www.dharmabook.ru tibetan OCR


739
ཤེས་བདུད་རྩི་མང་ས་པ་ཡིས། ངག་གནས་རླུང་གིས་སྔགས་སུ་འཆར་བར་ཤོག། ཅེས་གསུངས་པ་ལྟར་
རོ།
༿ བཀའ་བརྒྱུད གསང་དབང་ནི། བླ་མ་ཡབ་ཡུམ་གྱི་བྱང་སེམས་མང་ས་པ་ལས་བྱུང་བའི་བདེ་སྟོང་
གི་
ཏིང་ངེ་འཛིན་ལ་ཟེར། སྒྲ་བཤད་ནི། ཡབ་ཡུམ་གྱི་བྱང་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་
ཡིན་པས་དེ་སྐ
ད་ཅེས་བྱའོ། བྱེད་ལས་ནི། གཙོ་བོར»་ངག་གི་དྲི་མ་འཁྲུད་ཅིང་ང་ག་དག་པར་བྱས་ནས་
གསུང་རྡོ་
རྗེའི་ལོངས་སྐུ་འགྲུབ་པའི་ནུས་པ་འཇོག་པའོ།
གསང་བའི་མཎྜལ། དབང་གསུམ་པའི་རྟོགས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཧྲུ་ཡིག་པི་རྣམ་པར་སྤྲོས་པ་
ཡོང་ས་
སུ་གྱུར་པ་ལས་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་སོགས་ཀྱི་རྣམ་པར་བསྒུར་ནས་དབུལ་བ་
ཟེར།
རྒྱལ་མཆོག་བདུན་པ་ཆེན་པོས། ཐབས་མཆོག་བདེ་ཆེན་རྡོ་རྗེའི་རོལ་རྩེད་ཀྱིས། སྟོང་ཕྱོགས་ཤེས་རབ་པདྨར་རོལ་པ་
ལས།
ཟག་མེད་ལྷན་སྐྱེས་དགའ་བའི་རང་པཞིན་གྱི། སྣོད་བཅུད་དཀྱིལ་འཁོར་བཀོད་པས་མཉེས་གྱུར་ཅིག ཅེས་གསུངས་པ་
ལྟར་།
གཞན་ཡ་ང་། ཀུན་གཟིགས་ལྔ་པ་ཆེན་པོས། རྡོ་རྗེའི་ལུས་ཀྱི་གསེར་ལྡན་སྟོ་བ་ན། མཉམ་སྦྱོར་རྡོ་རྔེ་པདྨའི་ལྷུན་པོ་
མཆོག
བཙུ་དྲུག་ད་གའ་བའི་རི་མ་ཚོ་གླིང་བཞིས་བསྐོར། དབུ་མ་བཅུ་གཉིས་ཁྱིམ་གྱི་རྒྱུ་ལམ་དུ། རོ་རྐྱང་ལུང་གི་ཉི་ཟླའི་དཀྱིལ་
འཁོར་འཁོར་འཆར།
སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། ཟུང་འཇུག་བུམ་བཟང་ཡོངས་འདུ་ས་བརྟོལ་སོགས། དཀྱིལ་འཁོར་
མགོན་པོ་དཔལ་ལྡན་བླ་མར་འབུལ།
ཞེས་པ་ལྐར་།
གསང་ཚིག དུག་སོགས་སེལ་བའི་མན་ངག་སྐྱེས་བུ་ཆེན་པོས་བཤད་པའི་རིག་བྱེད་དང་གསང་སྔགས། འདུལ་བ་
གཞིའི་རྒྱ་ཆེར་
བཤད་པ་ལ་གཞི་བྱས།
གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྒྱ་ཆེ་བ་དང་ལྷུན་གྱིས་གྲུབ་པ་དང་
རྒྱུད་མི་འཆད་པའི་དོན། སྒྲ་བཤད་ནི། དེ་རྣམས་འཕྲིན་ལས་རྒྱ་ཆེ་བས་ན་མི་ཟད་པ། རང་གཞན་གྱི་དོན་
གཉིས་ལྷུན་གྱིས་གྲུབ་
པས་ན་རྒྱན། འཕྲིན་ལས་རྒྱུན་མི་འཆད་པས་ན་འཁོར་ལོའོ། དའུལ་ཆུ་ཅྭཱརྨ་བྷ་དྲའི་
གསུང་
ལ་གཞི་བྱས་ཏེ་བཀོད། ཡང་རྗེ་གུང་ཐང་པའི་རྗེའི་བསྟོད་འགྲེལ་ལས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་
གཞན་གྱི་བློ་ལས་འདས་པས་ན་གསང་བ་དང་། འཇིག་རྟེན་མཐའ་དག་གི་དོན་དུ་གྱུར་པས་ན་རྒྱན། གཅིག་
ནས་གཅིག་ཏུ་བརྒྱུད་དེ་འཁོར་
བ་མ་སྟོངས་བར་དུ་འཇུག་པས་འཁོར་ལོ་སྟེ། ཞེས་གསུངས།
གསལ་ལ་མ་གསལ། ཅུད་ཟད་གསལ་ཡང་ཕལ་ཆེར་མི་གསལ་བ།
གསལ་གསལ་བ། གསལ་བ་དག་པས་ཀྱང་ཆེས་དྲི་མ་མེད་ཅིང་གསལ་བ། སློབ་དཔོན་དགེ་ལེགས་བཤེས་གཉེན་
གསུང་།
གསལ་གསལ་པོ། གསལ་གསལ་བ་དང་འདྲ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*