www.dharmabook.ru tibetan OCR


782
ལྡུམས་བཅ་ད་ནས་འདོན་དགོས་པར། དཔེར་ན། ཨཿ དང་། ཕཊཿ ལྟ་བུའོ། (2)མཚམས་མ་ནོར་བར་
འཛིན་བྱེད་ཀྱི་རྟགས་ཤིག མཚོན་རྟགས་འདི་རྗེ་ཙོང་ཁ་པ་ཆེན་པོའི་འགྲེལ་པ་བཞི་སྦྲགས་ན་མང་དུ་སྣང་།
གཏེར་ཆག། ཆོས་དེ་གཏེར་ཆོས་ཡིན་པ་གོ་བྱེད་ཀྱི་བརྡ་མཚོན་ཞིག
བསྔོ་
བ་དང་མཇུག་བྱང་།
གངས་ཅ་ན་པ་ལ་མ་ལྟར་བརྩེ་བའི་མགོན། འཕགས་མཆོག་འཇིག་རྟེན དབང་ཕྱུག་མི་ཡི་ཟོལ།
ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་མཆོག སྐུ་ཆེ་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག།
རྟག་ཏུ་དྲིན་གྱིས་བསྐྱངས་ཤིང་ཕན་ལན་ལ། སྐད་ཅིག་ཙམ་ཡང་མི་རེ་གཞན་དོན་དུ།
རྟག་ཏུ་གཞོལ་བའི་དགེ་བའི་བཤེས་རྣམས་ཀྱི། ཐུགས་ཀྱི་བཞེད་པ་ཇི་བཞིན་འགྲབ་གྱུར་ཅིག།
བྱམས་བརྩེས་བསྐྱངས་པའི་དྲིན་ཆེན་ཕ་མ་དང་། ལོ་མང་འཚོ་བ་སྦྱར་བའི་སྦྱིན་བདག་རྣམས།
དལ་འབྱོར་རྟེན་ཐོབ་རྒྱལ་བའི་བསྟན་པ་ལ། ཞུགས་ནས་ཆོས་ཀྱི་ད་གའ་སྟོན་མོང་བར་ཤོག།
ལོག་འཚོའི་གཟིག་ལྤགས་གྱོན་པའི་དགེ་བྱོང་གི། ངང་ཚུལ་བྲལ་ཏེ་གྲོགས་མིད་ལུས་པ་ན།
བརྩེ་བས་བསྐྱང་ས་ཤིང་འདོད་གུའི་དཔལ་གྱིས་བསུས། གསང་ཡུམ་མཆོག་འདིའི་བཀའ་དྲིན་སྙིང་ལ་ལྕི།
རྒྱལ་བའི་བསྟན་ལ་ལོ་ནི་བཅུ་ཕྲག་གསུམ། ལྷག་ཙམ་ཐོས་བརྩོན་བགྱིས་པའི་ལེགས་བྱས་ཀུན།
ཆུད་མི་ཟ་བར་བསྟན་དང་འགྲོ་བ་ལ། ཕན་པའི་དངོས་པོར་གྱུར་ལ་ཤིན་ཏུ་རངས།
ནམ་ཞིག་གཤིན་རྗེའི་པོ་ཉས་ཟིན་པ་ལས། ལུས་ནི་རྗེས་མེད་ས་འོག་སོང་ན་ཡང་།
ཐོས་པས་བསགས་པའི་གཅེས་ནོར་དེབ་ཆུང་འདིས། བསྐལ་པའི་བར་དུ་གཞན་དོན་བྱེད་པར་ཤོག།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*