{00000001.tif};



ཚཁཚཚཨཽམཚཚཚཚཚཚཚ ཚཛོཋཱ ཋཱ ཚཛོཁཛོ --- ཚཚཚ

(8)(4)(9)(3)(4)སྒྱུ སྒྱུ --- ཟླ (9)ཋཱ
---(4) 8ཁ(9)སྣུ རྗ
སྦྱ
(4) 8---
ཡུ༔ ཆོ སྟོ(3)(9)ཟླ རྗསྟོ(4) (4)རྗཡུནྡྷུཡུ སཡུ(4) 8» (3)ཡུ༔ཆོབཅཾ
ཡུ88གཾཆོ ཁ(4)(9)8 ཡི (4)སྒསྒྱུ(9)(8) (4)80 ཇིཾ (8) 8 སཾ8སྣཨོ
སྣ རྦ སྟོཡུ ཡུསྟོསྦྱགུ(7)ཟླ༴(4) 8 ཡུ སྣནྟ༔ སྣ
ལྷརོ
ཡཽ8 ཨོཀི (9)888(9)8 8 8 སྣ 8སྟོ 8ཡུམམྱ
ཡུ རྒྱཟླ༔ གུ༔ གུ སྤྲསྟོསྣུ སྟོ༔
ཚསྣཡི8 8 ཁརྟ 08 ཨོ སྟོ
རི
་ཞ
ཨཽ
ནྻལྔ

(7)(7)རྟུ(9)(4)
དངཽསྦྱ(9)(4)ཆོཨཽཙུཡོ8(3) སྦྱཛོཞལ
ི(3)སྣསྦྱཙུཟིམྺཱ 88ཨོ(7)ཞི


ཅོམ་ སྦྱི རྦཁ པ༔
(8)(8)(8)
སྒྲཡ གོམ་ཾརྗོ་འཚུ མ(7)དལེ 8ཌུ
ཟུབ་བསྟ(7)་བསམ གབ དྷྱཱ---
ཎྜཨོ (4)ཨོམྺཱ དུ 8 (7)(9)(9)ཆོཥྚྲཱ



{00000002.tif};
{00000003.tif};

དུཞཞ1ཅེཿ1་་ཥ་་་ ་་་ »་་»་»་»
0 མམ 1 11 ་»་་་ » ་་་»་་་་་»་་«་་་་
01ཁ་ཁ 1 _ «་་་་་་«»་་་་་་་་་་
{00000004.tif};
{00000005.tif};

མདོ་མགས་ངྐིརཱ་བ།ཞུང་ཆེན་མོའི་ཚིརྫུབ།་མངོད་རིས་མེད་
བ་ས་པའི་ཞལ་ལུང་ཞེས་བྱ་བ་
བནུཔ།ས་སོ།
ཅོམ་ཏྣིག་པ།
སྒོམ་སྡེ་ལྷ་རམས་པ་དགེ་བཤེས་
ཐུབ་བསྟན་བསམ་གྲུབ།
{00000006.tif};
ཕྱི་ལོ། དཔར་ཐེངས། དེབ་གྲངས།
о-
བོད་གཞུང་ཤེས་རིག་པར་ཁང་ནས་པ་ར་སྐྲུན་དང་འགྲེམས་སྤེལ་ཞུ་།
11ཇ་810 [ 11 མྱ0 ( [ ( [ ( )
1 -28 р- ཇ་811 [8རྩ

[ 1 སའ0 8[ 111-- 92
1[ངོ1 22455634 22453672
1 111 (ཐེ་ 1་ཤ 1སྦ་10 1
{00000007.tif};

ཅོམ་པ་པོའི་ལོ་རྒྱུས་ཉིང་བསྡུས།
ངེད་རང་ཕྱི་ལོ་ ཕྱི་ཟླ་གསུམ་པའི་འགོ་སྟོད་ཙམ་ལ་སེ་ར་ཐེག་པ་ཆེན་པོའི་གླིངགི་ཡ་གྱལ་སེར་བྱེས་
མཁས་སྙན་
གྲ་ཚང་དུ་གྲིག་ཞུགས་བྱས། གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ད་གེ་སློང་གི་སྡོམ་པ་དང་
མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་ཞིག་གི་བཀྲིན་ཞུསཤིང་། དེད་རང་འཛིན་དབུ་མ་ཡིན་སྐབས་ནས་
བཟུང་རྒྱལ་
དབང་ཐམས་ཅད་མཁྱེན་པས་བོང་བ་གསེར་གཟིགས་ཀྱིས་བྱམས་གཟིགས་ཆེན་པོ་མཛད་དེ་ལན་
གཉིས་ཆེད་འགུགས་ཀྱིས་གཟིམས་ཆུང་མ་ཇལ་ཁ་ཕྱག་སྐྱེས་གསོལ་རས་དང་། གཞན་ཡང་ཉེ་སྔོན་ཕྱི་ལོ་
ལོར་རྒྱལ་དབང་མཆོག་ཁེ་ན་ཌའི་ཀྲོང་ཁྱེར་ཀྲོ་རན་ཀྲོ་རུ་དཔལ་དུསཀྱི་འཁོར་ལོའི་དབང་ཆེན་བ་ཀྱིན་
ཆེ་སྐ
བས་ཚིག་མཇོད་ཀྱི་དཔར་ཕུད་སྤྱན་སྟར་ཞུས་པར་ཐུགས་དཀྱེས་མཉེས་ཆེན་པོས་དཔར་སྐྲུན་མཐུན་
འགྱུར་
ཨ་སྒོར་གསུམ་སྟོང་གསོལ་རས་བཅལ་བ་སོགས་ཆོས་དང་ཟང་ཟིང་གི་བཀྱིན་གྱི་ཕུང་པོ་ནི་ཚེ་རབས་
མང་པོར་ཡང་གཞལ་བར་དཀའོ། སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་ཇེ་འཆང་ཆེན་པོ་ལས་དགི་ཚུལ་ཀྱི་
བསླབ་སྡོམ་མནོས་ཏེ་མིང་ཐུབ་བསྟན་བསམ་གྲུབ་ཅེས་འདོགས་པར་མཛད། གཞན་ཡང་སེར་བྱེས་ཏྲེ་ཧོར་
མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ་དང་། ཡོང་ས་འཛིན་ད་མ་པ་བྱ་བྲལ་དགི་བཤེས་བཀྲཤིས་འབུམ།
(ངེད་ཀྱི་དཔེ་ཚའི་དགེ་རྒན་གཅོ་བོཡིན) མང་ཐོས་འདུལ་བའི་མང་འ་བདག་ཧར་གདོང་དགེ་བཤེས་ཐུབ་
བསྟན་བཀྲ་ཤིས་
སོགས་བཤེས་གཉེན་དུ་བསྟེན་ཏྲ། སློབ་ག་ཉེར་ལ་བཅོན་པ་མི་འཀྱོད་པཞིག་བྱས། གསར་
བུའི་
སྐབས་དཔེ་ཆ་བལྟས་ནསཤི་ཡང་མི་འགྱོད་སྙམ་པའི་སེམས་ཤུགས་དང་ཡི་དམ་ཆེས་བརྟན་པཞིག་ཡོད།
ངེད་ཚོ་གསར་བུའི་སྐབས་མཁར་རྔ་མ་བརྔུང་གོང་སྐར་མ་བཅོ་ལྔ་ཉི་ཤུའི་གོང་ཆོས་གྲའི་ནང་ཅོད་སྒྲ་འུར་ཆིལ་
ལེ་སྟོད།
དགི་བསྐོས་ཀྱིས་མཁར་རྔ་དུས་ཐོག་མ་བརྔུངས་ན་ཁ་ཟེར་བ་སོགས་བྱེད། དེང་སང་ནི་དེ་ལས་གོ་
ལྔ
ོག་སྟེ་མཁར་རྔ་ཅུང་ཟད»་བརྔུང་སྔས་ན་དགི་བསྐོས་ལ་དམོད་མོ་འདེབས་། གཟའ་མིག་དམར་ཀྱི་དགུང་སེང་
ཉིནཡང་མ་སྐུལ་དང་བླངས་ཀྱིས་དགོང་མོ་ཆོས་གྲ་ལ་པདྨོའི་མཚོ་ལ་ངང་མོ་འཇུག་པ་ལྟར་དགའ་བཞིན་སྤྲོ་
བཞིན་དུ་འཇུག
སྐབས་དེ་དུས་ཀྱི་དགི་བསྐོས་དང་མཁན་པོ་ནམསནིསྒྲི་ག་ལམ་གནོནམི་དགོས་པ་སྐྱིད་པོ་
རེ
ད་འདུག་སྙམ།
ཐེམ་སྐས་རིམ་འཇེགས་ཀྱིས་རིགས་ཆེ་ཆུང་གི་ཚོགས་ལངས་དང་། ལྷག་པར་རིགས་ཆེན་ཚོགས་ལངས་ཨང་
གཉིས་པའི
མིང་གནས་ཐོབ། སེར་བྱེས་གྲ་ཚང་དུ་དུད་གི་བཤེས་ལྷ་རམས་གཏོང་སྔ་ཕྱིའི་གོ་རིམནི་རིགས་ཆེན་
ཚོགས་ལངས་ཀྱི་ཨང་ཐོབགོ་རིམ་ལྟརཡིན་པས་ག་ལ་འགངས་ཆེན་པོར་བརྩི་ཞིང་། གྲ་ཚང་སྨད་ལ་རིགས་
ཆུངཚོགས་ལངསཀྱི་སྒོ་ནས་དགི་བཤེས་གཏོང་སྔརྟིང་འཇོག་པ་རེད།
{00000008.tif};
ཕྱི་ལོ་ ལོར་གོང་ས་སྐྱབས་མགོན་ཆེན་པོའི་བཀའ་ལུང་བཞིན་རྒྱ་གར་དུ་བྱེས་སུ་འབྱོར་ནས་སྔོན་བྱུང་
མ་
མྱོང་བའི་ལྷ་རམས་རྒྱུགས་སྤྲོད་ཧ་ཅང་དམ་དོག་ཆེ་བཞིག་ད་གད་གི་ལྡན་བསྟན་པའི་མཇེས་རྒྱན་དགའ་ལྡན་ཁྲི་
རིན་པོ་ཆེ་དང་།
ཤར་བྱངགི་ཆོས་རྗེ་རྣམ་ག་ཉིས། གྲ་ཚང་དྲུག་གི་མཁན་པོ་ལསཐོག་བཅས་གདན་འཇོམས་
པའི་དབུ
ས་སྭུཉིན་ཧྲིལ་པོབཅུ་གཉིས་རིང་ཅོད་རྒྱུགས་སྤྱན་འབེབས་ལམ་ལྷོངགིས། ཕྱི་ལོ་ ལོར་ལོ་
ངོཉི་ཤུ་ཅ་གཅིག་སློབ་གཉེར་བཀྱིས་ཇེསག་དན་ས་ཆནཔོ་སེ་འབྲས་དགའ་ག་སུམཀྱི་དགེ་འདུན་ཁྲི་ཁྲག་བརྒལ་
བའི་
དབུས་སུ་ལྷ་རམས་དགེ་བཤེས་འཇོག་རྒྱུའི་སྐལ་བཟང་ཐོབ། དེ་སྔ ནི་འཛིན་གྲ་འཕོས་རིམ་བཞིན་དགེ་
བཤེས་གཏོང་འགྲོ་བ་མ་གཏོགས་རྒྱུགས་འཔོད་མ་འཕྲོདཀྱི་ཐ་སྙད་ཆེད། ངེད་ཚོནི་ཐེངས་དང་པོར་སོང་
གཤིས་
རྒྱུགས་སྤྲོད་དམ་དོག་ཧ་ཅངཆེས་པས་ཅོད་རྒྱུགས་འབུལ་མཁན་ཀྱི་དགེ་བཤེས་ཉི་ཤུ་ལས་དཔེ་ཆ་དྲག་
གྲས་འགའ་
རེ་དང་བཅས་མི་བརྒྱད་རྒྱུགས་མ་འཕྲོད་པས་ལྷ་རམས་ཕྱིར་འཐེན་བྱས། རྗེས་ལོ་ནམས་སུནི་དེད་
ཚོ་ལ་
གནང་པའི་དམ་དོག་གི་རྒྱ་དེ་ལྷོད་དུ་སོང་སྟེ། ཙིཙིའི་མཇུག་མ་ལྟར་གྱུར་འདུག། དེང་སང་ནི་དགེ་
ལུགས་རྒྱུགས་སྤྲོད་འཕྲོད་མ་འཕྲོད་ཀྱིས་ས་མཚམས་འབྱདཀྱིཡོད་འདུག
དགེ་བཤེས་ལྷ་རམས་པའི་ཅོད་རྒྱུགསཀྱི་བྱུང་བ་མདོཅམ་བརྗོད་ན། དེ་སྔ་བོད་དུ་རྒྱལ་དབང་སྐུ་ཕྲེང་བཅུ་
གསུམ་པ་ཆེན་པོའི་
སྐབས་གཞུང་ས་མཆོག་ནས་ནོར་བུ་གླིང་ཁའི་ཕོ་བྲང་གི་གཟིམས་ཆུང་ཉིའོད་འཁྱིལ་དུ་
དུད་གི་
བཤེས་ལྷ་རམས་པའི་ཅོད་རྒྱུགས་བཞེས་སྲོལ་ཕྱི་ལོ་ ལོར་གསར་གཏོད་མཛད་ཅི་ང་། དེ་ཡང་
སྐྱབས་རྡེ་
ཁྲི་བྱང་རིན་པོ་ཆེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པའི་སྔ་ལོ་དོརཡིན་འདུག དེ་ལོར་
ཅོད་རྒྱུགསཟིན་མཚམས་གདན་ས་སོ་སོའི་མཁན་པོ་ནམས་བཀའ་འགུགས་ཀྱིས་འདི་ལོའི་དགེ་བཤེས་གྲས་ནས་
འགའ་ཤས་ལྷ་རམས་མི་འོས་པ་ལྟ་བུ་འདུག་རུང་།
ད་ལམ་ཅོད་རྒྱུགསཐོག་མར་སོང་གཤིས་དམིགས་བསལ་
རང་
བབས་བཞག་པ་ཡིན་ཞིང་། ཕྱི་ལོ་ནས་བཟུང་དགི་བཤེས་སློབ་གཉེར་བཟང་གྲས་གོའཕེར་ཤ་སྟག་མ་བྱུང་
ཚེ་དོ་བདག་དགེ་བཤེསཕྱིར་འཐེན་བྱ་རྒྱུ་སྨོས་མད་ཐོག
གྲ་ཚང་སོ་སོའི་མཁན་པོར་ཡང་ཉེས་བཀོད་གནང་རྒྱུ་
ཡིན་ཞེས་བཀའ་ནན
ཕེབསའདུག དེའིརྟིང་ལོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཚན་རྟགས་བཞེས་སྐབས་སྐོ་
ང་ཨུ་ཆུ་མུ་ཅིན་སོག་པོ་ཧོ་ཐོག་ཐུར་བཀའ་ཉེས་གསེར་སྲང་བཅུ་དང་། སེར་བྱེས་ལྡན་མ་བྲུལ་སྐུར་གསེར་
སྲང་ལྔ། སེར་སྨད་ར་ལྟག་དང་། དགའ་ཤར་འབའ་ཐར་ག་ཉིས་ལ་ག་སེར་སྲང་རེ་བཅས་བཀའ་ཉེས་ཕབ་ནས་
དགེ་
བཤེས་རང་འཇགས་གནས་ཙམ་བྱུང་འདུག ཅོག་རྒྱུགས་སྐབས་རྒྱལ་དབང་མཆོག་ཀྱང་སྐབས་རེར་
{00000009.tif};

