www.dharmabook.ru tibetan OCR


767
ལྷན་ལྷན་སྡོད་པ། མི་གཡོ་བར་སྡོད་པ། ལམ་རིམ་ཆེན་མོ་ལས། དེས་ན་སེམས་དམིགས་པ་ལས་མི་གཡེང་བར་
གར་བཞག་ཏུ་ལྷན་ལྷན་སྡོད་པ་ནི་ཞི་གནས་ཀྱི་ལག་རྗེས་ཡིན་ལ།
ཞེས་གསུང་ས་པ་ལྟ་བུ།
ལྷའི་ཁ། (4) ལྷའི་ཞལགྱི་སྒོ། (2) མེ། སྦྱིན་སྲེག་གི་མེ། ལྷ་ལ་ཕུལ་བའི་བསྲེག་རྫས་རྣམས་ཟ་བའི་སྒོ་ཡིན་པས་
ལྷའི་
ཁ་ཞེས་པའི་ཐ་སྙད་བཏགས་ལ། མེ་དེ་ཉིད་མེ་ལྷའི་ངོ་བོར་བསྐྱེད་དགོས་པའི་ཕྱི མེ་ནི་ལྷ་རྣམས་ཀྱི་
ཞལ་ཡིན་
པར་གསུངས། (8) མེ་ལྷ།
ལྷའི་དེ་ཁོ་ན་ཉིད། བྱ་རྒྱུད་ཀྱི་བསྙེན་པའི་དེ་ཉིད་བཞིའི་ཡ་གྱལ་ཏེ། རང་ལྷར་གསལ་བའི་སྐུ་ལ་རྩེ་གཅིག་ཏུ་
མཉམ་པར་བཞག་པའི་
གཟུགས་སྐུ་ལམ་བྱེད།
ལྷའི་རྣལ་འབྱོར། ལྷ་ཡི་རྣལ་འབྱོར་དང་འདྲ་། ལྷ་ཡི་རྣལ་འབྱོར་ལ་གཟིགས།
ལྷའི་ཕོ་ཉ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་མིང་། རྒྱ་ཆེར་འགྲེལ་ལས། ལྷའི་ཕོ་ཉ་ཞེས་བྱ་བ་ནི། སེམས་ཅུ་ན་སྐྱེ་བ་
དང་རྒ་བ་དང་འཆི་བ་ལ་སོགས་
པ་སྟེ། དེ་དག་བིས་སྐྱོ་བ་བསྐྱེད་དེ་དབེ་བ་ལ་བརྩོན་པར་བྱ་བའི་ཕྱིར་རོ་
ཞེས་སོ།
ཞེས་མཚོ་ཊིཀ་ལས་གསུངས།
ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་། རི་རབ་ཀྱི་རྩེ་མོའི་དབུས་ན། གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ཡོད། དེའི་
དབུས་ན་ལྷའི་དབང་པོ་བརྒྱ་
པྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ཡོད།
ལྷའི་དབང་པོས་ཞུས་པ། དཔལ་གསང་བ་འདུས་པའི་བཤད་རྒྱུད་ཀྱི་གྲས་ཤིག། འོན་ཀྱང་འདི་བོད་དུ་མ་འགྱུར་
ཞེས་རྗེ་ཙོང་ཁ་པ་ཆེན་པོ་གསུང་།
ལྷའི་དམན་མ། ཡོན་ཆབ་ཀྱི་ཆུ་རྙིང་པ་དང་། མཆོད་མེའི་སྡོང་རོ། མཆོད་པ་དང་གཏོར་མ་རྙིང་པ་སོགས།
ལྷའི་མཚན་མ་དང་ད་མན་ ལྷའི་མཆན་མ་ནི། རིན་པོ་ཆེ་དང་རལ་གྲི་སོགྲི་ས། ལྷའི་དམན་མ་ན་མ་ནི། ཡོན་ཆབ་
ཀྱི་
ཆུ་རྙིང་པ་དང་། མཆོད་མེའི་སྡོང་རོ། མཆོད་པ་དང་གཏོར་མ་རྙིང་པ་སོགས།
ལྷའི་ཞལ། ལྷའི་ཁ་དང་དོན་འདྲ།
ལྷའི་རིན་པོ་ཆེ་ལྔ། ཨིནྡྲ་ནཱི་ལ། ཨིནྡྲ་གོ་བ། མཐོན་ཀ། མཐོན་ཀ་ཆེན་པོ། བཀོད་མཛེས་དང་ལའོ། རྒྱལ་རབས་
གསལ་བའི་མེ་ལོང་
ན་གསལ།
ལྷས་བྱིན་གྱི་བརྟུལ་ཞུགས་ལྔ་། ལྷས་བྱིན་གྱི་བསླབ་ཚིགས་ལྔ་དང་འདྲ།


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*