www.dharmabook.ru tibetan OCR


769
ལྷུང་ལྷུང་། འབབ་ཆུའི་སྒྲ་ཞིག། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། དབུ་བའི་ཕྲེང་བ་མུ་ཏིག་གི་དོ་ཤལ་ལྟར་
མཛེས་པའི་འབབ་ཆུ་དུ་མ་ནི་ལྷུང་ལྷུང་གི་སྒྲ་
སྒྲོག། ཞེས་དང་། རྗེ་གུང་ཐང་པས། གཟུར་གནས་རིག་པར་
ལྡན་པ་དེས། གཞན་གྱི་ཡོན་ཏན་ལེན་པར་བྱེད། སྤང་ལྗོངས་གཙ་ང་མའི་ད་ལ་འགྲོ་མ། ལྷུང་ལྷུང་ཟེར་
ཞིང་
མེ་ཏོག་འཐུ། ཞེས་གསུངས་པ་ལྟར་རོ།
ཨ། (4) ཀ་མད་སུམ་ཅུའི་ཐ་མ། (2) ལེགས་སྦྱར་གྱི་ཨ་ཐུང་། (8) ལེགས་སྦྱར་གྱི་ད་གག་ཚིག། སྟོང་ཉིད་བདུན་ཅུ་
པའི་རྣམ་བཤད་
ལས་ཨ་དང་། མ་དང་། ན་དང་། ནཱ་དག་ད་གག་ཚིག་ཏུ་གསུངས། (4) སྟོང་ཉིད་སྟོན་
པའི་སྒྲ།
ཨ་ཆུ། གྲང་དཔྱལ་བརྒྱད་ཀྱི་བཞི་པ། གྲང་བའི་སྡུག་བསྔལ་གྱིས་ཨ་ཆུ་ཞེས་སྨྲེ་སྔགས་རྒྱུན་མི་ཆད་དུ་འདོན་པ།
ཨ་ཏི་ཤ། ཕུལ་དུ་བྱུང་བ། ལོ་རྒྱུས་རྔོ་བོ་རྔེ་དཔལ་ལྡན་ཨ་ཏི་ཤ་ལ་གཟིགས།
ཨ་ཐུང་། (1)ད་བུ་ཆེན་གྱི་ཤད་གྱེན་དུ་འགྲེང་བའི་རྣམ་པ་འདྲ་བ་ཞིག། ཁམས་དམར་ཆའི་དངས་མ་མཚོན་བྱེད་
ད་དང་།
ཡང་སྲོག་འཛིན་གྱི་རླུང་ཕྲ་མོ་མཚོན་བྱེད་ཀྱང་ཡིན། (2) ལེགས་སྦྱར་གྱི་དབྱང་ས་ཡིག་བཅུ་དྲུག་པི་
དང་པོ་སྟེ།
ཤད་མེད་པའི་ཨ་ཡིག་རྐྱང་པ་དའོ། བོད་ཨིག་གི་གཟུགས་སུ་བྱས་ན། འ་ཆུང་བཏགས་
པའི་ཨ་ལ་
ཨ་རིང་པོ་དང་། འ་ཆུང་མེད་པའི་ཨ་ལ་ཨ་ཐུང་ཟེ རིང་ཐུང་ནི་སྐད་གདང་ས་རིང་ཐུང་གི་
ཁྱད་པར་ར་རོ།

ཨ་ཐུང་ཤད་ཀྱི་རྣམ་པ་ཅན། ཨ་ཐུང་ཡང་ཟེར། དེ་ལ་དབྱེ་ན། ལྟེ་བའི་མི་ཤིགས་པའི་ཨ་ཐུང་ནི། གཏུམ་མོའི་
རྟེན་དང་།
ཁམས་དམར་ཆའི་དུངས་མ་མཚོན་བྱེད། དབྱིབས་ནི་དབུ་ཆེན་གྱི་ཤད་གྱེན་དུ་འགྲེང་བའི་
རྣམ་པ་
འདྲ་བ་ཞིག་ཡོད། སྙིང་གའི་མི་ཤིགས་པའི་ཨ་ཐུང་ནི། ཤིན་ཏུ་ཕྲ་བའི་སྲོག་འཛིན་གྱི་རླུང་མཚོན་
བྱེད་ཡིན་ཞིང་།
འཇམ་དཔལ་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་པའི་ཨ་དེ་ཡང་།
སྙིང་གའི་མི་ཤིགས་པའི་སྲོག་འཛིན་གྱི་རླུང་ཕྲ་མོ་མཚོད་བྱེད་ཀྱི་ཨ་ཐུང་དེ་ལ་ཟེར་བ་ཡིན། ཞིབ་པར་རྗེའི་
རིམ་
ལྔ་གསལ་སྒྲོན་སོགས་སུ་གཟིགས།
ཨཱ་དཤ། ལེགས་སྦྱརམེ་ལོང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*