གཟིམས་ཆུང་ཉི་འོད་ཀྱི་གདེང་ས་ཆའི་གཟིམ་སྒོའི ཡོལ་བའི་ཕག་ཏུ་བྱོན་ནས་མངོན་ཆུང་གིས་གསན་གཟིགས་
བསྐྱང་ས་ཀྱི
ཡོད་འདུག གནའབོར་གྲ་ཚང་སོ་སོའི་མཁན་པོས་དགེ་བཤེས་བསྐོགཞག་མཛདཅིང་། རྒྱ་གར་
དུའང་
དགི་བཤེས་མིང་རྟགས་མཁན་པོས་གནང་རུང་ལྷ་རམས་པའི་ཨང་རིམནི་གོངཞུས་ལྷར་སེར་བྱེས་གྲ་
ཚང་ལྷ
་བུཡིན་ན་རིགས་ཆནཚོགས་ལངས་ནས་ཐག་ཆོད་འཀྲོ་བ་རད། ཞོར་འཕྲོས་ཀྱི་ལོ་རྒྱུས་འདི་དག་
བརྗེད་པར་ཕངས་ནས་བཀོད་དོ།
ནི་དཀྱུས་ལ་འཇུག་པར་བྱ་སྟེ། དཔལ་ལྡན་རྒྱུད་སྟོད་གྲ་ཚང་དུ་གདིང་རྒྱགསྒྲི་ག་ཞུགས་ཀྱིསསྤྱི་མཚུངས་
ལྟར་
གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གང་ནུས་བྱས་ཤིང་། ལྷག་པར་ཆོ་ག་ཕྱག་ལེན་ཀྱི་སྐོར་དཔལ་ལྡན་
རྒྱུད་སྟོད་གྲ་ཚངགི་མཆོད་གཡོག་བགྲེས་པ་རྒན་བསམག་ཏན་མཐར་ཕྱིན་ལགས་མདུན་བར་གསེང་ཡོད་ཚད་
ལ་སྤྱ
ང་སཤིང་ཁ་གཏད་དགི་བཤེས་ཀྱང་ཟླ་བ་དྲུག་རིང་བྱས། སྐབས་དེ་ར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་
འདུས་པའི
བདག་བསྐྱེད། མདུན་བསྐྱེད། བུམ་བསྒྲུབ།ིབྱན་སྲེག་དང་བཅས་པའི་ཆོ་ག་དང་འཔྲེལ་བའི་ཕྱག་རྒྱ་
སོགས
ཀྱི་སྐོར་ད་པལ་ལྡན་རྒྱུད་སྟོད་གྲ་ཚང་གི་ཕྱག་བཞེས་ལྟར་གསལ་བར་བཀོད་པ་ཟླ་བའི་འོད་སྣང་ཞེས་བྱ་
བའིཟིན
བྲིས་ཤོག་ལྡེབས་ ཅནཞིག་ཀྱང་བཏབ། སྔོན་དང་ད་ལྟར་གྱི་མི་རབསདྲིན་ཅན་དེ་རྣམས་ཀྱིས་
མཛད་རྗེས་
བཟང་པོ་བཞག་པ་འདི་དག་ལ་བལྟསཚེ་ཉིང་ཁོང་རུས་པའིག་ཏིང་ནས་བཀའདྲིན་ཇོས་སུ་དྲན་ཏྲེ་
མི
ག་ནས་མཆི་མ་འཁྲུག་པ་དང་ལུས་ཀྱི་བ་སྤུ་ལྡང་བའི་དགའ་སྐྱོ་ཟུང་འཔྲེལ་ཀྱི་ཚོར་བ་དོས་དྲག་པ་ཡང་འབྱུང་
རྒྱུད་སྟོད་ཀྱི་ཆོས་ཐོག་ཟིན་ནས་སེ་རར་ཕྱིར་ལོག་བྱས་རྗེས་གྲ་ཚང་མང་ཚོགས་ནས་འོས་འདེམས་ཀྱིས་སློབ་
གཉེར་
དགི་རྒན་དུ་བསྐོ་གཞག་གནང་། ཕྱི་ལོ་ ལོར་བླ་མ་བཟོད་པ་རིན་པོ་ཆེ་སེ་རར་ཕེབས་སྐབས་
ཤིག་ལ་
གཟིམས་ཤག་ཏུ་ཆེད་འགུགས་ཀྱིས་ཕྱི་རྒྱལ་དུ་འགྲོ་བློ་ཡོད་མེད་བཀའ་བརྩད་གནང་རྗེས་ཟེ་བོན་དུ་
འརྒྲོ་ཐུབ་ན་ཡགཔོཡོད་སྐོར་གསུངས་བྱུང་ཀྱང་། སྐབསདེ་ར་ཐེ་བོད་ག་ཉིས་དབར་སྲིད་དོན་ཀྱི་ཉོག་གླེང་
ཡོད་
མུསཡིན་སྟབས་མ་ཕྱིན། དེ་ནས་ལོ་གསུམ་རིང་ཨ་རིར་བཏངག་ནང་བྱུང་། ཕྱི་གྱལ་དུ་བསྐྱོད་དགོས་
པའི་རྒྱུ་མཚནག་ཅོ་བོནི་སྒོ
མ་སྡེ་ཁང་ཚན་གྱི་གྲ་རྒྱུན་གསར་བུ་བ་ནམས་ལ་སྡོད་གནས་དང་འདུ་ཁང་གསར་
གྱག་བཅས་ལ་བུ་ལོནཧིན་སྙོར་ལྔ་འབུམ་ལྷག་ཙམ་ཡོད་པདེ་པསལ་བའི་ཆེད་དང་། ཞར་ཞོར་དགྱིན་ཇིའི་
སྐདཡིག་སྦྱོང་རྒྱུའི་གོ་སྐབས་བཟང་པོཡོ་ད་པ་དེ་ཡིན།
{00000010.tif};
ཕྱི་ལོ་ ལོ་ནས་འགོ་བཅམས་ནས་ལོངོ་བདུན་ཙམ་རིང་། ཆུང་མདྲིན་ཅན་འདི་ཙམ་ལས་གཞན་
མཐུན་སྦྲ
ོར་སྲིན་བདག་སོགས་དམིགས་བསལ་གང་ཡང་མེད་པར་འཚོ་བ་ངན་ངོན་ཙམ་ཀྱིསཆོག་ཤེས་པར་
བྱས་རྟེ།
དཔལ་འབྱོར་འདུ་འགོད་དང་དགྲ་འདུལ་གཉེན་སྐྱོང་སོགས་རེ ཞིག་བློས་བཏང་སྟ། འདོད་ཆུང་ཆོག་
ཤེས་ཀྱི་
བརྟུལ་ཞུགས་བཟུང་ནས། རང་རེའི་ཆོས་དང་རིག་གཞུང་བཟང་པོའི་ཞབསའདེབས་སུ་ལྷག་བསམ་
ཀྱིས་ཞེན་པ་དཀརཔོས་མདོ་སྔགས་ཀྱི་གཞུང་ཆེན་མོའིཚིག་མཇོད་རིས་མེད་མཁས་པའིཞལ་ལུང་ཞེས་བྱ་
བ་
འདིཉིད་བ་ཅམས། གཞན་ཡང་དཔལ་གསང་བ་འདུས་པའི་རྫོགས་རིམ་ཀྱི་ཁྲིད་ཡིག་སྐལབཟང་དགའ་
སྟོན་
ཞེས་བྱ་བ་ཤོག་ལྡེབས་ ཅན་(ཅོམ་འཕྲོ)དང་། མཎྜལ་ཀྱི་ཁྲིད་ཡིག་ཕན་བདེའི་ཆར་འབེབས་ཞེས་
བྱ་བ་
ཤོག་ལྡེབས་ ཅན་དང་། ཤེས་རབ་ཉིང་པོའིའགྲེལ་པ་ཡང་དག་ལྟ་བའི་མིག་འབྱེད་ཅེས་བྱ་བ་ཤོག་
ལྔེབས་
ཅན་རྣམས་བརྩམས་ས་སོ།
མདོར་ན་གད་ན་སར་ལོ་ཉེར་གཅིག་སློབ་གཉེར་བྱས་ཤིང་ད་ལྟ་ཡང་དཔེ་ཆ་ལྟ་མུསཀྱིམི་ལོ་སོ་གསུམ་ཙམ་
རིང་
ནངཆོས་ལ་སྤྱངས་པ་བྱས། སེ་རར་དགེ་ཕྲུག་བརྒྱ་སྐོར ཞིག་ལ་ལོབཅུ་བཞིར་དཔེ་ཆ་སློབ་ཁྲིད་ད་ང་ཕྱི་
རྒྱལ་གཉིས་བསྟོམས་ལོ་ཉེར་གཉིས་ཙམ་གཞན་ལ་སློབ་ཁྲིད་ཧུར་ཐག་བྱས་དང་བྱེད་མུས། ད་ལྟ་སྤི་སིའི་བོད་
མིའི་
ཚོགས་པ་ནས་རེ་སྐུལ་གནང་བ་ལྷར་བོད་ཕྲུག་བཅུ་གསུམ་ལྷག་ཅམ་ལ་བོད་ཀྱི་སྐད་ཡིག་དང་། རྒྱལ་
རབས་ཆོས་འབྱུང་།
ནངཆོས་བཅས་གང་ཤེས་སློབ་མུས་ལགས་ཤིང་། བོད་ཕྲུགདེ་དགནི་རྣམ་རིག་ཧ་ཅང་
བཀྲ་
བས་མའོངས་བོདཀྱི་སོན་རྩར་སྨན་ངེས་ཤེས་པཡོང་རྒྱུའི་རེ་བ་ཡོད་པ་བཅས་སོ།
སྨྲས་པ། བསླབ་ཚུལ་ལང་ཚོ་ཉམས་ན་ཡང་། ཤེས་རབ་ལང་ཚོ་ག་ལ་ཉམས། གླང་ཆེན་ཤི་བའི་མཆེ་བ་
ལའང་།
བ་སོརཆེས་ཆེར་བསྔགས་ལལྟོས། ཞེས་རང་ལ་གཟེངས་བསྟོད་པའི་ཚིགགི་མཇུག་སྡུད་དང་
བཅས་
རང་གི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པརྫོགས་སོ།
ད་གོད་བྲོའི་གནས་ཚུལ།
སྔོན་སེ་རརཡོད་དུསཤིག་ལཁོབོས་བྱ་སྟོམ་ (འདུལ་བའི་སྟོམ)གྱི་བར་བར་དུ་ཁ་སྐོང་གི་ཚུལ་དུ་ཤོག་
ལྔེབ
ས་གཉིས་ཙམཞིག་རྩོམསྒྲི་ག་བྱས་ཏྲེ་དེདཀྱི་འཛིན་རྒོུགསབློ་བཟང་ཤེས་རབ་ལ་བསྟན་ནས་འདི་རྩོམ་པ་
{00000011.tif};

ལེགས་ཉེས་ཇི་འདྲ་འདུག་ཅེས་སྐདཆདྲིས་པར། ལམསེང་སུས་བརྩམས་པ་རེད་ཅེསདྲིས་བྱུང་། ངེད་ཀྱིས་
བཅམས་བྱས་ན་སྒྲོ་སྐུར་བྱེད་ཀྱིས་དོགས་ནས་དྲ་ང་པོ་མ་བཤད་པར་བློ་གསལ་གླིངགི་སྡོམཆེན་རེད་ཅེས་སྨྲས་
པས།
ཐེངས་འགའ་ཤས་ཤིག་བཀླགས་ཏེ་ཅོམ་པ་དང་སྡེབ་སྦྱོར་ག་འདྲ་མི་འདུག་ག་མ་ཞེས་སྨིན་མ་གཟེངས་
གཟེངས་ཀྱིས་བསྟོད་ར་བྱས་ས་སོང་། ཁོ་བོནི་བསྲནམི་ཟུབ་པ་ལྡ་བུའི་གད་མོ་ཤོར་གྲབས་བྱས་ཀྱང་ངས་
བཅམས་ཞེས་ཅ་བ་ནས་མ་བཤད། ཧ་ཧ་ཧ།

{00000012.tif};

{00000013.tif};
)8 202 1
0 1 1
11 ག་8
རྩོམ་
པ་པོའི་ཆོག་མཆན་མེད་པར་དཔར་འདེབས་དང་
ད་པར་
ཤུས་སོགས་མི་ཆོག
སྒྲིག་སྟང་ས།

