་གསུང་ཐུགས་གསུམ་
མཚོན་པར་
རྗེའི་སྔགས་རིམ་ཆེན་མོ་དང་། ད་བང་དོན་དེ་ཉིད་རབ་གསལ་སོགས་སུ་གསུང་ས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*