www.dharmabook.ru tibetan OCR


དཔར་སྐྲུན་མཐན་འགྱུར།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་
མཁྱེན་ཅིང་གཟིགས་པ་ཆེན་པོ་
མཆོག་ཕྱི་ལོ་ ཡས་མས་ཤིག་ལ་རྒྱ་གར་ལྷོ་ཕྱོགས་རེ་ས་ཐེག་ཆེན་གླིང་དུ་
ཉིན་བཅུ་གཉིས་ཙ་མ་རིང་རྩོད་རྒྱུགས་ཉིན་འཁྱོང་གཟིགས་ཞིབ་གནང་བ་ནས་བཟུང་། བོང་བ་གསེར་གཟིགས་ཀྱིས་
ལན་གཉིས་ཆེད་འབུག་གིས་དམིགས་བསལ་མཇལ་ཁ་དང་། ལེགས་སྐྱེས་སོགས་གསོལ་རས་བཀའ་དྲིན་ཆེ་བྱུང་བ
ནས། ཉེ་ཆར་ཕྱི་ལོ་ ལོར་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་རུ་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་སྐབས་
ཚིག་མཛོད་ཀྱི་ད་པར་ཕུད་སྤྱན་བསྟར་ཞུ་རྒྱུའི་སྐལ་བཟང་ཐོབ་ཅིང་། སྐབས་དེར་མགོན་པོ་གང་ཉིད་མཛད་བྲེལ་ཤིན་
ངུ་ཆེ་ནའང་ཆིབས་ཞལ་བསྒུར་ཉིན་རང་ལ་གཟིམ་ཆུང་མཇལ་ཁའི་དུས་སྐབས་གནང་ཞིང་ཐུགས་དགྱེས་དགྱེས་
ཚཛད་དེ་ཚིག་མཛོད་འདི་བཞིན་ལེགས་པོ་བྱུང་ཡོད་སྐོར་གྱིས་གཟེངས་བསྟོད་ལེགས་སྐྱེས་དང་། ངེད་ནི་སྡོད་ས་ཕྱི་
རྒྱལ་དུ་
ཡོད་ཀྱང་འཁོས་སྦྱོར་ཞན་པར་བྱམས་གཟིགས་ཆེན་པོས་དཔར་འགྲེམས་མཐུན་འགྱུར་ཨསྒོར་གསུམ་སྟོང་
གསོལ་རས་བསྩལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ཕྲན་གྱི་སློབ་བུ་སྒོམ་སྡེ་ལྷ་རམས་པ་དགེ་བཤེས་མཁྱེན་རབ་རྒྱལ་མཚན་ནས་ཧིན་སྒོར་བདུན་སྟོང་དང་། སློབ་བུ་མ་
ཡེ་
ཀལ་བློ་བཟང་ཡེ་ཤེས་ནས་ཨ་སྒོར་ལྔ་བརྒྱ། བཀའ་བརྒྱུད་པའི་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་ཞལ་སློབ་ཕྲནི་གྱི་
མཚེད་གྲོགས་བླ་མ་པདྨ་ཆེ་དབང་ལགས་ནས་ཨ་སྒོར་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བཅས་དཔར་ཀྲུན་མཐུན་འགྱུར་གནང་
མཁན་ཐམས་ཅ་ད་ལ་ཐུགས་རྗེ་ཆེ་ཞུ།
དཔར་སྒྲུན་ཞལ་འདེབས་བྱུང་ཁོངས་ནས་ཐོག་མའི་འཆར་གཞིར་ཤེས་རིག་དཔར་ཁང་ལ་དཔར་སྐྲུན་མཐུན་འགྱུར་
འབུལ་རྒྱུའི་འཆར་གཞི་མེད་རུང་། འོན་ཀྱང་བོད་གཞུང་ཤེས་རིག་དཔར་ཁང་འདི་བཞིན་གྲྭ་བཅུན་སོགས་དབུལ་
ཕོངས་
འཁོས་ཀ་ཞན་རིགས་ལ་ཕན་ཐོགས་དང་བཀའ་དྲིན་ཧ་ཅང་ཆེ་བ་ཞིག་ཡིན་སྟབས་དེའི་དྲིན་གསོབ་ཀྱི་ཚུལ་དུ་
ཧིན་སྒོར་ལྔ་ཁྲི་ཐམ་པ་ཞིག་ཆ་ཀྱེན་དུ་འབུལ་རྒྱུའི་གོ་སྐབས་སོན་པར་དགའ་སྤྲོའི་ཚོར་བ་མཆོག་ཏུ་བརྟས། འཕྲོས་
ལུས་
རྣམས་སེ་རའི་རང་ཤག་གི་དགོ་ཕྲུག་རྣམས་ལ་དཔར་སྐྲུན་མཐུན་རྐྱེན་དུ་གཙང་འབུལ་ཞུས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*