སྡེ་ཚན་ད་ང་པོ།
(4) ཐོག་མར་སྔོན་འཇུག་མེད་པའི་མིང་གཞིའི་ཡི་གོ། དཔེར་ན། «ཀ་དག» «ཀརྨ» «ཀིང་ཤུ་ཀ»
«ཀུན» «ཀེ་ར» «ཀོས» ལྟ་བུ།
(2) ཝ་ཟུར་ཅན། «ཀྭ» ཝ་ཟུར་ཅ་ན་རྣམས་བལྟ་འཚོལ་བདེ་ཆེད་རང་དང་སྒྲ་གདང་ས་མཐུན་པའི་ཡི་གེའི་རྗེས་
སུ་
བཀོད་ཡོད། དཔེར་ན། «ཀ་ཡེ» དེའི་རྗེས་སུ། «ཀྭ་ཡེ» ཞེས་བཀོད་ཡོད།
(8) འ་ཆུང་བཏགས་པ། «ཀཱ» འ་ཆུང་བཏགས་པ་ལའང་གོང་མཚུང་ས་ཡིན།
(4) ཡ་བཏགས་བརྩེགས་མད། «ཀྱང» «ཀྱོང་མོ» ལྟ་བུ།
(5) ར་བཏགས་བརྩེགས་མད། «ཀྲང» «ཀྲོང་ངེ» ལྟ་བུ།
(6) ལ་བཏགས་སྔོན་འཇུག་མེད་པ། «ཀླ་ཀློ» «ཀློང་ཡང་ས» ལྟ་བུ།
(7)བརྩེགས་མེད་སྔོན་འཇུག་ཅན། «དཀར» «དཀྱིལ» «བཀྱལ» «དཀྲི་་» «བཀླག་པ» ལྟ་བུ།
(8) རའི་མགོ་ཅན་སྔོན་འཇུག་མེད་པ། «རྐ» «རྐྱོང» ལྟ་བུ།
(9) ལའི་མགོ་ཅན་སྔོན་འཇུག་མེད་པ། «ལྐུག» «ལྐོག་ཤལ» ལྟ་བུ།
(10)སའི་མགོ་ཅན་སྔོན་འཇུག་མེད་པ། «སྐ་རགས» «སྐུ» «སྐྱེ་བ» «སྐྲོད» ལྟ་བུ།
{00000014.tif};
2
2
11 བརྩེགས་ཅ་ན་དང་འདོགས་ཅ་ན་སྔོན་འཇུག་ཅ་ན། «བརྐམ» «བརྐུ་བ» «བསྐ་བ» «བསྒྲུན»
«བསྒྲོགས» ལྟ་བུའོ།
སྡེ་ཚན་གཉིས་པ།
ཚིག་གཅིག་ལ་དོན་མི་འདྲ་བ་ཡོད་པ་རྣམས་ལ་ (4) (2) (8) (4) དབྱེ་རྟགས་འདི་འདྲ་བརྒྱབ་ཡོད། དཔེར་ན། ཀླུ།
(4) «ནཱགཌ ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག (2) གྲང་ས་བརྒྱད་ཀྱི་མིང་། (8) ཡ་ན་ལག་གི་རླུང་
ལྔའི་
ནང་ཆན་ཀླུའི་རླུང་གི་མིང་། ཞེས་པ་ལྟ་བུ།
སྤྱིར་དོན་འདྲ་ལ་ནང་གསེས་ཀྱི་ཁྱད་པར་ཅུང་ཟད་ཡོད་པ་རྣམས་ལ་ ༿ ༿ དབྱེ་རྟགས་འདི་འདྲ་བརྒྱབ་ཡོད།
ད་པེར་ན། རྐུན་པོ། ༿ རྐུན་མ་། ༿ མཐུས་འཕྲོག་པར་བྱེད་པ། ཞེས་པ་ལྟ་བུའོ།
ཚིག་དེ་ལེགས་སྦྱར་དང་། དུས་གསུམ་སོགས་གསལ་བར་མཚོན་ཆེད་ ཤད་སྒྲོམ་གྱི་ནང་དུ་བཀོད་དེ་ཁྱད་
པར་ཕྱེ་ཡོད།
དཔེར་ན། ཀུནྟ། ལེགས་སྦྱར (1)ཁ་དོག་དཀར་ལ་དྲི་ཤིན་ཏུ་བཟང་བའི་མེ་ཏོག་ཆུང་འུ་
ཞིག
(2)ཁ་དོག་དཀར་བའི་དཔེ། དཔེར་ན། ཁམས་དཀར་པོ་ལ་ཀུནྟ་ལྟ་བུའི་བྱང་ཆུབ་ཀྱི་སེམས། ཞེས་
པ་ལྟ་བུ།
ཕྱི་རྒྱལ་གྱི་སྐད་དུ། ག༐ཟེར། (3)ཁམས་དཀར་པོ། དཔེར་ན། ཀུནྟ་མི་འབྱིན་ཆངས་སྤྱོད་
བསྟེན། ཞེས་གསུངས་པ་ལྟར་རོ
མཆན་བུ་དེ་ཚིག་ལྟག་འོག་གང་གི་ཡིན་རྟོགས་སླ་བའི་ཕྱིར་ དབྱེ་རྟགས་འདི་འདྲ་བཀོད་ཡོད། དཔེར་ན། ཕྲད་
རང་དབང་ཅན་
མ་ཡིན་པ། བརྡ་སྤྲོད སླར་བསྡུ། གོ་ངོ་དོ་ནོ་བོ་མོ་འོ། རོ་ལོ་སོ་ཏོ ལ་དོན། སུ་ར་རུ་དུ་
ན་ལ་ཏུ
ཨི་ལྡན་ཏེ་བྱེད་སྒྲ་དང་འབྲེལ་སྒྲ། གི་ཀྱི་གྱི་འི་ཡི། གིས་ཀྱིས་གྱི་འིས་ཡིས རྒྱན་སྡུད། ཀང་ཡང་འང
ལྷག་བཅ་ས། ཏེ་དེ་སྟེ འབྱེད་སྡུད། གམ་ངམ་དམ་ནམ་བམ་མམ་འམ། རམ་ལམ་སམ་ཏམ འབྱུང་ཁུང་ས།
ནས་ལས བོད་སྒྲ་བཅས་སོ། ཀྱི་ཀྭ་ཡེ་ཝ་ཡེ ལྟ་བུའོ།
མཆོད་བརྗོད།
སྣ་ཚོགས་གདུལ་བྱའི་མོས་ཁམས་བསམ་པ་ཀུན། ཇི་བཞིན་གཟིགས་ཤིང་གང་ལ་གང་འདུལ་གྱིས།
རྣམ་མང་ཆོས་ཀྱི་དགའ་སྟོན་འགྱེད་མཛད་པའི། རྣམ་འདྲེན་ཤཱཀྱ་སེང་གེར་མགོས་ཕྱག་འཚལ།
{00000015.tif};
རྒྱལ་བསྟན་ཉག་ཕྲ་སྣུམ་ཟད་མར་མེའི་ཚུལ། སླར་ཡང་གསོས་ཏེ་ཆེས་ཆེར་དར་མཛད་པའི།
བསྟན་པའི་སྣང་བྱེད་ས་གསུམ་འགྲོ་བའི་མིག ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོར་འདུད།
བསྡུས་གྲྭ་ནས་བཟུང་གཞུང་ལུགས་ཆེན་པོའི་བར། སློབ་ཁྲིད་ལམ་སྟོན་མཛད་པའི་དྲིན་ཅ་ན་རྗེ།
མཁས་བཙུན་བཟང་པོས་ཐུགས་རྒྱུད་ཡོང་ས་ཕྱུག་པ། ཡོང་ས་འཛིན་བཤེས་གཉེན་རྣམས་ལ་སྙིང་ནས་འདུད།
འཕགས་བོད་མཁས་པའི་ཞལ་གྱི་བུམ་བཟང་ལས། ལེགས་པར་འོང་ས་པའི་མན་ང་ག་བདུད་རྩིའི་བཅུད།
ཐོས་བརྩོན་གཟུར་གནས་བློ་གསར་བྱེ་བའི་ཚོགས། མབུ་བ་བསྐྱེད་ཕྱིར་རྩོམ་པའི་ལས་ལ་སྤྲོ།
རང་རྒྱུད་གྱོང་པོའི་ཉ་ལྕིབས་ལྟོ་བ་རུ། ཡོང་ས་སུ་འཁྲུང་ས་པའི་ལེགས་བཤད་མུཀྟི་ཀ།
ལྷག་བསམ་སྲད་བུར་བརྒྱུས་པའི་ཕྲེང་བ་འདི། དཔྱོད་ལྡན་གཡོན་མིག་མ་ཡི་མགུལ་བར་སྦྱིན།
སྐར་ཚོགས་ལ་འགྲན་མཁས་པའི་དེ་ཕོ་རྣམས། རྩོམ་པ་སྐད་སྙན་མི་འབྱིན་བཏང་སྙོམས་བཞུགས།
ཀུན་རྨོངས་ཤེས་རབ་བྲལ་བའི་བོང་བུ་ཡིས། ལེགས་བཤད་མགྲིན་རྔ་འཁྲོལ་ལ་བཟོད་པར་གསོལ།
རང་གིས་ཀྱང་ནི་ཤེས་པར་མི་ནུས་ལ། གཞན་ལ་འདྲི་བའི་ཡུལ་ཡང་མི་རྙེད་པའི།
དུས་ངན་དག་ཀྱང་མི་འཆར་རྟོལ་མེད་པའི། དེ་ཚེ་འདི་ཡིས་སློབ་དཔོན་བྱེད་པར་ཤོག།
རིགས་ལམ་འགྲོས་ཀྱི་གོམ་སྟབས་མི་བརྟན་ཅིང་། ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་དབེན་པ།
ཕྲག་དོག་མོས་ཆུས་བཟི་བའི་མི་རྣམས་ལ། ལེགས་བཤད་གཏམ་གྱིས་མགུ་བ་ག་ལ་སྐྱེད།
འདི་སྣང་འཁྲུལ་པའི་འཁོར་བའི་འོབས་ཆེན་པོར། དབང་མེད་ལས་ཀྱིས་ཚུད་ཀྱང་བླ་མ་ལྷས།
གྱིན་རླབས་ཐུགས་ཇེའི་ཐེམ་སྐས་བརྐྱང་ས་པ་ལས།ད་བུགས་དབྱུང་ཚིག་མཛོད་རྩོམ་པའི་སྐལ་བཟང་རྙེད།
{00000016.tif};
4
བསླབ་པར་སྐྱོན་ཆགས་མིག་ནི་མཆི་མས་གང་། ཡི་ཆད་སྲོ་ཤི་སེམས་ནི་བློང་བློང་པོར།
གྱུར་ཀྱང་རྐྱ་ན་ངན་གྲོགས་སུ་ཤར་བ་ལས། ཨེ་མ་བདག་གི་ད་ལ་འབྱོར་དོན་ཡོད་གྱུར།
རིས་མེད་གྲུབ་མཐའི་བློ་གསར་རྐང་དྲུག་ཚོགས། རབ་འབྱམས་གཞུང་ལུགས་འདུས་པའི་པད་མཚོ་འདིར།
ཞུགས་ཏེ་ཐོས་བསམ་འཕུར་ལྡིང་རོལ་པ་ལས། གཞུང་དོན་བདུད་རྩིའི་རོ་མང་ར་མྱོང་བར་ཤོག།
ཅེས་མཆོད་པར་བརྗོད་པའི་ཚིག་གིས་བཀྲ་ཤིས་པར་བྱས་ཏ། བརྗོད་དོན་དངོས་ནི། མདོ་སྔགས་ཀྱི་གཞུང་ཆེན་མོའི་
ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་ངམ། མཁས་པའི་ཞལ་ལུང་བླ་མའི་བྱིན་རླབས་ཞེས་བྱ་བ་འདིའི་བྱུང་
བ་མདོ་ཙ་མ་
བརྗོད་པ་ལ། གཞུང་ཆེན་མོའི་ཚིག་མཛོད་ཅིག་ཡོད་ན་སྙམ་པའི་ཀུན་སློང་ནི་ངེད་རང་གྲྭ་པ་གསར་བུའི་
སྐབས་ནས་ཡོད་ཅི་ང་། ཚིག་འགྲེལ་དང་སྒྲ་བཤད་ལ་དམིགས་གསལ་གྱི་དགའ་མོས་དང་དོ་སྣང་ཆེ་རབ་ཡོད་པས།
ཕྱི་ལོ་ ལོ་ནས་རང་གི་ལྟ་དཔེར་རིང་མོ་ཞིག་ནས་བསགས་པའི་ཟིན་ཐོ་རྣམས་དང་། དྲན་ཡུལ་དུ་ཡོད་པ་
རྣམས་གཞི
ར་བཟུང་སྟེ། བརྗེད་བྱང་ཞིག་ཀམ་པུའི་ཀྲར་ནང་འཇུག་འགོ་བརྩམས།
ཤོག་ལྡེབ་རིམ་འཕེལ་གྱིས་ལྔ་བརྒྱ་ལྷག་ཙ་མ་ལོན་པ་ན། དཔར་འདེབས་ཤིག་བྱ་ཐུབ་ན་སློབ་བུ་རྣམས་ཀྱི་གཙོས་གྲུབ་
མཐའ་རིས་མེད་ཀྱི་དོན་གཉེར་ཅ་ན་མང་པོ་ཞིག་ལ་རྔོ་ཐོག་ས་རེ་དང་། ལྷག་པར་གོང་ས་སྐྱབས་མགོན་ཆེན་པོའི་
ཆོས་ལུགས་རིས་མེད་ཀྱི་ཚུལ་ལ་ཐུགས་གཅིགས་ནན་ཏན་ཆེན་པོ་མཛད་པའི་རྒྱབ་རྟེན་གྱི་ཚུལ་དང་། གཞན་ཡང་
བླ་མ་དང་
ཕ་མའི་དྲིན་ལན། བསླབ་སྡོམ་ཉམས་པའི་སྡིག་བཤགས། སློབ་བུ་རྣམས་ལ་གདུང་འཚོབ། སྦྱིན་བདག་གི་
དཀོར་ལན།
ཆོས་ད་ང་རིག་གཞུང་གི་ཞབས་འདེབས། མི་རིགས་ཀྱི་ལ་རྒྱ་སོགས་འཕྲལ་ཕུགས་ཀྱི་དགེ་མཆན་མང་
པོ་
ཞིག་ལ་དམིགས།
ཟིན་ཐོ་མང་དག་ཅིག་ནི་བདག་གཉེར་ལེགས་པོམ་བྱས་པའི་ཉེར་ལེན་གྱས་བར་མ་དོར་ཆུད་ཟོས་སུ་སོང་ཞིང་།
འགའ་ཞིག་ནི་ད་ལྟའང་སེ་རའི་རང་ཤག་ཏུ་ལུས་ནས་ཡོད། གསར་བུའི་སྐབས་གྲྭ་ཆང་དང་ཚོགས་ཆེན་ལ་ཆོས་
འདོན་སྐབས།
ཨམ་ཕྲག་ནང་སྨྱུ་གུ་ཞིག་དང་དེབ་ཆུང་ཞིག་འཁྱེར་ཏེ། དགེ་བསྐོས་སོགས་ཀྱིས་མ་མཐོང་བ་བྱས་
ནས་ཚིག་
ཡ་མཆན་པ་དང་ཕན་ཐོགས་ཆེ་བ་རེ་མཐོང་ན་ཟིན་ཐོ་འགོད་ཀྱི་ཡོད།
{00000017.tif};
ཤཱ་རིའི་བུའི་སྒྲ་བཤད་ཡང་ཕྲན་གཞུང་གསར་རྙིང་གི་སྐབས། ཆོས་འདོན་ཞིག་གི་ཆེ་མཐོང་སྟེ་ཟིན་ཐོ་བཀོད་ཀྱང་།
བདག་སྤྲོད་ལེགས་པོ་མ་པྱེད་པའི་རྐྱེན་གྱིས་བོར་བརླགས་སུ་སོང་ཡང་། བཀའ་འགྱུར་ཁྲོད་བཞུགས་ཡོད་པ་གསལ་
པོ་དྲན་པས།
ཕྱིས་སླར་ཡང་རྙེད་སོན་གྱིས་ཚིག་མཛོད་ནང་འགོད་འཇུག་བྱས།
སྒྲ་བཤད་ནི་གལ་འགངས་ཆེན་པོ་ཞིག་ཡིན་ངེས་ཏེ། སྒྲ་བཤད་ཤེས་ན་ཚིག་དེ་དང་དེའི་དོན་དཔྱིས་ཕྱིན་པ་ཤེས་པ་
དང་།
ཚིག་དོན་དོན་བདེ་བླག་ཏུ་རྟོགས་པ་དང་། ནམ་ཡང་མི་བརྗེད་པ་སོགས་ཀྱི་དབེ་མཆན་ཤིན་ཏུ་ཆེ་བས་བློ་
གྲོས་
དང་ལྡན་པ་དག་གིས་དེ་ལ་མཐོང་ཆུང་དུ་མི་མཛད་པར་གསུང་རབ་ཀྱི་དགོང་ས་དོན་གཞལ་བའི་ཐབས་ཀྱི་དོན་
པོར་ཟུངས་ཤིག
ཚིག་མཛོད་ཀྱི་ཞལ་བྱང་ལ་རིས་མེད་མཁས་པའི་ཞལ་ལུང་ཞེས་པའང་། དག་སྣང་ཕྱོགས་ལྷུང་བྲལ་བ་ཞིག་ད་གོས་
གལ་
ཆེ་བར་མཚོན་པའི་ཆེད་ཡིན། དག་སྣང་ཕྱོགས་ལྷུང་བྲལ་བ་ཞིག་བྱུང་ན། བླ་མ་ཞིག་ཡིན་ན་འགྲོ་དོན་ཆེ་བ།
ཕལ་པ་ཞིག་ཡིན་ན་རང་སེམས་སྐྱིད་པ། མཁས་པ་ཞིག་ཡིན་ན་བློ་རྒྱ་ཆེ་བ། བླུན་པོ་ཞིག་ཡིན་ནའང་ཆོས་གྲོགས་
མང་བ་སོགས་
དབེ་མཆན་བློ་ཡུལ་ལས་འདས་པ་ཞིག་ཡོད་པ་ནི་མཐོང་ཆོས་ཡིན།
གོང་ས་སྐྱབས་མགོན་ཆེན་པོས་སྐབས་གང་ཡོད་དུ། ཞེན་ཁོག་བྱེད་མི་ཉན། གལ་ཏེ་པྱེད་ན་རྣམ་དཔྱོད་ལྡན་པའི་ཞེན་
ཁོག་ག་གྱིས།
ཞེས་གསུང་ས་པ་ལྟར། རྣམ་དཔྱོད་ལྡན་པའི་ཞེན་ཁོག་ཅེས་པ། ཆགས་སྡང་ད་ང་ཕྱོགས་རིས་ཀྱི་བློ་དོར་ཏེ།
ཆོས་བརྒྱུད་སོ་སོའི་སྔར་སྲོལ་དང་ལྟ་གྲུབ་རྣམས་། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་གོང་འཕེལ། ཉམས་པ་
སོར་ཆུད་
བྱེད་པ་ལ་གསུང་བ་ནི། གོ་རྒྱུ་ཤིན་ཏུ་ཆེ་བས་དེ་ལྟ་བུའི་རྣམ་ཐར་ལ་བརྩོན་པའང་དཔྱོད་ལྡན་གྱི་ཚུལ་
ལུགས་ཡང་དག་པ་ཞིག་གོ། རྣམ་དཔྱོད་ལྡན་པའི་ཞེན་ཁོག་ཅེས་པའི་ཚིག་འདི། གོང་ས་སྐྱབས་མགོན་ཆེན་པོས་
གསར་
གཏོད་མཛད།
གྲུབ་མཐའ་ཐམས་ཅ་ད་ཀྱི་བྲོད་དུ་ཕྱོགས་རིས་ཅ་ན་གྱི་བླ་མ་དང་སྐྱ་སེར་ནི་བྱུང་དང་འབྱུང་མུས་ཡིན་མོད། ངེད་ཚོ་
དེ
ང་རབས་ཀྱི་གཞོན་སྐྱེས་རྣམས་ཀྱིས་སྲང་ལམ་གྱི་སྐད་ཆ་དང་ང་ག་རྒྱུན་ཙམ་ལས། དངོས་ཡོད་གང་བྱུང་རྗེན་པ་
རང་
གིས་ཆད་མས་ནི་མ་ངེས། ལར་ནས་ཐལ་མོ་བདབ་དབ་པ་ལ་ལག་པ་གཉིས་དགོས་པའི་དཔེ་ལྟར། སྐྱོན་ཕྱོགས་
གཉི
ས་ཀ་ལ་ཡོད་ངེས་པས། མཐའ་གཅིག་ཏུ་རང་ཕྱོགས་བཟང་བ་དང་གཞན་ཕྱོགས་ང་ན་པས་ངེས་པ་ག་ལ་ཡོད།
{00000018.tif};
སྔར་གྱི་འདས་པའི་ལོ་རྒྱུས་རྙིང་པ་རྣམས་རྒྱབ་ཏུ་བསྐྱུར་ནས། ཕྱིན་ཆད་གཞོན་སྐྱེས་རྣམས་ནས་ད་ག་སྣང་ཕྱོགས་
ལྷུང་བྲལ་བ་
ཞིག་བྱེད་ཐུབ་ན། གོང་ཞུས་ཀྱི་དགེ་མཚན་རྣམས་དང་། ལྷག་པར་སྟོན་མཆོག་ད་གྱེས་པའི་མཆོད་སྤྲིན་
རྒྱ་ཆེན་པོར་འགྱུར་ངེས་པས། ཕྱོགས་ལྷུང་མཚན་མོའི་མུན་རུམ་ནས་ཐོན་ཏེ། དག་སྣང་གི་སྐྱ་རེང་ས་ཤར་བ་ཞིག་
འོང་བར་
རང་གཞན་ཀུན་གྱིས་ཅི་ནས་ཀྱང་འབད་པར་རིགས་སོ། གང་ཟག་གཅིག་ལའང་ཚུལ་འདིའི་སྤང་བླང་
འཇུག་ལྡོག་
གི་མིག་ཕྱེ ཐུབ་པ་བྱུང་ན་ངོས་ཀྱི་དེབ་འདི་བརྩམས་པའི་དགོས་པ་གྲུབ་པ་ཡིན། རིས་མེད་ཀྱི་བརྟུལ་
ཞུགས་བཟང་པོ་
ལ་གནས་བཞིན་དུ་རང་ལུགས་གཏད་སོ་ཡོད་པ་བྱེད་རྒྱུ་ཡང་གལ་ཆེན་པོ་ཡིན།
མདོར་ན་བོན་དང་བཅ་ས་པའི་བོད་ཀྱི་ཆོས་ལུགས་ཆེན་པོ་ལྔ་པོ་འདི་ཐམས་ཅད་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་
རྩ་
ཆེའི་ཁྱད་ནོར་ཡིན་པས་དེ་དག་ལས་ཆ་ཤས་གཅིག་ཙམ་ཡང་ཉམས་བརླགས་སུ་སོང་ན་ཆེས་ཕང་ས་པས། ཁྱིམ་
ཚང་གཅིག་
གི་ཁྱད་ནོར་ལྟར་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་སྣང་ངོ་།
ཕྱོགས་ལྷུང་ཅ་ན་དང་འགྲོགས་འདྲིས་མ་ང་ན། སྙིང་ན། སྟོད་འཚང་། སེམས་མི་སྐྱིད། དགེ་རྩ་དཀྲུག་པ་སོགས་
ལུང་རིགས་
ཀྱིས་བསྒྲུབ་མི་དགོས་པར་མོང་བས་གྲུབ་པས། རང་གིས་རང་ལ་གཅེས་པ་དག་གིས་དེ་ལྟ་བུའི་གྲོགས་
ངན་
ཅི་ནས་ཀྱང་སྤང་བར་བྱའོ། དབུ་མ་སྙིང་པོ་ལས་ཀྱང་། ཕྱོགས་སུ་ལྷུང་བས་སེམས་གདུངས་པས། ཞི་བ་ནམ་
ཡང་རྟོགས་མི་
འགྱུར། ཞེས་གསུངས་པ་ལྟར་རོ།
སྨྲས་པ།
རང་གཞན་ཕུང་ལ་སྦྱོར་བའི་བློ་ངན་འདི། འདི་དང་ཕྱི་མ་གཉིས་ཀར་གནོད་ཆབས་ཆེ།
ཆེ་དགུས་འདི་ཀོ་སྤོངས་ཞེས་ཡང་ཡང་གདམས། གད་མས་པ་ཉམས་སུ་ལེན་པའི་དུས་ལ་བབ།
ཅེས་ཀྱང་བྱའོ།
བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཐམས་ཅ་ད་། སྟོན་པ་གཅིག་གིས་གསུངས། པཎ་གྲུབ་ཀྱིས་བཀྲལ། ཆད་ལྡན་གྱི་ལོ་ཙཱ་
བ་ཆེན་པོ་རྣམས་ཀྱིས་
བསྒུར། མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ། གྲུབ་ཐོབ་དང་རྣལ་འབྱོར་པ་ཆེན་
པོ་རྣམས་ཀྱི
ས་ཉམས་མོང་ཆད་མས་གྲུབ་པ་ཤ་སྟག་ཡིན་པས། ཀུན་ལ་ཡིད་ཆེས་པར་བྱོས་ཤིག
{00000019.tif};
7
ཁོ་བོ་ཡང་ཆོས་བརྒྱུད་ཐམས་ཅད་ལ་སྙིང་ནས་མོས་ཤིང་སློབ་གཉེར་ཡང་བྱ་བློ་ཡོད་མོད། སྟབས་འགྲིག་དུས་ཁོམ་
མ་བྱུང་ཞིང་།
དུས་ཕྱིས་ཕྱི་རྒྱལ་དུ་སླེབས་ནས་རྐྱེན་ང་ན་གྲོགས་ཤར་ལྟ་བུས། ས་དགེ་བཀའ་རྙིང་སྤྱི་དང་ལྷག་པར་
བཀའ་བརྒྱུད་ཀྱི་གྲུབ་མཐའ་ལ་ཐོས་བསམ་གང་འཆམ་ཞིག་བྱེད་རྒྱུ་འི་སྐལ་བཟང་ཐོབ།
ངེད་རང་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཐམས་ཅ་ད་ལ་མོས་གུས་ཡོད་ཅིང་། ལྷག་པར་མར་པ་ལོ་ཙཱ་བ་ནི་ལུས་
སྲོག་ལ་
འཛེམ་མེད་དུ་དཀའ་སྤྱད་དུ་མས་རྒྱ་གར་དུ་ལན་གསུམ་དང་བལ་པོར་ལན་བཞི་བྱོན། རྒྱ་གར་དུ་ཕེབས་
ཐེང་ས་དང་པོར་ལོ་བཅུ་གཉིས། གཉིས་པར་ལོ་དྲུག་དང་། གསུམ་པར་ལོ་གསུམ་སྟེ་ལོ་ཉི་ཤུ་རྩ་གཅིག་གི་རིང་རྒྱ་
གར་དུ་སློབ་
གཉེར་མཛད་དེ། སངས་རྒྱས་ཀྱི་བསྟན་པ་ཁ་བའི་ལྗོངས་འདིར་ཉིན་མོ་ལྟར་གསལ་བར་མཛད་པའི་སྒོ་
ནས་བོད་གངས་ཅ་ན་
པ་རྣམས་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། རྗེ་མར་པའི་རྣམ་པར་ཐར་པ་མཐོང་བ་ཙ་མ་གྱིས་
དད་པ
འི་སྤུ་ལོང་གཡོས་ཤིང་མིག་ཆུ་ད་བང་མེད་དུ་ཤོར་བའང་ལན་མང་པོ་བྱུང་། འཇམ་མགོན་ཀོང་སྤྲུལ་ལའང་
དད་
གུས་ཀྱི་ཚོར་སྣང་དེ་དང་ཕྱོགས་མཐུན་པ་བྱུང་། ད་ལྟ་དགེ་ལྡན་པས་ངོམ་རྒྱུའི་གསང་བ་འདུས་པ་ཞེས་སྙན་
གྲགས་ཆེ་བ
འི་ཆོས་སྐོར་འདི་ཡང་རྗེ་མར་འགོས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རྗེ་ཙོང་ཁ་པ་ཆེན་པོས་
ནན་གྱིས་གསུངས་
ཤིང་གུས་གཙིགས་ཆེན་པོ་མཛད་འདུག་པས། ཆོས་ལུགས་གཞན་ལ་དག་སྣང་དང་བཀའ་བྲིན་
རྗེས་དྲན་བྱ་རྒྱུའི་ཆབ་ཏུ་ཕྱོགས་ལྷུང་དང་སྡང་ཞུགས་བྱས་ན་ལས་འབྲས་དང་ཡ་ང་མི་འཚམ་།
ཡང་ཁོ་པོས་དགེ་ལུགས་པ་ངན་པ་དང་ཆོས་བརྒྱུད་གཞན་རྣམས་རྣམ་པ་ཀུན་ཏུ་ལེགས་པོ་ཡིན་པ་ཡ་ང་བརྗོད་ཀྱི་མེད།
གཟུ་བོར་གནས་པའི་བློས་ལོ་རྒྱུས་ཀྱི་དེབ་ཐེར་རྣམས་ད་ང་སྐྱེས་ཆེན་དམ་པའི་རྣམ་ཐར་སོགས་ལ་རྟོག་ཞིབ་བྱས་ཆེ།
བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཕལ་མོ་ཆེ་རྣམས་རང་རང་མང་འ་ཐང་དར་དུས་ཆོས་བརྒྱུད་གཞན་ལ་དབང་ཤེད་
ད་ང་
ཐུབ་ཚོད་བྱས་པ་གཅིག་མཚུང་ས་སུ་འདུག
མཁས་གྲུབ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། སངས་རྒྱས་ཀྱི་བསྟན་པའི་གཞུག་འདིར་ལུང་གི་བསྟན་པ་ལ་རྗེ་
བཅུན་
ཙོང་ཁ་པ་ཆེན་པོ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། ཞེས་དང་། གཞན་ཡ་ང་བཀའ་བརྒྱུད་ཀྱི་མཁས་གྲུབ་
ཆེན་པོ་
འགོས་ལོ་ཙ་བ་གཞོན་ནུ་ད་པལ་གྱི་དེབ་སྔོན་ལས། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་སྤྱན་ལྟོས་ལ་
བརྟེན་ནས་བོད་ཀྱི་ཁམས་འདིར་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ཡིན་ནོ། ཞེས་དང་། དེ་ལ་རྗེ་ཙོང་
ཁ་པ་ཆེན་པོས་ནི།
སྔགས་མཆན་ཉིད་ཀྱི་གསུང་རབ་སྤྱི་དང་། བྱེ་བྲག་ཏུ་འདུས་པའི་རྩ་བཤད་ཀྱི་རྒྱུད་དང་། རྒྱ་

{00000020.tif};
གར་ནས་བྱུང་བའི་འགྲེལ་པ་ཆེན་པོ་རྣམས་དང་། བོད་ཀྱི་ལུགས་རྣམས་ལའང་ལེགས་པར་བརྟགས་ཤིང་དཔྱད་
ནས་
རིམ་ལྔའི་ཁྲིད་ཡིག་དང་། དེའི་དོན་རྒྱས་པར་འཆད་པ་རིམ་ལྔ་གསལ་བའི་སྒྲོན་མེ་མཛད་དེ། འདུས་པའི་
ལུགས་
ཉམས་པ་རྣམས་གསོ་བར་མཛད་དོ། ཞེས་དང་། མཁས་མཆོག་དེ་ཉིད་ཀྱིས་རྗེ་ཙོང་ཁ་པ་ཆེན་པོ་ལ་ཐུབ་
ད་བང་གཉིས་པ
་ཞེས་པའི་གཟུ་བོར་གནས་པའི་ཆེ་བསྟོད་མཛད་པའང་དོན་ལ་གནས་པས་ད་ག་སྣང་སྦྱོང་བ་ཉིད་
བསོད་ནམས་
གསོག་པ་དང་བསྟན་པ་རིན་པོ་ཆེའི་དཔལ་དུ་ཆའོ།
སྔར་འབྲས་སྤུང་ས་སུ་ལྷ་རམས་དམ་འཇོག་སྐབས། ས་སྐྱ་དང་རྙིང་མ་དགོན་གཉིས་ཀ་ལ་མང་འགྱེད་ཀྱི་བསྙེན་
བཀུར་ཡང་
འཁོས་བསྟུན་ཞུས། ངེད་ལ་སེ་རར་བཀའ་བརྒྱུད་ཀྱི་དགེ་ཕྲུག་འགའ་ཞིག་ཀྱང་ཡོད། ཁོང་ཅ་ག་གི་མཆོད་
གཤོམ་
ཁྲོད་རྒྱལ་ད་བང་ཀརྨ་པ་དང་འཇམ་མགོན་ཀོང་སྤྲུལ་སོགས་ཀྱི་སྐུ་བརྙན་འགྲེམས་གཤོམ་ཀྱི་རིགས་ལའང་།
དགག་བྱ་དང་སྙིང་མི་དགེ་བ་དང་མ་རངས་པའི་རྣམ་འགྱུར་སོགས་གཏན་ནས་བྱས་མ་མོང་། འདི་ཀུན་ཀྱང་རྒྱལ་
མཆོག་ཐམས་ཅ་ད་མཁྱེན་པ་དང་
བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་
ཐུགས་རྗེའི་བྱིན་རླབས་ཅུང་ཞིག་སྙིང་ལ་ཞུགས་པའི་རྟགས་སུ་ཁུམས་སོ།
བཀའ་བརྒྱུད་པའི་དགེ་ཕྲུག་གཅིག་ནི་གཞུང་འདུལ་བའི་བར་སློབ་གཉེར་བྱས་ཏེ། དེང་སྐབས་བཀའ་པུག་ཏུ་འཇམ་
མགོན་ཀོང་སྤྲུལ་
གྱི་ད་གོན་པར་ཕྱག་དཔེ་ཁྲིད་མཁན་ཡིན་འདུག། གཞན་ཡང་བལ་ཡུལ་བཀའ་དགོན་ཞིག་ནས་
ཀྱང་།
བློ་གསར་བ་འགའ་ཞིག་འཇང་དགུན་སྐབས་ཕྲན་སར་དཔེ་ཁྲིད་ལ་ཡོང་གི་ཡོད།
མདོར་ན་སྔོན་གྱི་ཡོང་ས་གྲགས་ཀྱི་རིས་མེད་ཕྱོགས་མེད་ཀྱི་སྐྱེས་ཆེན་དམ་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་
མཚན།
རྒྱལ་མཆོག་ལྔ་པ་ཆེན་པོ། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་བྲོས་མཐའ་ཡས་
སོགས་དང་།
དེང་བི་ཆར་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ། ས་སྐྱ་ཁྲི་
འཛིན་
རིན་པོ་ཆེ། རྙིང་མའི་གཏེར་སྟོན་ཆེན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་ནི། ཕྱི་ལོ་ ལོར་སེ་
ར་
ཚོགས་ཆེན་དུ་ཆོས་འགྲེལ་ཡང་གནང་འདུག། ཚོགས་ཆེན་དུ་གྲུབ་མཐའ་གཞན་གྱི་བླ་མ་ལྟ་ཞོག་དབེ་ལྡན་པའི་བླ་
མ་སྐྱེས་ཆེན་
དམ་པ་ཡང་། རྒྱལ་བ་ཡབ་སྲས་གསུམ་དང་། སྐྱབས་རྗེ་ཟོང་རིན་པོ་ཆེ་ཙ་མ་ལས་གཞན་གད་ན་འདྲེན་
ཞུས་པ་མི་དྲན།
དག་སྣང་ཕྱོགས་ལྷུང་བྲལ་བ་ཞིག་གནང་ཐུབ་ན་བསྟན་འགྲོར་ཡང་ཕན་རླབས་ཆེ་བ་ནི་འདིས་
གསལ་བར་
མཚོན་ནུས་པས། དེ་ལྟ་བུའི་རྣམ་ཐར་ལ་ཆང་མས་ཅིས་ཀྱང་འབུངས་བར་རིགས་སོ།
{00000021.tif};
9
སྨྲས་པ།
སྨྲ་བ་མང་ན་དམ་པའི་ཆོས་ལ་མང་། བསམ་རྒྱུ་མང་ན་དམ་པའི་ཆོས་ལ་སོམས།
འགྲོ་རྒྱུ་མང་ན་ཚོགས་དང་ཆོས་གྲྭར་རྒྱུགས། ཅི་མཛད་ཆོས་སུ་བྱེད་ལ་འབུང་ས་ཤིག་ཨང་།
ཞེས་ཀྱང་སྨྲས་སོ།
ཚིག་མཛོད་ཀྱི་མཆན་གྱི་ཟུར་དུ་བླ་མའི་བྱིན་རླབས་ཞེས་པ་ནི། ཚིག་མཛོད་འདིའི་རྩོམ་སྒྲིག་གི་བྱན་མཐུ་ལས།
བསླབ་སྡོམ་ལ་བར་ཆད་བྱུང་བའི་མ་ངན་ཡང་ཕལ་ཆེར་བས་ལ་ཐབ་པ་བྱུང་། དེ་ནི་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་
དང་བྱིན་རླབས་
ཡིན་པ་ལ་ངེས་པ་གཏིང་ནས་རྙེད་ཅིང་། དུས་ད་ལ་ཡང་བླ་མའི་ཐུགས་རྔེའི་ནུ་ཞོས་སྐྱོང་བ་ནི་སྐུ་
དྲིན་
རེ་ཆེ་སྙམ་དུ་བསམས་ཏེ། ཡིད་སྐྱོ་ཞིང་བླ་མ་དྲན་པའི་སེམས་གདུང་གིས་མིག་ནས་མཆི་མའི་ཐིགས་པ་རྒྱུན་མི་
ཆད་དུ་
བྲུལ་བཞིན་དུ་མཆིས་པའི་ཚི། ཕྲན་ལ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་མོའི་བར་སློབ་ཁྲིད་བཀཱིན་བསྐྱང་ས་
ཞིང་།
ཕན་ལན་ལ་སྐད་ཅིག་ཀྱང་རེ་བ་མི་མཛད་པའི་བླ་མ་དམ་པ་མཆ་ན་བརྗོངུ་པ་དཀའ་བ་ཡོང་ས་ཀྱི་དགེ་བའི་
བཤེས་གཉེན་ཆེན་པོ་
བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱི་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་བསྟན་སྟེ། བྱིན་གྱིས་
བརླབས་པའི་ཉམས་
སྣང་ཡ་མཆན་པ་ཞིག་བྱུང་། དེ་ནས་བཟུང་ཉིན་རེ་བཞིན་བློ་སེམས་སྐྱིད་ལ་གུ་ཡང་ས་པ། བག་
ཕེབས་ལ་
སྤོབས་པ་བསྐྱེད་པ། ཅི་བྱེད་དོན་དུ་འགྱུར་བ་སོགས་བཀྲ་ཤིས་པའི་མེ་ཏོག་པི་ཆར་ཆེན་པོ་བབ་བོ། འདི་
ནི་བླ་མ་ཁ
ོ་ནའི་ཐུགས་རྗེ་དང་བྱིན་རླབས་ཡིན་པས་དེབ་ཆུང་འདི་བླ་མ་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་
འབུལ་ལོ།
མདོར་ན་དེབ་ཆུང་འདི་ཕྱི་ལོ་ སྒྲིག་འགོ་བརྩམས་ཤིང་། ལྷག་པར་བསླབ་པ་ལ་སྐྱོན་བྱུང་ནས་ལོ་ངོ་
བདུན་ཙ་མ་རིང་།
མཐུན་སྤྱོར་བྱིན་བད་ག་སོགས་དམིགས་བསལ་གང་ཡང་མེད་པར་འཚོ་བ་ང་ན་ངོན་ཙ་མ་ཞིག་
གིས་ཆོག་ཤེས་
པར་བྱས་ཏེ། བསྙེན་མཆམས་བསྡམས་པ་ལྟ་བུས་གཞན་ལ་འཐུག་འཕྲད་དང་ཡིག་འགྲེལ། རྣམ་
གཡེང་དང་
རོལ་རྩེད། དཔལ་འབྱོར་འདུ་འགོད་དང་དགྲ་འདུལ་གཉེན་སྐྱོང་སོགས་རེ་ཞིག་བློས་བཏང་སྟ། འདོད་
ཆུང་ཆོག་ཤེས་ཀྱི་
བརྟུལ་ཞུགས་བཟུང་ནས། རང་རེའི་ཆོས་དང་རིག་གཞུང་བཟང་པོའི་ཞབས་འདེབས་སུ་ལྷག་
བསམ་གྱི་
ཞེན་པ་དཀར་པོས་ཅོམ་སྒྲིག་ཞུས་པའོ།
འབྱུང་འགྱུར་འཆར་གཞི།
སྲོག་གི་རྒྱུན་མ་ནུབ་ཀྱི་བར་ཚིག་མཛོད་འདི་བཞིན་འཕྲོ་མཐུད་དེ་འཕར་སྣོན་རྩོམ་སྒྲིག་ཞུ་རྒྱུ་དང་། མཐུན་འགྱུར་
བྱུང་
ན་ཚིག་མཛོད་འདི་བཞིན་དབིུན་སྐད་དང་རྒྱའི་སྐད་སོགས་སྐད་རིགས་གཞན་དུ་བསྒྱུར་ཐུབ་རྒྱུའི་རེ་འ--ུན་
ཤུགས་ཆེ་ཡོད།

{00000022.tif};
གང་ལས་བཏུས་པའི་གཞུང་བི་ཁུང་ས་ནི།
འདུལ་བ་ལུང་སྡེ་བཞི་སོགས་བཀའ་འགྱུར། དེའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། ཐོགས་མེད། དབྱིག་
གཉན།
ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད་དང་། ཤཀྱ་འོད་དེ་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་རྣམས་དང་།
སློབ་དཔོན་རྟ་དབྱང་ས། སློབ་དཔོན་སང་ས་རྒྱས་བསྐྱང་ས། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་
པ།
དགེ་ལེགས་བཤེས་གཉེན། ཚུལ་ཁྲིམས་བསྐྱང་ས། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་ཞི་བ་འཚོ། སློབ་
དཔོན་ཀ་མ་ལ་ཤི་ལ།
ཀླུའི་བཤེས་གཉན། སློབ་དཔོན་ཨ་བྷཱ་ཀ་ར་གུ རྒྱལ་སྲས་ཞི་བ་ལྷ་སོགས་རྒྱ་གར་མཁས་
པའི་གཞུང་
མི་ཉུང་བ་ཞིག
བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འགའ་ཞིག། བུ་སྟོན་རིན་པོ་ཆེ་ནི་ས་དགོ་བཀའ་རྙིང་བི་གྲུབ་མཐའ་གང་གིའང་
ཁོང་
ས་སུ་མ་གཏོགས་ཤིང་། བོད་ཀྱི་གྲྭུབ་མཐའ་ཉེ་ཚི་བ་གྲགས་ཅ་ན་འགའ་ཞིག་བྱུང་བའི་ནང་གསེས་ཡིན་ཞིང་།
ཁོང་བི་གྲུབ་མཐའ་ལ་ཞ་ལུ་བའི་གྲུབ་མཐའམ་བུ་ལུགས་པ་ཞེས་གྲགས། ས་དབེ་བཀའ་རྙིང་བི་གྲུབ་མཐའ་ཐམས་
ཅ་ད་ཀྱིས་ཆད་
མར་བྱེད་པའི་སྐྱེས་ཆེན་ད་མ་པ་ཞིག་གོ།
དགེ་ལྡན་པའི་གཞུང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འདི་བྱིན་རླབས་ཆེ་ལ་ཁུང་ས་བཅུན་པ། དོན་ཟབ་ལ་རོམ་
པ་ལེགས་པ།
སེམས་རྒྱུད་འདུལ་བ་ལ་མཆོག་ཏུ་བསྔགས་པའི་འགྲན་ཟླ་བྲལ་བའི་ལེགས་བཤད་ཀྱི་པོད་བཅོ་བརྒྱད་
པོ་
རྣམས་ནི་གལ་འགང་ས་ཆེ་ཤོས་དང་རྩ་བ་ཆེ་ཤོས་སུ་བརྩིས་ཏེ་གཙོ་འདོན་ཞུས། དེ་ནས་རྒྱལ་ཆབ་དར་མ་རིན་
ཆེན།
མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་བ་དབེ་འདུན་གྲུབ། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། སེ་ར་
རྗེ་
བཅུན་ཆོས་ཀྱི་རྒྱལ་མཆན། མཁོན་སྟོན་མཁས་པ་དཔལ་འབྱོར་ལྷུན་གྲུབ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་
མཆན།
ལྕང་སྐྱ་ངག་དབང་ཆོས་ལྡན། ཀུན་མཁྱེན་འཇིགས་མེད་དབང་པོ། ལྕང་སྐྱ་རོལ་པའི་རྡོ་རྡོ་རྗ། ཀློང་རྡོལ་བླ་མ་
ངག་དབང་བློ་བློ་བཟང་།
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། དཔལ་ལྡན་ཆོས་རྗེ། གུང་ཐང་བསྟན་པའི་སྒྲོན་མེ།
བསྟན་དར་ལྷ་རམས་པ། དངུལ་ཆུ་ཅྭཱརྨ་བྷ་དྲ། ད་བྱང་ས་ཅན་གྲུབ་པའི་རྡོ་རྗེ། རྗེ་ཤེས་རབ་རྒྱ་མཚོ། ཁྲི་རྒྱལ་མཆན་
སེང་བ།
ཡོང་ས་འཛིན་ཁྲི་བྱང་རྡོ་རྗེ་འཆང་། འཇིགས་མེད་དམ་ཆོས་རྒྱ་མཚོ། མཁས་དབང་དགེ་འདུན་ཆོས་
འཕལ། ལོ་རྒྱུས་དང་རྒྱལ་རབས་ལ་རྣམ་དཔྱོད་ཀྱི་སྤྱན་དཀྱུས་ཡང་ས་པ་ཞ་སྒབ་པ་དབང་ཕྱུག་བདེ་ལྡན་སོགས་དབེ་
ལྡ
ན་གྱི་མཁས་པའི་ལེགས་བཤད་རྣམས་ས་སོ།
{00000023.tif};
བཀའ་བརྒྱུད་ཀྱི་གཞུང་། མཉམ་མེད་དག་པོ་ལྷ་རྗེ། ཀརྨ་པ་གསུམ་པ་རང་བྱུང་རྡོ་རྡོ་རྗ། འགོས་ལོ་ཅཱ་བ་གཞོན་ནུ་
དཔལ།
[འདི་དེབ་ཐེར་སྔོན་པོ་མཛད་པ་པོ་དང་། བེ་ཅོང་ཁ་པའི་དངོས་སློབ་སྐད་གཉིས་སྨ་བའི་ལོ་ཙ་བ་གཉིས་ཀྱི་ཡ་གྱེལ་ཡིན ཀརྨ་པ་
བརྒྱད་པ་མི་བསྐྱོད་རྡོ་རྗེ།
ཀརྨ་པ་ད་གུ་པ་དབང་ཕྱུག་རྡོ་རྗེ། དག་པོ་བཀྲིས་རྣམ་རྒྱལ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་སློབ་
མ་དཔའ་བོ་
གཅུག་ལག་ཕྲེང་བ། ཁོ་པོའི་དད་མོས་ཆེ་ཤོས་ཀྱི་བཀའ་བརྒྱུད་བསྟན་པའི་སྒྲོན་མེ་ཕྱོགས་མེད་རིས་མེད་
ཀྱི་
མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སམ། མཆ་ན་གཞན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་
གསུང་རྣམས་ནི། རྗེ་ཙོང་ཁ་པའི་ལེགས་བཤད་ལྟར་ཕྱོགས་ལྟུང་ཟུར་ཟའི་རིགས་གྲི་ཙ་མ་ཡང་མེད་པར་བློ་བདེ་པོ་
བྱེད་ནས་
བཀླག་ཆོག་ཅིང་། མཁས་པ་དགའ་བ་བསྐྱེད་པའི་ལེགས་བཤད་དང་། ཡ་རབས་དང་རྣམ་དཔྱོད་ཅ་ན་གྱི་
མིག་དཔེར་འོས་པའི་རྨད་དུ་བྱུང་བའི་གསུང་རབ་རྣམས་གཙོ་འདོན་བྱས་ཡོད།
རྙིང་མའི་གཞུང་། སློབ་དཔོན་པདྨཱའི་གསུང་ཐར་ཐོར། ཀློང་ཆེན་རབ་འབྱམས་པའི་གསུང་འགའ། ཀུན་མཁྱེན་
འཇིགས་མེད་གླིང་པའི་
གསུང་འགའ། འཇུ་མི་ཕམ་པའི་གསུང་འགའ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་
པོ
འི་གསུང་སོགས་ཉུང་ཤས་ཤིག
ས་སྐྱའི་གཞུང་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཆན་གྱི་གསུང་འགའ་རེ་དང་། གཡག་སྟོན་སང་ས་རྒྱས་དཔལ་གྱི་
མངོན་རྟོགས་རྒྱ
ན་འགྲེལ་པ། ས་སྐྱའི་ལམ་འབྲས་དང་། ས་སྐྱ་ལེགས་བཤད་སོགས་འགའ་ཞིག་མཇལ་ཡང་། དུས་
ཕྱིས་ཡུལ་ཁད་
ཀྱི་དབང་གིས་ཕྱག་དཔེ་ལག་སོན་མ་བྱུང་ཡ་ང་། རིང་མིན་ལེགས་བཤད་དེ་དག་ལ་ཐོས་པའི་བག་
ཆགས་
འཇོག་ཐུབ་པའི་སྲོན་འདུན་ཤུགས་དྲག་ཡོད་ལགས།
མདོར་ན་ཚིག་མཛོད་འདིའི་འབྱུང་ཁུང་ས་ནི་རྒྱལ་བའི་བཀའ་དང་། འཕགས་པོད་ཀྱི་མཁས་པའི་ལེགས་བཤད་ཆད་
ལྡན་
ཤ་སྟག་ཡིན་པས། ཅིས་ཀྱང་ཡིད་ཆེས་པའི་གནས་སུ་རིགས་སོ།
རྩོམ་སྒྲིག་པ་ཤེས་རྒྱ་དང་མཐོང་རྒྱ་ཆུང་བས་ནོར་འཁྲུལ་མང་དག་ཅིག་ཡོད་ངེས་པས། ཆད་ལྷག་ཀྱི་ནོང་ས་པར་གྱུར་
པ་
ཅི་མཆིས་མཁས་པ་རྣམ་དཔྱོད་ཀྱི་ནོར་དང་ལྡན་པ་དག་པིས་འཕྱ་སྨོད་ཀྱི་གནས་སུ་མི་མཛད་པར་ལེགས་བཅོས་
བསྟན་
པའི་ཞབས་འདེབས་སུ་སྨན་པ་གཤམ་གསལ་ཁ་བྱང་ཐོག་གནང་རོགས་ཞེས་རི་སྐུལ་ཞུ་རྒྱུ་ལགས།

{00000024.tif};
[2
[о-
( 9འཐ ([ [ ག༐ ( [ [ བྱཁ༐ ཐཡр-
)[ ་་ 1 19 о-[08
1 () 8 [571104
[)[)6ь- 1 1)[
མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཇོད་རིས་མེད་
མཁས་པའི་
ཞལ་ལུང་བླ་མའི་བིན་རླ་བས་
ཞེས་བྱ་བ་བཞུགས་ས་སོ།

7
ཀ།
(4) ཁོ་ན། རང་། དཔེར་ན། དེ་ཀ། ཞེས་པ་ལྷ་བུ་དང་། དེ་རུ་ཀ་འགྲོ་དགོས། ཞེས་པ་དང་། ཅི་མཛད་
སེམས་ཅུ་ན་གྱི་དོན་དུ་འགྱུར་བ་ཞིག་བྱུང་ན་སྙམ་པ་ཀ་དགོང་ས། ཞེས་པ་ལྟ་བུ། ད་ལྟའང་བྱང་ཆུབ་ཀྱི་
སེམས་ཀྱི་བསྔགས་པ་
ཀ་གསུང་། ཞེས་པ་ལྟ་བུ་རྣམས་སོ། (2) མིང་གི་ཆ་ཤས་སུ་གྱུར་པའི་ཡི་གེ་ཞིག་སྟེ།
རྟགས་མཚུང་ས་འངེན་སྐབས། ག་ད་བ་ས་སྟ། ཇོས་འཇུག་པོས་དྲང་ས་པའི་མིང་བི་ཆ་ཤས་ཤིག དཔེར་
ན།
ཐོག་ཀ། དཔྱིད་ཀ། (8) མིང་མཐར་སྦྱར་ན། ཐམས་ཅ་ད་ཅེས་པའི་དོན་སྟོན་པའི་ཡིག་འབྲུ་ཞིག།
དཔེར་ན། སྔ་ཕྱི་གཉིས་ཀ། ཞེས་པ་རྟ་བུའོ། (4) དང་པོ། གདོད་མ། ཐོག་མ། དཔེར་ན། ཀ་ནས་ད་ག་པ།
ཞེས་པ་ལྟ་བུའོ།
ཀ་ཀ་ནི། མ་ཤ་ཀ་གཅིག་བི་རིན་ཐང་གི་མིང་སྟ འགྲོན་བུ་ཉི་ཤུའི་རིན་ཐང་བི་ཆད། པོ་ཏི་ཡང་ཟེར།
ཀ་ཀོ་ལ། ལེགས་སྦྱར ཀཀྟོ་ལ་དང་འདྲ།
ཀ་ཆེན་བཞི། བཀའ་བབས་ཀྱི་སློབ་མ་བཞི་དང་དོན་གཅིག བཀའ་བབས་ཀྱི་སློབ་མ་བཞི་ལ་གཟིགས།
{00000025.tif};
ཀ་བསྟོད། ཧྲུ། ཀཱ་ལ་རུ་པ་རབ་བརྗིད་དྲག་པོའི་སྐུ། ཁ་ནས་ཁྲག་འཛག་མི་མགོའི་ཕྲེང་བ་ཡི། ག་ཤ་རབ་འཕྱང་
མི་བཟད་བདུད་
དབུང་གི། ང་རྒྱལ་དྲེགས་པ་འཇོམས་པ་ཁྱོད་ལ་བསྟོད། ཅེས་སོགས་ཀྱི་དམ་ཅན་ཆོས་
རྒྱལ་གྱི་བསྟོད་པ་
འདི་ལ་ཟེར། རྗེ་ད་གེ་འདུན་གྲུབ་ཀྱིས་མཛད།
ཀ་བསྟོད་མ་བསྟོད་། དམ་ཅན་ཆོས་རྒྱལ་ཡབ་ཡུམ་གྱི་བསྟོད་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད།
ཀ་ད་ག སྟོང་ཉིད། སྒྲ་བཤད་ནི། ཀ་ནས་དག་པ་སྟེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པས་དག་པའམ་སྟོང་པས་
ན་དེ་
སྐད་ཅེས་བྱའོ།
ཀ་དམ་པ། ལེགས་སྦྱར བོད་སྐད་དུ་བསྒུར་ན། ཆུ་སྐྱར། ཤིང་ཚོགས་ཅ་ན། རྒྱལ་མཆོག་ལྔ་པས་མཐིལ་རིལ་གྱི་
མིང་དུའང་གསུངས་ཞེས་ས་སྣང་།
ཀ་དྲུ། ཚོན་གྱི་བྱེ་བྲག་ཅིག་གི་མིང་ཡིན་པར་རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་བསྐྱང་ས་གསུང་།
ཀ་ན་ཀ། རྒྱ་གར་གྱི་སྐད པཱ་ལཱ་ཤ་ད་ང་འདྲ།
ཀ་ཎ་ཡ་། ལེགས་སྦྱར (4) གདུང་ཕྱེད་པའི་རྣམ་པར་བཤད་པ་ཡོད་ཀྱང་། རྡོ་རྗེ་རྩེ་གཅིག་པའི་རྣམ་པའོ། ཞེས་
རྗེའི་
འཇིགས་བྱེད་ཀྱི་ཕྱག་མཆན་སོགས་ཀྱི་བཤད་པའི་ཟིན་གྲིས་ལས་གསུངས་སོ། (2) ཡང་། ཀ་ཎ་ཡ་
ནི་གདུང་ལ་ཞགས་པ་བཏགས་པའི་ཞགས་གདུང་དུ་གྲགས་པ་དའོ།
ཀ་ཎི། ལགས་སྦྱར མཁས་པ་མང་པོས་མཆོད་རྟེན་གྱི་མིང་ཡིན་པར་བ་ཤད། ཀ་ཆི་ཞེས་པའི་སྐོར་ལ། དགེ་བཤེས་
བསྟན་འཛིན་རྒྱ
ལ་མཆན་རིན་པོ་ཆེས་སྔར་མཆོད་རྟེན་ནས་སྒོ་ལམ་ཡོད་པ་དེ་ཚོའི་ཡས་སྒོ་ལ་མི་འཁྲུགས་
པའི་
དཀྱིལ་འཁོར་དང་། གཟུང་ས་སྔགས་ཀོཾ་ཀ་ཆི་གྲིས་ཡོད་པ་དག་ལས། ཕྱིས་མཆོད་རྟེན་བོ་ལམ་ཡོད་པ་
ཆང་མར་
མིང་དེ་འཛགས་པ་མིན་ནམ་གསུང་ས་པ་དང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་རྒྱ་གར་
བས་མཆོད་རྟེན་རྣམས་ལ་ཀ་ཆི་ཟེར་བ་རེད་ཅེས་གསུང་ས། ཞེས་ཞྭ་སྒབ་པའི་རྒྱལ་རབས་ནང་གསལ།
ཀ་པ་ལ། [ལགས་སྦྱར མིའི་ཐོད་རུས། ངེས་ཚིག་ནི། བདེ་སྐྱོང་སྟ ཀོཾ་དང་པཱ་ལ་གཉིས་སོ་སོར་བཤད་ན། ཀོཾ་བདེ་
བ།
པཱ་ལ་སྐྱོང་བ་ལ་བཤད་ས་ཡོད་པ་རྗེའི་སྔགས་རིམ་ཆེན་མོར་གསལ།
ཀ་སྤུ་ར། [ལགས་སྦྱར (1)ག་བུར། (2) ཐིག་ལེ། ཁམས་དཀར་པོ། ཐིག་ལེ་ལ་ཀ་སྤུ་ ཞེས་པ་ནི་ཁ་དོག་དཀར་
པོའི་ཆ་ནས་
བཏགས་སོ།
ཀ་མ་བ། བཀའ་གདམས་པའི་དགེ་བཤེས་ཀ་མ་བ་ཤེས་རབ་འོད། རྗེ་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་
དགོན་པ་བའི་དངོས་སློབ་གྲགས་ཙ་ན་བཞི་ཡོད་པའི་ཡ་གྱལ་ཡིན་ཞིང་། [དགོན་པ་བའི་དངོས་སློབ་བཞི་ནི། ཞང་

{00000026.tif};
4
སྣེའུ་ཟུར་པ་ཡེ་ཤེས་འབར། དགེ་བཤེས་ཀ་མ་བ་ཤེས་རབ་འོ གཉན་སྣ་མོ་བ། དགེ་བཤེས་འབན་གུང་རྒྱལ་དང་བཞིའོ། ཇོ་
བོ་རྗེ་ལན་པ་སྤྱིལ་
བུར་ཕེབས་དུས། ཡུམ་དེས་ཇོ་བོ་ལ་པྱིན་རླུབས་ཞུས་པས། འདི་ལ་བུ་བཟང་པོ་ཞིག་
འོང་
གསུང་ས་ནས་ལུང་བསྟན་པ་བཞིན་ལན་པ་མདར་མེ་མོ་བྱ་ལ་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཆན་
ཤེས་རབ་འོད་། ཕྱིས་དགོན་པ་བ་དང་མཇལ་དུ་པྱོན་པས་དགོན་པ་བས་ཆོས་དང་ཟང་ཟིང་གཉིས་ཀས་
བསྐྱང་ས། མངོན་པར་རྟོགས་པའི་ཡོན་ཏན་ཡ་ང་ཆད་མེད་པ་དང་ལྡན་པ་ཡིན། ཐུགས་རབ་ཀྱང་ཤིན་ཏུ་ཆེ།
རྟོག་བེ་འབར་བ་ནག་ཚོས་བསྒུར་བ་ལས་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ཉིད་གཏ་ན་ལ་དབབ་པའི་ལེའུ་ལ་
འགྱུར་བཅོས་མཛད་པ་པོའི་མཁས་བཅུ་ན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒུར་ཟེར་བའི་ཡ་གཅིག་ཀྱང་
ཁོང་
ཡིན་པ་འདྲའོ། དེས་ཀ་མ་དགོན་པ་བཏ་བ། གྲྭ་པ་ཡང་བདུན་བརྒྱ་ཙ་མ་འཚོགས། ཕྱི་རོལ་གྱི་དངོས་
པོ་
ང་ན་པ་རྣམས་བཟང་པོར་བསྒུར་ནུས་པའི་ཏིང་ངེ་འཛིན་བརྟན་པོ་ཡང་མང་འ། དགུང་ལོ་བདུན་ཅུ་རྩ་ལྔ་
པ་ལྕགས་མོ་ཕག་ལ་སྐུ་གཤེགས། ཞེས་དེབ་སྔོན་དུ་གསལ་བ་ལྟར་བཀོད། འཁྲུང་ས་འདས་ལོ་ཚིགས་
1057 1131 ཡིན། འགའ་ཞིག་གིས་ལམ་རིམ་ཆེན་མོ་སོགས་སུ་ཀ་མ་བ་ཞེས་འབྱུང་བ་ངེས་དོན་དུ་
ཀརྨ་པ་ལ་ཞུ་བ་ཡིན་ཀྱང་ཀ་མ་བ་ཞེས་ཚིག་ལ་བཅོས་བསྒུར་བྱས་པ་རེད་ཅེས་ཟེར་བ་ནི་རྨོངས་བཤད་དེ།
དེའི་སྐོར་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དང་། གཞན་ཡང་བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་
འགོས་ལོ་ཅཱ་བ་གཞོན་ནུ་དཔལ་ འདི་ཇོ་ཅོང་ཁ་པའི་དངོས་སློབ་གྲགས་ཆེ་བའི་གྲས་ཤིག་ཡིན གྱི་དེབ་སྔོན་སོགས་ལ་
བལྟས་ན་ཤེས་ས་སོ།

ཀཱ་མ་ར་པ། [ལེགས་སྦྱར འདོད་པའི་གཟུགས་ཏེ་གཉལ་གྱི་ལྷོ་ཐད་རྒྱ་གར་ཤར་ཕྱོགས་ཆུ་བོ་ལོ་ཧི་ཏ་དཀྱིལ་ན་
འབབ་པའི་
ས་ཕྱོགས་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པའི་ཕྱོགས་ཤིག་ན་སྒྲུབ་གནས་རྡོའི་ལིང་ག་མཆན་ཁུང་
ལྟ་བུས་མཆན་པའི་ཆོས་འབྱུང་མི་གང་ཙ་མ་གྱིས་མཐོ་བ་ཡོད་པ་ལ་བཞེད་།
ཀཱ་ཡ་། [ལེགས་སྦྱར སྐུ། ལུས།
ཀ་ར། ལེགས་སྦྱར ལི་ཁར་ཏེ། བུ་རམ་རྡོག་པོར་བྱས་པ་ལ་ཟེར།
ཀ་ར་པི་རའི་མེ་ཏོབ ཀཱ་ར་ཝི་རའི་མེ་ཏོག་དང་འདྲ།
ཀཱ་ར་ཝི་ར་འི་མེ་ཏོག (1)མེ་ཏོག་དམར་པོའི་ཕྲེང་བ་ཡང་ཟེར། དེ་རྒྱ་གར་ན་རོ་མཆོད་པའི་མེ་ཏོག་ད་ང་རྒྱལ་
པོས་
གསོད་པ་ན་དེའི་ཕྲེང་བ་མགུལ་བར་འཆིང་བས་གསོད་རྟགས་ཞེས་བྱ་ལ་དེའི་ཕྱིར་མེ་ཏོག་དེའི་ཕྲེང་བ་
འཛིན་པ་སོགས་མིས་
ན་འཆི་ལྟས་སུ་བཤད་། (8) རྔུལ་གྱི་ཁམས་རབ་ཏུ་རྒྱས་པ་མཚོན། (8) ཀློང་རྡོལ་བླ་
{00000027.tif};
མས། མེ་ཏོག་ཀ་ར་བི་ར། ཞེས་པ་ཤོག་བུ་བཟོ་རྒྱུའི་རེ་ལྕག་མེ་ཏོག་ཅེས་གསུང་ས། བོད་རྒྱ་ཚིག་མཛོད་ཆེན་མོར་
ཡང་དེ་
བཞིན་དུ་གསལ འདུལ་བ་ལུང་གཞི་པོད་གསུམ་པའི་ནང་། ཀ་ར་པི་ར་ཞེས་དག་ཆ་ཅུང་ཟད་མི་འདྲ་བ་ཡང་སྣང་།
ཀཱ་རུ་ཎ་། ལེགས་སྦྱར (1) སྙིང་རྗེ། ངེས་ཚིག་ནི། བདེ་འགོག་སྟེ། ཀཱ་སུ་ཁ་སྟེ་བདེ་བ་དང་། རུ་རུ་ཎ་འགོག་པ་སྟེ་
བདེ་འགོག་ཅེས་བྱའོ། ཡང་ན། ངེས་ཚིག་ནི། སྙིང་རྗེའི་སྐད་དོད་ཀཱ་རུ་ཎ་། ཞེས་པ་ཀ་ལ་ཐིག་ལེ་བྱིན་ནས་
ཀོ
ཾ་ཞེས་པ་ནི་བདེ་བ་ད་ང་། རུ་ཎ་འགོག་པ་སྟེ་བདེ་འགོག་ཅེས་བྱའོ། རང་གཅིག་བུ་བདེ་བར་འདུག་པའི་བློ་
འགོག་པ
ས་ན་བདེ་འགོག་ཅེས་ཀྱང་ཟེར་རོ། (2) སྔགས བདེ་བ་ཆེན་པོའི་ཡེ་ཤེས་ལ་ཟེར། འཛག་བདེ་
འགོག་པས་ན་སྙིང་རྗེའམ་བདེ་འགོག་ཅེས་བྱའོ།
ཀ་ལ་པིངྐ། ལེགས་སྲར བསྒུར་ན་སྙན་སྒྲོགས། སྐད་ཤིན་ཏུ་སྙན་པའི་བྱ་རིགས་རྒྱ་མཚོའི་གླིང་ན་གནས་པ་ཞིག།
འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ།
ཀ་ལ་བིངྐཿ། ལགས་སྦྱར མཆིལ་བའམ་ཁང་བྱིའུ། འདི་རྒྱ་མཚོའི་གླིང་པི་བྱ་སྐད་སྙན་པ་དེ་དང་མི་འདྲ། ཞེས་
འཕགས་
བོད་སྐད་གཉིས་ཤན་སྦྱར་ན་གསལ།
ཀ་ལན་ད་ཀ། ལགས་སྦྱར བྱིའུ་ཆུང་ཆུང་ཞིག་གི་མིང་། འདུལ་བ་ལུང་གཞིའི་རྒྱ་ཆེར་བཤད་པ་ལས། ཀ་ལན་ད་
ཀའི་གནས་ན་ཞེས་བྱ་བ་ནི་ཀ་ལན་ད་ཀ་ཞེས་བྱ་བ་སྲོག་ཆགས་བྱ་ཕྲ་མོ་དག་
བི་གནས་ན་སྟེ། ཞེས་གསུང་ས་
པ་ལྟར་རོ།

ཀ་ལན་ད་ཀའི་གནས། བྱིའུ་ཆུང་ཚུང་ཀ་ལན་ད་ཀ་ཞེས་བྱ་བ་རྩེ་ཞིང་འབབ་པའི་གནས་ལ་ཟེར།
ཀཱ་ལ་ར་པ། ལགས་སྦྱར དམ་ཅ་ན་ཆོས་རྒྱལ་གྱི་མིང་།
ཀ་ལི། ཀ་ཕྲེང་། གསལ་བྱེད། སྒྲ་བཤད་ནི། ཀ་ནི་གསལ་བྱེད་ཀྱི་ཡི་གེའི་སྡེ་ཆན་རྣམས་ཡིན་ལ། ལི་ཞེས་པ་ནི།
་ལི་ནཱི་སྟེ་ཕྲེང་བའི་སྐད་དོད་ད་དོ། དེས་ཨ་ལི་ལའང་རིགས་འགྲེ།
ཀཱ་ལི། ཀ་ལི་དང་འདྲ།
ཀ་ལིབ། [ལགསསྦྱར (1)མང་ནང་གི་རྒྱ་བ་རྡོ་རྗེ་གདན་ནས་ད་པག་ཆད་བཅུ་གཉིས་ཀྱི་ཚུ་རོལ་ན་གླང་པོ་ཆེ་འཛིན་
པའི་ས་ཞེས་བྱ་བ
འི་སྒྲུབ་གནས་ཡོད་པ་ལ་བཞེད། (2) འགའ་ཞིག་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཀ་ལིང་ཀ་
དང་ཉེ་བའི་ཡུལ་འཁོར་
ལ་བཞེད། (8) ཁ་ཅིག་རྡོ་རྗེ་གདན་ནས་དཔག་ཆད་བཅུ་དྲུག་ལྟོ་ནུབ་ཏུ་ཕྱིན་པ་ན་
ཡོད་
པ་ལ་བཞེད།
{00000028.tif};
ཀཀྐོ་ལ། ལེགས་སྦྱར (1) ཕྱི་རྒྱལ་གྱི་སྐད་དུ། ཞེས་པའི་ཤིང་འབྲས་ཅ་ན་གྱི་ལྗང་སྡོང་ཞིག (2) མོ་མཆན་
གྱི་གབ་མིང་། དཔེར་ན། ཀྱེ་རྡོར་གྱི་རྒྱུད་བརྟག་གཉིས་ལས། ནུ་མ་སྤང་ས་པ་བོ་ལར་འགྱུར། ཀཀྲོ་ལ་
ད་བུས་ཡང་དག་གནས།
འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུ ཞེས་གསུང་ས་པ་ལྟར་རོ། རྒྱུད་བརྟག་
གཉིས་ཀྱི་
ཚིགས་བཅད་འདི་རྣལ་འབྱོར་མའི་བདག་བསྐྱེད་རྒྱས་པའི་ཁྲོད་དུའང་བཞུགས། (8) རྩི་ཤིང་ཞིག་
པི་
འབྲས་བུའི་མིང་། ཆེ་བ་སྟར་ཁ་ཙམ། དབྱིབས་འཇོང་ཟླུམ་དང་ཤུན་པར་གཉེར་མ་མང་ཞིང་ནང་ལ་ས་
བོན་གྱིས་
གང་ནས་ཡོད། རྒྱ་ནག་གི་སྐད་དུ། ཆོ་ཀོ ཟེར་ཞིང་། ཟས་ཀྱི་བྲོ་བ་འབྱིན་བྱེད་ད་ང་སྨན་བྱེད་
ཆོག་ཅེས་ད་ག་ཡིག་གསར་བསྒྲིགས་ན་གསལ།
ཀང་ཀོང་། ཀང་ངེ་ཀོང་ངེའི་བསྡུས་ཚིག་སྟེ། ཀྱང་ཀྱོང་དང་དོན་གཅིག
ཀང་ངེ་ཀོང་ངེ་། འབར་འབུར་ཏེ། ཀྱང་ངེ་ཀྱོང་ངེ་དང་དོན་གཅིག
ཀི
ལེགས་སྦྱར རྒྱ་གར་ལྷོ་ཕྱོགས་ཆོས་གྲགས་ཀྱི་ཡུལ་དང་ཉེ་བ་ན་གྲོང་ཁྱེར་མཆོག་ཅིས་གྲགས་པ་དཱ་རི་ཀ་པ་
གྲུབ་
པ་བརྙེས་པའི་ས་ཕྱོགས་སྒྲུབ་གནས་གསེར་གྱི་ལིང་ག་ལྟ་བུས་མཆན་པ་ཡོད་པ་ལ་བཞེད་།
ཀད་དེ་བ། ཕྱག་ཆེན (4)ཞེན་པ་ཆུང་ངུ་། ཆོས་ཐམས་ཅ་ད་རང་བཞིན་གྱིས་སྟོང་པ་རེད་སྙམ་དུ་ཞེན་པའི་ཞེན་པ་
ཆུང་
འུ་དེ་ཡང་སྤོང་དགོས་པར་གསུང་ས་པའི་དོན་ཡིན། ཞེས་བཀའ་བརྒྱུད་པའི་མཁན་ཆེན་ཁྲ་འགུ་རིན་པོ་
ཆེ་གསུང་།
ཁེ་ན་ཌའི་གྲོང་ཁྱེར་ཧེ་ལ་ཕེཀ་སི་རུ་ ་ལ ཉིན་ཁྲ་འགུ་རིན་པོ་ཆེར་བཅར་འདྲི་ཞུས་ཏེ་ཇི་སྟར་གསུང་ས་པ་
སྟར་བཀོད།
(2) ཁོ་བུའི་བསམ་ཚོད་ལ ཀད་དེ། ཞེས་པ་ཡུལ་སྐད་འགའ་ཞིག་ལ། རྦད་དེ། ཆང་མ།
ཡོང་ས་རྫོགས་བཅ་ས་ལ་ཟེར་བས། འདི་ནི་འདི་ཁོ་ན་ལྟར་ངེས་སོ་སྙམ་པའི་བློ་ཐག་རྦད་བཅ་ད་ཀྱི་ཞེན་པ་
ཞིག་
ལ་ཟེར་བ་ཡིན་ནམ་སྙམ། འདི་ཡང་གཞུང་གི་ལྟག་འོག་གི་དོན་རྣམས་ལ་མང་དུ་ད་པྱད་ཅིང་གུང་
བསྒྲིགས་ཏེ་
བཀོད་། ཀད་དི་བ། ཞེས་པའི་ཚིག་འདི་བཀའ་བརྒྱུད་པའི་ཕྱག་ཆེན་གྱི་ཐུན་མོང་མ་ཡིན་པའི་
ཆོས་
བད་ཞིག་ཡིན་ཞིང་། ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཕྱག་ཆེན་ཁྲིད་ཡིག་ངེས་དོན་རྒྱ་མཚོའི་ནང་ཐེང་ས་
འགའ་
ཤས་དང་། ཕྱག་ཆེན་གྱི་ཁྲིད་ཡིག་དེ་ལས་ཅུང་ཟད་བསྡུས་པ་མ་རིག་མུན་སེལ་ནང་ལན་མང་དུ་
སྣང་ངོ་།
སྐད་དེ་བ དང་། ཀད་ད་བ གཉིས་དོན་གཅིག་ཡིན་མིན་ལ་དཔྱད་། དེབ་སྔོན་སྟོད་ཆ། ཤོག་
གྲང་ས་
ལས། ཇེ་སྒམ་པོ་བས་དཔལ་ཕག་མོ་གྲུ་པ་ལ ད་ང་ལ་ཡང་དེ་བས་ལྷག་པ་བསྟན་རྒྱུ་མད། འོ་ན་
ཡང་
ང་རང་གི་ལུགས་ཁྲིགས་སྐད་དེ་བ་ཞིག་ཡོད་པ་དེ་བྱ་དགོས་གསུངས་ནས། ཞེས་གསུང་ས་སོ།
{00000029.tif};
17
ཀཎྜ་ཀ་རི། ལེགས་སྦྱར ཚིར་མ་ཅ་ན་ཏེ་ཤིང་སྨན་གྱི་རགས་ཤིག། རོ་མང་ར་ལ་ཁ་ཞིང་ཆ་བ། ཞུ་རྗེས་སྙོམས།
ནུས་པས་རླུང་ཆད་ད་ང་བད་ཀན་སྐྱ་བོ། གློ་ནད་བཅ་ས་ལ་ཕན། འདི་བླ་མེད་ཀྱི་བུམ་རྫས་ཉེར་ལྔའི་གྲས་
ཤིག་ཡིན།
ཀམ་པོ་གནས། ཀམ་པོ་གནས་ཞེས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ཡུན་རིང་བཞུགས་ཏེ་རྟོགས་པ་
བརྙེས་ཤིང་།
རྗེས་སུ་ཆོས་བརྒྱུད་ལའང་ཀམ་ཆང་བཀའ་བརྒྱུད་ཅེས་མཆན་ཐོགས། གནས་དེ་ནི་དཔལ་
འཁོར་ལོ་བདེ་མཆོག་གི་གནས་ཆེན་
ཞིག་ཡིན་པ་དང་། དེའི་ཕུར་ཀམ་པོ་གནས་ཞེས་ཐ་སྙད་གདགས་
གཞིའི་རྩ་བ་ཕ་བོང་ཆེན་པོ་ཡི་གེ་ཀ་རང་བྱོན་ཅ་ན་ཞིག་ཡོད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ན་
གསལ།
ཀམ་ཚང་། ཀམ་པོ་གནས་དང་འདྲ།
ཀར་ནི་ཀཱ་ར། ལགས་སྦྱར མེ་ཏོག་ཅིག
ཀར་པི་སའི་ཆལ་གསེབ། ཀར་པི་སའི་ཆལ་གསེབ་ཅེས་བྱ་བ་ནི་ཤིང་ལྗོན་པ་ཞེས་མང་པོའི་མིང་ཡིན་ནོ། ཞེས་
འདུལ་བ་ལུང་
གཞིའི་རྒྱ་ཆེར་བཤད་པ་ལས་གསུང་ས།
ཀར་བྲིས། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་རི་མོའི་ཐིག་རྩ་ཉི་མ་ཆེན་པོ་ཞེས་པ་མཛད་པ་དང་། ལྷག་པར་ཀརྨ་
པ་བཅུ་
པ་ཆོས་དབྱིང་ས་རྡོ་རྗེ་རི་མོ་ལ་ཤིན་ཏུ་མཁས་ཤིང་ཕྱག་བདེ་བས་རྗེ་དེ་ཉིད་ཀྱི་ཕྱག་བཟོའི་རྒྱུན་ལ་
ཀརྨ་སྒར་བྲིས་སས་མ།
ཀར་གྲིས་ཞེས་བརྗོད་པ་ཡིན་འདུག རྒྱས་པར་གཟིགས་འདོད་ན་ཞ་སྒབ་པའི་རྒྱལ་རབས་དེབ་
དང་པོ་ལ་གཟིགས།
ཀར་བྲིས་ད་ང་གཞུང་བྲིས་ཀྱི་ཁྱད་པར། ཀར་གྲིས་ཀྱི་ལྷ་ཞི་བ་རྣམས་ཞལ་དང་། སྤྱན་ཆུང་བས་ཞི་ཉམས་ཆེ་
ཞིང་།
གཞུང་བྲིས་ཀྱི་ལྷ་ཞི་བ་རྣམས་ཞལ་ད་ང་། སྤྱན་ཆེ་བས་ཁྲོ་ཉམས་ཅུང་ཟད་ཡོད་ཚུལ་བརྗོད་སྲོལ་
ཡོད་པར་བ་ཤ
རྒྱས་པར་གཟིགས་འདོད་ན་ཞ་སྒབ་པའི་རྒྱལ་རབས་དེབ་དང་པོ་ ལ་གཟིགས།
ཀརཀྲ [ལགས་སྦྱར (1) སྦལ་པ། (2) དབྱར་གྱི་དུས། དབྱར་གྱི་དུས་ལ་ཀརགྲ་ཞེས་བརྗོད་པའི་རྒྱུ་མཆན་ནི།
ཀརགྲ་ནི་སྦལ་པ་ཡིན་ལ་དེས་སྐད་འབྱིན་པའི་དུས་ཡིན་པས་དེ་སྐད་ཅེས་བརྗོད།
ཀརྨ། [ལེགས་སྦྱར འཕྲིན་ལས། ལས།
ཀརྨ་བཀའ་བརྦུད། དགས་པོ་བཀའ་བརྒྱུད་ཀྱི་ནང་གསེས་ཤིག་སྟེ། མཉམ་མིད་དགས་པོ་ལྷ་རྗེའི་སློབ་མ་ཀརྨ་པ་
དུས་གསུམ་མཁྱེན་པ་
ལས་བརྒྱུད་པའི་བཀའ་བརྒྱུད་པའི་གྲུབ་མཐའ་ཞིག

{00000030.tif};
ཀརྨ་བར་བྲིས། ཀར་གྲིས་དང་དོན་འདྲ། ཀར་བྲིས་ལ་གཟིགས།
ཀརྨ་པ་སྐུ་ཕྲེང་རིམ་བྱོན། ཀརྨ་པ་དུས་གསུམ་མཁྱེན་པ། ཀརྨ་པཀྴི་ཆོས་ཀྱི་བླ་མ། ཀརྨ་པ་རང་བྱུང་རྡོ་
རྗེ།
ཀརྨ་པ་རོལ་པའི་རྡོ་རྗེ། ཀརྨ་དེ་བཞིན་གཤེགས་པ། ཀརྨ་པ་མཐོང་བ་དོན་ལྡན། ཀརྨ་
པ་ཆོས་གྲགས་རྒྱ་མཚོ།
ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀརྨ་པ་དབང་ཕྱུག་རྡོ་རྗེ། ཀརྨ་པ་ཆོས་
དབྱིང་ས་རྡོ་རྗེ།
ཀརྨ་པ་ཡེ་ཤེས་རྡོ་རྗེ། ཀརྨ་པ་བྱང་ཆུབ་རྡོ་ཇེ། ཀརྨ་པ་བདུད་འདུལ་རྡོ་རྗེ།
ཀརྨ་པ་ཐེག་མཆོག་རྡོ་རྗེ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། ཀརྨ་པ་རང་བྱུང་རིག་པའི་རྡོ་ཆེ།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ།
ཀཱརྵ་པ་ཎ་། ལགས་སྦྱར འགྲོན་བུ་ཆིག་སྟོང་དྲུག་རྒྱའི་རིན་ཐང་གི་མིང་། ལུང་གཞིའི་འགྲེལ་པ་ལ་གཞི་བྱས་ཏེ་
བཀོད།
ཀཱརྵ་པ་ཎ་འི་བཞི་ཆ། མ་ཤ་ཀ་ལྔ་སྟ། འགྲོན་བུ་བཞི་བརྒྱའི་རིན་ཐང་གི་མིང་ང་ངོ་།
ཀལྤ ལེགས་སྦྱར བསྐལ་པ།
ཀུ་ཀུ། བྱ་ཁུ་བྱུག་བི་སྐད།
ཀུ་ཀུ་ཏ་ཡ། ལགས་སྦྱར ཀུ་ཀུ་ཞེས་སྒྲ་འབྱིན་པར་བྱེད་པ་སྟེ། ཁུ་བྱུག་རབ་ཏུ་དགའ་བ་སྐྱེས་པ་ན་སྒྲའི་བྱེ་བྲག་མི་
གསལ་བར་ཀུ་ཀུ་ཞེས་
སྒྲོག་པར་བྱེད་པ་ལ་ཟེར།
ཀུ་ཀུ་ར། ལགས་སྦྱར ཁྱི།
ཀུ་བེ་ར། ལེགས་སྦྱར ལུས་ངན་ཏེ། རྣམ་སྲས་ཀྱི་མིང་།
ཀུ་མུ་ད། ལེགས་སྦྱར མེ་ཏོག་པདྨའི་བྱེ་བྲག་ཅིག་སྟེ། མཆན་མོའི་ཁ་འབྱེ་བའི་པདྨ་དཀར་པོའི་མིང་། མིང་གི་རྣམ་
གྲང་ས་ལ།
སྟེང་འཐུང་དཀར་པོ། མཚན་མོ་བཞད་སོགས་མིང་མང་པོ་ཡོད་།
ཀུ་མུད་། ལེགས་སྦྱར ཀུ་མུ་ད་ད་ང་འདྲ།
ཀུ་རུ་ཀེ། ལགས་སྦྱར སྒྲོལ་མ་ཀུ་རུ་ཀུལྐེ་སྟེ། རིགས་བྱེད་མའི་མིང་། ངེས་ཚིག་ནི། ཀུ་རུ་བྱེད། ཀུལླི་ནི་རིགས་
མའོ།
ཀུ་རེ། བརྡ་རྙིང རྩེད་།
ཀུ་རེ་བྱེད་པ། བརྡ་རྙིང་ ཕན་ཚུན་རྩེད་མོ་རྩེ་བ།
{00000031.tif};
ཀུ་ལུ་ཏ། ལེགས་སྦྱར (4) གར་ཤའི་རྒྱབ་ཉུང་ཏིའི་ཕུག་ན་སྒྲུབ་གནས་ཕུག་པ་འཐུར་དུ་བརྐོས་པའི་རིང་མོ་ཞིག་ན་
རྡོའི་ལིང་ག་བུས་མོ་ལྟ་བུས་མཆན་པ་ཡོད་པ་ལ་བཞེད་། (2) འགའ་ཞིག་ལྷོ་ནུབ་ན་རྡོ་བུས་མོ་འདྲ་བ་ཡོད་
པ་ལ་
འཆད་དོ།
ཀུ་སཱ་ལི། ལེགས་སྦྱར (4) མཁས་པ། (2) དགེ་བ་ཅ་ན། (8) མ་བཅོས་པ་སོགས་ལ་འཇུག་པར་བསྟན་དར་ལྷ་
རམས་
པ་གསུང་། (4) སྤྲང་པོ།
ཀུ་ [་ལིའི་ཚོགས་གསོག ཀུ་སུ་ལུའི་མཆོད་སྦྱིན་ད་ང་འདྲ།
ཀུ་སུ་ལུའི་མཆོད་སྤྱིན། ལུས་སྦྱིན་པར་གཏོང་བའི་གཅོད་ཀྱི་ཉམས་ལེན།
ཀུ་སུམ་པ། ལེགས་སྦྱར མེ་ཏོག་ད་མར་པོ་ཞིག
ཀུ་ཤ་བྱིན་པ། དབང་གི་སྟ་གོན་གྱི་སྐབས་རྩྭ་ཀུ་ཤ་སྦྱིན་པ་ནི། བཀྲ་ཤིས་པའི་མི་ལམ་མི་འཁྲུལ་བའི་ཆེད་དུ་ཡིན་
པར་
རྗེའི་སྔགས་རིམ་ཆེན་མོ་དང་། དབང་དོན་དེ་ཉིད་རབ་གསལ་ན་གསལ།
ཀུ་ཤ་ལ། ལེགས་སྦྱར (4) བདེ་བ་། (2) དགེ་བ།
ཀུ་ཤའི་བྱིངས། རྩྭ་ཀུ་ཤའི་འབྱུང་གནས།
ཀུན་དཀྲིས། ཉོན་མོངས། སྒྲ་བཤད་ནི། སེམས་ལ་ཀུན་ནས་འཁྲི་ཤིང་ཐམས་ཅ་ད་དུ་དཀྲིས་ནས་གནས་པས་དེ་
སྐད་ཅེས་བྱའོ།
ཞེས་དཔལ་ལྡན་ཟླ་བའི་མཛད་པར་གྲགས་པའི་ཕུང་པོ་ལྔའི་རབ་བྱེད་ལས་གསུང་ས།
ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་ནི། སེར་པྱེས་གྲྭ་ཆང་ཕྱག་
འདེབས་པ་པོ་ཡིན།
རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཞེས་
གྲགས་པའི་ཡ་གྱལ་དང་།
རྣམ་དཔོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ནི། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང་།
ཞང་ཞུང་བ་ཆོས་དབང་གྲགས་པ་གཉིས་ས་སོ། འབྲས་སྤུང་ས་ཕྱག་འདེབས་པ་པོ་འཇམ་དབྱང་ས་ཆོས་ཇེའི་དངོས་
སློབ་ཡང་ཡིན།

ཀུན་དཀྲིས་བཞི། ཉེས་དམིགས་མི་བལྟ་བ། ཉེས་སྤྱོད་ལ་ད་དུང་སྤྱོད་འདོད་མ་ལོག་པ། དེ་ལ་དགའ་
ཞིང་མགུ་བ།
ངོ་ཚ་ཁྲེལ་མེད།
ཀུན་དགའ་ར་བ། (4) གཅུག་ལག་ཁང་། (2) ནགས་ཀྱི་ལྡུམ་རའི་མིང་། མཚོ་ཊིཀ་ཡིག་ཆུང་ལས། སྐབས་གཞན་
དུ་ནི་
གཅུག་ལག་ཁང་ལ་ཀུན་དགའ་ར་བ་ཞེས་བརྗོད་ཅིང་། སྐབས་འདིར་ནི་ནགས་ཀྱི་ལྡུམ་རའི་མིང་ལ་
ཀུན་དགའ་ར་བ་ཞེས་
བརྗོད་དོ། ཞེས་གསུངས། ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། སེར་སྐྱའི་གནས་
(3)
{00000032.tif};
འདི་ཉིད་ན་ཤིང་ནྱ་གྲོ་ཅྭའི་ཀུན་དགའ་ར་བ་ན་བཞུགས་སོ། ཞེས་དང་། ཡང་དེ་ཉིད་ལས། སེར་སྐྱ་ཞེས་
བྱ་
གྲོང་ཁྱེར་དམ་པ་། ནྱ་གྲོ་ཅྭའི་ར་བ་ཉམས་དགའ་བར། རྒྱལ་པོ་ཟས་གཙང་དེ་དང་གང་པི་ཆེ།
འཇིག་རྟེན་མགོན་པོ་ཕྲད་པ་དེ་ཡི་ཆེ། ཞེས་གསུངས་པ་ལྟར་རོ། (8) དབེ་འདུན་གྱི་ཆོས་ར། (1) དཀའ་
ཐུབ་ཀྱི་གནས།
རྗེའི་འགྲེལ་པ་བཞི་སྦྲགས་ལས། ཀུན་དགའ་ར་བ་ནི་དཀའ་ཐུབ་ཀྱི་གནས་ས་སོ། ཞེས་
གསུང་ས།
ཀུན་འགྲོ། མངོན་བརྔོད (4) ནམ་མཁའ། (2) བྲུལ། (8) གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་སེམས་བྱུང་།
དཔེར་ན། ཚོར་སོགས་ཀུན་འགྲོ་ལྔ། ཞེས་པ་ལྟ་བུ། (4) ཀུན་འགྲོའི་རྒྱུ། (5) ཀུན་ཏུ་འགྲོ་དང་དོན་འདྲ་།
ཀུན་འགྲོའི་རྦུ། རྒྱུ་དྲུག་གི་ལྔ་པ་ནི། རང་དང་ས་གཅིག་པའི་ཉོན་མོངས་ཅ་ན་ཕྱི་མ་སྐྱེད་བྱེད་ཀྱི་ཉོན་མོང་ས་དེ་ལ་
ཟེར།
དཔེར་ན། འདོད་པའི་འདོད་ཆགས་ཀྱིས་རང་སའི་འདོད་ཆགས་སྐྱེད་པར་བྱེད་པ་བཞིན་ནོ།
ཀུན་འགྲོ་ལྔུ། ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ་ད་ང་ལྔའོ། སྒྲ་བཤད་ནི། གཙོ་སེམས་
ཀུན་གྱི་འཁོར་དུ་འགྲོ་
བས་ན་དེ་སྐད་ཅེས་བྱའོ།
ཀུན་མཁྱེན་དོལ་པོ་བ། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཆན་ནི། ཇོ་ནང་པའི་གྲུབ་མཐའི་བརྒྱུད་འཛིན་
གྱི་གཙོ་བོ་
ཡིན་པར། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་མཁས་པ་མང་པོ་གསུང་ངོ་། (1292 1361)
ཀུན་ཏ། ལེགས་སྦྱར ཀུནྟ་ད་ང་། ཀུནྡ་དང་འདྲ་སྟེ། ཞལ་ལུང་སྔགས་རིམ་ཆེན་མོར་དྲང་ས་པ་ལས། ཁམས་ཞུ་
ནས་ནི་བཅུ་དྲུག་ཆར། གྱུར་པ་མེ་ཏོག་ཀུན་ཏ་འདྲ་། ཞེས་གསུང་ས་པ་ལྟར་རོ།
ཀུནྟ། [ལགས་སྦྱར (4) དྲི་ཞིམ་ལ་ཁ་དོག་དཀར་བའི་མེ་ཏོག་ཆུང་ངུ་ཞིག། རྒྱ་གར་གྱི་ཡུལ་སྐད་ལ། ཅ་མེ་ལཱི་
དང་།
ཕྱི་རྒྱལ་གྱི་སྐད་དུ། ཐ[༤]ག་འཐ ཟེར། འདི་ལ་རིགས་མི་འདྲ་བ་ཉིས་བརྒྱ་ཙ་མ་ཡོད་པར་བཤད། རྒྱ་
གར་ལྷོ་ཕྱོགས་ཀྱི་
གྲོང་ཁྱེར་ཐམས་ཅ་ད་ཀྱི་ཁྲོམ་ལམ་དུ་ཉོ་ཚོང་བྱེད་ཅིང་ཤིན་ཏུ་འབོལ། འདིའི་ཕྲེང་བ་
བཟོས་
ནས་ལྷའི་མཆོད་རྫས་དང་། བུད་མེད་རྣམས་ཀྱི་སྐྲའི་ལན་བུ་ལ་འདོགས་པར་བྱེད། (2) སྔགས
སྔགས་ཀྱི་གབ་མིང་ཞིག སྟེ། ཁ་དོག་དཀར་བའི་དཔེ། ད་པེར་ན།ཁམས་དཀར་པོ་ལ་ཀུནྟ་ལྟ་བུའི་བྱང་ཆུབ་
ཀྱི་སེམས།
ཞེས་པ་ལྟ་བུ། (8) སྔགས སྔགས་ཀྱི་གབ་མིང་ཞིག་སྟེ། ཁམས་དཀར་པོ། ཐིག་ལེ། ཁུ་བ།
དཔེར་ན། ཀུནྟ་མི་འབྱིན་ཆང་སསྤྱོད་བསྟེན། ཞེས་གསུང་ས་པ་ལྟར་རོ།
ཀུནྟ་མི་འབྱིན་པའི་རྒྱུ་མཚན། ཀུནྟའམ་ཁུ་བ་ནོར་བུའི་ཕྱི་རོལ་ཏུ་འབྱིན་ཏུ་མི་རུང་བའི་རྒྱུ་མཆན་ནི། ཡབ་ཡུམ་
སྙོམས་པར་འཇུག་པ་ནི།
བདེ་ཆེན་བསྐྱེད་ནས་བདེ་སྟོང་སྒོམ་པའི་ཆེད་ཡིན་ལ། བདེ་བའི་རྟེན་ཕྱི་རོལ་ཏུ་
{00000033.tif};
21
ཕྱུང་ན་བདེ་བ་ཆེན་པོའི་གཞི་སྟོར་བའི་ཕྱིར་རོ། ཞེས་ཇེ་ཙོང་ཁ་པ་ཆེན་པོའི་འགྲེལ་པ་བཞི་སྦྲགས་ན་གསལ་
བ་ལྟར་ར་རོ།

ཀུནྡ། ལེགས་སྦྱར ཀུནྟ་དང་འདྲ།
ཀུན་ཏུ། (4) ཐམས་ཅ་ད་དུ། (2) འབད་པས་སོ།
ཀུན་ཏུ་འགྲོ། (4) ཕྱོགས་ཀུན་ཏུ་འགྲོ་བ། (2)ཆུ་བོ། (8) རླུང་། (4) མངོན་བརྗོད ནི་ཙོ། (5) ཀུན་འགྲོ་དང་དོན་
འདྲ།
ཀུན་ཏུ་རྦུ། ༿མུ་སྟེགས་པའི་རབ་བྱུང་། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལ་གཞི་བྱས། ༿ མུ་སྟེགས་གྲང་ས་ཅ་ན་
གྱི་གཞུང་
འཇིན་པའི་གང་ཟག། ཅེས་མའི་སོ་ཐར་གྱི་མདོའི་འགྲེལ་པར་གཞི་བྱས།
ཀུན་ཏུ་བཟ་ང་པོ། (1) བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། (2) རྡོ་རྗེ་འཆང་། རྗེའི་འགྲེལ་པ་བཞི་སྦྲགས་
ལས།
ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཞེས་གསུང་ས། (8) སངས་རྒྱས། (1)དེ་བཞིན་
གཤེགས་པ་བྱེ་བྲ
ག་ཅིག། རྗེའི་སྔགས་རིམ་ཆེན་མོ་ལས། ཀན་ཏུ་བཟང་པོ་ནི། དཀར་སྔོ་ད་མར་བའི་ཞལ་
གསུམ་ཕྱག་
དང་པོ་གཉིས་འཁྱུད་པའི་ཕྱག་རྒྱ་ཅ་ན་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི་དང་། གཡོན་
འོག་མ་གཉིས་རིན་
པོ་ཆེ་དང་པད་འཛིན་པ། དར་དང་རིན་པོའི་རྒྱན་གྱིས་བརྒྱན་པར་སྒྲུབ་ཐབས་ཀུན་
བཟང་གི་འགྲེལ་པ་
གཉིས་སུ་བཤད་པ་ལྟར་ར་རམ། གཞུང་ཁུངས་མ་གཞན་ནས་བཤད་པའི་ཀུན་ཏུ་བཟང་པོ་
བསྐྱེད་ད་དོ།
ཞེས་གསུང་ས་པ་ལྟར་། (5)ཆ་ཐམས་ཅ་ད་ནས་ལེགས་པ། (6)བཀའ་རྙིང ཆོས་ཉིད།
ཆོས་སྐུ། དཔེར་ན། ཡེ་ཤེས་གྲུབ་པ་ལས། ཀུན་ཏུ་བཟང་པོ་ཞེས་བཤད་ཅི་ང་། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་
བྱ།
མེ་ལོང་ཡེ་ཤེས་ཞེས་བྱ་སྟེ། འདི་ནི་ཆོས་སྐུར་ཤེས་པར་བྱ། ཞེས་ཡིད་བཞིན་མཛོད་འགྲེལ་པད་
དཀར་པོ་
ན་གསལ། (7) སྤྱོད་པ་ལྔའི་ནང་གསེས། དེ་ལ་ཀུན་ཏུ་བཟང་པོའམ། ཀུན་ཏུ་བཟང་པོའི་སྤྱོད་པ་
ཟེར།
ཀུན་ཏུ་བཟང་པོའི་སྤྱོད་པ། བཀའ་བརྒྱུད ལྷག་མཐོང་གི་ཉམས་དང་མ་བྲལ་བ་སྤྱོད་ལམ་རྣམ་བཞིར་རྣམ་རྟོག་
ཐམས་ཅ་ད་རྡོ་
ཆན་ལ་ཁ་བ་བབ་པ་ལྟར་གཉེན་པོ་བསྟེན་མི་དགོས་པར་ཆོས་ཉིད་ཀྱི་ང་ང་དུ་ལྷན་གྱིས་ཞི་ཞིང་
རང་
ཡལ་དུ་འགྲོ་བའི་སྤྱོད་པ་ཞིག་གོ། ཀརྨ་པ་དབང་ཕྱུག་རྡོ་ཇེའི་ངེས་དོན་རྒྱ་མཚོ་ལ་གཞི་བྱས།
ཀུན་ཏུ་བྱོར་བ། ཀུན་བྱོར་དང་འདྲ།
ཀུན་རྟོག་གཡོ་བའི་རླུང་། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་བཞོན་པའི་རླུང་།

{00000034.tif};
22
2
ཀུན་འདར་མ། རྩ་དབུ་མ། ཀུན་སྤངས་མ་རྣམས་མིང་གི་རྣམ་གྲངས་ཡིན། སྒྲ་བཤད་ནི། རྩ་ཀུན་ལ་ཁྱབ་ཅིང་།
བདེ་བས་གཡོ་བར་བྱེད་པས་ཀུན་འདར་མ་ཞེས་རབ་ཏུ་གྲགས་སོ།
ཀུན་འདུས་ནོར་བུའི་ལུགས། (4) བླ་མ་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོ་ཡིན་པས། སྐྱབས་ཡུལ་གཞན་གསལ་
མི་འདེབས་
པར་བླ་མ་གཅིག་པུ་གསལ་འདེབས་པ་ལ་ཟེར། (2) བླ་མ་སྐྱབས་གནས་ཐམས་ཅ་ད་ཀྱི་ངོ་བོར་
མོས་ནས་
གསལ་འདེབས་པ་ལ་ཟེར
ཀུན་ནས་
འཁྲུགས་པ། (4) ཤིན་ཏུ་ཁྲོས་པ། (2) འདྲེས་པར་གྱུར་པ། (8) སེམས་ཤིན་ཏུ་མི་བདེ་བར་གྱུར་པ། (1)
འཐབ་རྩོད་ཆེན་པོ་ཤོར་བ།
ཀུན་སྤངས་མ། རྩ་ད་བུ་མའི་ནི་ང་། སྒྲ་བཤད་ནི། གཟུང་བ་དང་འཛིན་པའི་རྣམ་རྟོག་རྣམ་པར་སྤང་ས་པས་ཀུན་
སྤང་ས་
མ་ཞེས་བྱ།
ཀུན་སྦྱོར། ཉོན་མོངས། སྒྲ་བཤད་ནི། སྡུག་བསྔལ་སྣ་ཚོགས་ལ་ཀུན་ཏུ་སྦྱོར་བའི་ཕྱིར་དེ་སྐད་ཅེས་བྱ། ཕུང་པོ་ལྔའི་
རབ་བྱེད་ལས་
གསུངས།
ཀུན་རྫོབ། ངསམ་ཕྲ་ཏ»(4) ཡང་ད་ག་སྒྲིབ་བྱེད། སྒྲིབ་བྱེད། ཚིག་གསལ་ལས། ཀུན་ནས་སྒྲིབ་པས་ཀུན་རྫོབ་སྟེ།
ཞེས་གསུང་ས། ངེས་ཚིག་ནི། སམ་ཞེས་པ་ནི། ཉེ་བར། ཀུན་ནས། ཡང་དག་པ་ཞེས་བྱ་བའི་ཚིག་ཕྲད་
དང་།
ཕྲ་ཏ་ཞེས་བྱ་བ་ནི། རྫོབ་པ། པརྔབ་པ། རྫོབ་པ། བརྔབས་པ། སྒྲིབ་པ། བཅིངས་པ་བཅ་ས་ལ་འཇུག་
པར་བཤད།
སྒྲ་བཤད་ནི། ཀུན་ནས་རྫོབ་པ་སྟེ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་བ་བོ། (2) ཕན་ཚུན་བརྟེན་
པའི་དོན།
ཚིག་གསལ་ལས། ཡང་ན་ཕན་ཚུན་བརྟེན་པས་ན་ཀུན་རྫོབ་སྟེ། ཕན་ཚུན་བརྟེན་པ་ཉིད་ཀྱིས་ན་
ཞེས་བྱ་བའི་དོན་ན་ནོ།
ཞེས་གསུངས། (8) འཇིག་རྟེན་གྱི་ཐ་སྙད། ཚིག་གསལ་ལས། ཀུན་རྫོབ་ནི་བརྡ་སྟེ་
འཇིག་རྟེན་
གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ། ཡང་ན་རྗོད་པ་དང་བརྗོད་བྱ། ཤེས་པ་དང་ཤེས་བྱ་ལ་སོགས་
པའི་
མཆན་ཉིད་ཅ་ན་ན་ནོ། ཞེས་གསུང་ས། གོང་གི་ཀུན་རྫོབ་ཀྱི་སྒྲ་དོན་གསུམ་པོ་དེ་དག་དཔལ་ལྡན་ཟླ་བའི་ཚིག་གསལ་
དང་།
རྗེའི་ལམ་རིམ་ཆུང་བུར་གསུངས། (4) རྣམ་པར་འབྱེད་པ། རྟོག་གེ་འབར་བ་ལས། གཟུགས་ལ་སོགས་
པའི་ད་ངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་
ན་ཀུན་རྫོབ་སྟེ། ཞེས་པ་ལྟ་བུ། (3) དཔྱད་མི་བཟོད་པ།
སློབ་དཔོན་སེང་གེ་བཟང་པོས། རྣམ་པར་དཔྱད་པའི་དབུང་མི་བཟོད་པས་ན་ཀུན་རྫོབ། ཅེས་གསུང་ས་པ་
ལྟ་བུ།
(6) རྫུན་བག ཕྱི་མ་གསུམ་པོ་འདི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ན་གསལ།
{00000035.tif};
23
ཀུན་རྫོབ་བསྒྲུབ་པ། ཀུན་རྫོབ་བདེན་པ་དང་དོན་གཅིག་སྟེ། དཔེར་ན། བློ་གྲོས་མི་ཟད་པས་བསྟན་པ་ལས། མདོ་
སྡེ་གང་ད་ག་ཀུན་རྫོབ་བསྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ།
ཞེས་གསུང་ས་པ་ལྟ་བུ།
ཀུན་རྫོབ་ཏུ་ཡོད་པ། ཐ་སྙད་དུ་ཡོད་པ། ཡོད་པ། བློ་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་དེ་ཀུན་རྫོབ་ཏུ་
ཡོད་པའི་དོན་ཡིན།

ཀུན་རྫོབ་བདེན་པ། དོན་དམ་བདེན་པ་ལས་གཞན་པའི་ཆོས། སྒྲ་བཤད་ནི། གཏི་མུག་བདེན་འཛིན་ནི་ཀུན་རྫོབ་
ཡིན་ལ་
དེའི་ངོར་བདེན་པས་ན་དེ་སྐད་ཅེས་བྱ། ཀུན་རྫོབ་ཀྱི་སྒྲ་བཤད་རྒྱས་པ་ཀུན་རྫོབ་ཀྱི་ཐད་དུ་གཟིགས། ཀུན་རྫོབ་
བདེན་པ།
ཐ་སྙད་བདེན་པ། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ། སླུ་བའི་ཆོས། ཀུན་རྫོབ་པ། སྣང་ཚུལ་དང་
གནས་ཚུལ་མི་མཐུན་པའི་ཆོས་
རྣམས་དོན་གཅིག་
ཀུན་རྫོབ་
སེམས་བསྐྱེད། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་།
མཚུངས་ལྡན་གྱི་སེམས་ཁྱད་པར་ཅ་ན་ཞིག་ལ་ཟེར། ཀུན་རྫོབ་སེམས་བསྐྱེད། ཐེག་ཆེན་ཀུན་རྫོབ་སེམས་
བསྐྱེད།
སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་རྣམས་དོན་གཅིག སྒྲ་བཤད་ནི། སང་ས་རྒྱས་ཀྱི་ཀུན་རྫོབ་
པའི་སྐུ་ལ་དམིགས་
པས་དེ་སྐད་ཅེས་བྱའོ།
ཀུན་གཞི། སེམས་ཙམ (4) ཀུན་གཞིའི་རྣམ་ཤེས། (2) ཀུན་གཞིའི་སྟེང་གི་ས་བོན།
ཀུན་གཞིའི་རྣམ་ཤེས། (4) སེམས་ཙམ དགེ་མི་དགེ་ཀུན་གྱི་བག་ཆགས་བསྒོ་བའི་གཞིར་གྱུར་པའི་རྣམ་ཤེས།
དེ་ཡང་ཚོགས་དྲུག་ལས་དོན་གཞན་ཞིང་། བདག་རྐྱེན་དབང་པོ་ལ་མ་མི་ལྟོས་པའི་རྣམ་ཤེས་ཤིག། སྒྲ་
བཤད་ནི།
འགྲོ་བ་ལྔའི་སེམས་ཅ་ན་ཀུན་ཉོན་ཡིད་ཀྱིས་བདག་ཏུ་ལྟ་བ་ལ་སྦྱོར་བའི་གཞི་ཨིན་པས་དེ་སྐད་
ཅེས་བྱ།
(2) བཀའ་བརྒྱུད སེམས་ངོ་མ་ཤེས་པའི་གནས་སྐབས་ཀྱི་སེམས་ལ་ཀུན་གཞིའི་རྣམ་ཤེས་ཟེར།
དེ་ཡང་འཁོར་བའི་དངོས་ཀྱི་རྒྱུ་ཡིན་ལ་མྱང་འདས་རྒྱུ་མ་ཡིན་པར་བ་ཞེད།
ཀུན་གཞིའི་ཡེ་ཤེས། བཀའ་བརྒྱུད འཁོར་འདས་ཐམས་ཅ་ད་ཀྱི་གཞིར་གྱུར་པའི་ཆོས་ཉིད་དེ་བཞིན་ཉིད་ལ་
ཟེར།
དེ་དང་གདོད་མའི་མི་ཤིགས་པའི་ཐིག་ལེ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཕྱིན་མ། ཕྱག་རྒྱ་ཆེན་།
གཉུག་མའི་ཡེ་ཤེས། ཐ་མལ་གྱི་ཤེས་པ་སོགས་མིང་དུ་མས་བསྟན་པ་དེ་ཡིན་ལ། ཞེས་ཟབ་མོ་ནང་དོན་གྱི་
འགྲེལ་པར་གསལ། དེ་ནི་མང་འདས་ཀྱི་རིགས་འདྲའི་རྒྱུ་དང་འཁོར་བའི་དབང་ང་མ་བདག་པོའི་རྒྱུ་ཡིན་ལ།
དེ་ཡང་ཀུན་གཞིའི་རྣམ་ཤེས་ལ་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་གནས་པར་གསུང་ངོ་།
(8)
{00000036.tif};
24
ཀུན་བཟང་མཆོད་སྤྲིན། མདོ་ལུགས དགེ་ལུགས མདོ་ལུགས་ཀྱི་ཀུན་ཏུ་བཟང་པོའི་མཆོད་པ་འབུལ་ཚུལ་ནི།
པམ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་རང་ཉིད་ཀུན་ཏུ་བཟང་པོ། འདབ་མ་སྟོང་ལ་ཀུན་ཏུ་བཟང་པོ་སྟོང་།
དེ་ཐམས་ཅ་ད་ཀྱི་ལག་པ་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་རེ་རེ། ངེ་དག་ལས་མཆོད་པའི་སྤྲིན་
ཕུང་བསམ་གྱིས་མི་ཁྱབ་པ་
འཕྲོས་པས་སངས་རྒྱས་ཀྱི་ཞིང་རབ་འབྱམས་འབེང་ས་པར་བསམས་ནས་
འབུལ་བ་ལ་བྱེད་ད་དོ།
ལས་དང་པོ་པ་ལ་འདི་ཕན་ཤིན་ཏུ་ཆའོ། ཞེས་རྗེ་གུང་ཐང་པ་གསུང་། རྙིང་མ
བྱང་ཆུབ་སེམས་ད་པའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཇིན་གྱི་མཐུ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་
དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པར་
སྤྲོས། འོད་ཟེར་དེ་
རེ་རེའི་རྩེར་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ར
ང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་
ནས་སྔར་ད་ང་འདྲ་བའི་འོད་ཟེར་སྤྲོ་ཞིང་།
དེའི་རྩེར་ཀུན་ཏུ་བཟང་པོའི་སྤྲུལ་པ་སོགས་གྲང་ས་མེད་བསམ་
གྱིས་མི་ཁྱབ་པའི་བར་དུ་སྤྲོས་ཏེ།
དེ་དག་རེ་རེས་ཀྱང་ད་པག་ཏུ་མེད་པའི་མཆོད་རྫས་རྣམ་གྲང་ས་བསམ་
གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅ་ས་པ་ལ་མཆོད་པ་ནི།
འཕགས་པ་ཀུན་ཏུ་བཟང་པོའི་
མཆོད་པའི་སྤྲིན་ཕུང་ཞེས་བྱའོ།
ཞེས་ཀུན་བཟང་བླ་མའི་ཞལ་ལུང་ན་གསལ། སྔགས་ལུགས དགེ་ལུགས
སྔགས་ཀྱི་སྐབས་ཀུན་བཟང་མཆོད་སྤྲིན་ཞེས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་མཆོད་པའི་ཡོ་བྱད་
མཐའ་ཡ་ས་པའི་
རྣམ་པར་ཤར་བ་ལ་ཟེར།
ཀུན་བཟང་བླ་མའི་ཞལ་ལུང་། རྙིང་མའི་བསྟན་བཅོས་ཤིག་སྟེ། རྫ་ད་པལ་སྤྲུལ་འཇིགས་མེད་ཆོས་ཀྱི་ད་བང་པོས་
མཛད།
འདི་དབེ་ལྡན་པའི་ལམ་རིམ་དང་། ས་སྐྱའི་ལམ་འབྲས། བཀའ་བརྒྱུད་པའི་དག་པོ་ཐར་རྒྱན་དང་
འདྲ་བར་ཉམས་ལེན་གྱི་སྙིང་པོ་འདུས་ལ་ལག་ཏུ་བླང་བདེ་བའི་བསྟན་བཅོས་ཤིག
ཀུན་ཤེས་གཅིག་རྡུགས། ཐམས་ཅ་ད་ཤེས་ཁུལ་བྱེད་ཀྱང་། གཅིག་ལའང་ཐོགས་པ། ཡང་ན། རྣམ་གྲང་ས་མང་པོ་
ཞིག་
ཤེས་ཁུལ་བྱེད་ཀྱང་། ཁུང་ས་འཁྱོལ་བ་གཅིག་ཀྱང་མེད་པ་ལ་ཟེར། ད་པེར་ན། པཎ་ཆེན་བློ་བཟང་ཆོས་
ཀྱི་རྒྱལ་
མཆན་གྱི་རང་རྣམ་ལས། ཟབ་དོན་གྱི་ཉམས་ལེན་པྱེད་འདོད་ཀྱང་། རྙེད་གྲགས་ཀྱི་མི་མགོ་བསྐོར་
ཕྱིར་དུ། ཆོས་ཆུང་གི་རྣམ་གྲངས་གསོག་གསོག་ནས། ཀུན་ཤེས་ཀྱི་གཅིག་རྔུགས་འབྱུང་ཉེན་གདའོ།
ཞེས་གསུང་ས་པ་ལྟར་རོ། རྡུགས་པ་ནི་འདིར་ཐོགས་པའི་དོན་ནོ།
ཀུན་སློང་གི་དགེ་བ། ཀུན་སློང་ད་བེ་བའི་དབང་གིས་དགོ་བར་གྱུར་པ་གང་ཡིན་པ། མཆན་གཞི་ནི། དད་པས་ཀུན་
ནས་བསླང་ས་པའི་
ལུས་ངག་གི་ལས་ལྟ་བུ།
{00000037.tif};
25
ཀུན་སློང་གི་མི་དགེ་བ། ཀུན་སློང་གི་ད་བང་གིས་མི་དགོ་བར་གྱུར་པ། མཆན་གཞྭི་ནི། ཞེ་སྡང་པིས་ཀུན་ནས་
བསླངས་པའི་ལུས་ང་ག་གི་ལས་ལྟ་བུ།

ཀུན་སློང་གི་ལུང་མ་བསྟན། ཀུན་སློང་ལུང་མ་བསྟན་གྱིས་ཀུན་ནས་བསླང་ས་པའི་ལུས་ངག་གི་ལས་ལྟ་བུ།
ཀུན་སློང་གི་གཡོ། མཆོད་པ་འབུལ་དུས་གཏམ་འདོད་དང་། མཛེས་ཆོས་ལྟ་བུའི་ཀུན་སློང་ང་ན་པས་བསླད་པ།
ཀཻ། ལེགས་སྦྱར འགྲེང་བུ་ཉིས་བརྩེགས་ཅ་ན་གྱི་ཡི་བེ་རྣམས་ལ་ཀེ་ཤ་ཅ་ན་ཟེར། དེའི་བཀླག་ཚུལ་ནི། ཀེ་ཨི་ཞེས་
བཀླག་
དགོས་པར་སྣར་ཐང་ལོ་ཙཱ་བ་སོགས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་གསུང་ངོ་།
ཀེ་ཏ་ཀ། ལགས་སྦྱར (4) བགྲུང་བྱེད་ད་མ་དངས་བྱེད། ཆུའི་རྙོག་མ་དང་ས་བྱེད་ཀྱི་ཤིང་ཏོག་གི་རིགས་ཤིག་སྟེ།
ཤིང་ཀེ་ཏ་ཀའི་འབྲས་བུའོ། དཔེར་ན་ལུང་ཕྲན་ཆེགས་ལས། གལ་ཏེ་ཆུ་དེ་རྔུལ་ཅན་ཡིན་ན། ཤིང་ཏོག་
ཀེ་
ཏ་ཀ་ལ་སོགས་པས་ད་ངས་བར་བྱའོ། ཞེས་གསུང་ས་པ་ལྟ་བུའོ། (2) ཀེ་ཏ་ཀའི་ཤིང་སྡོང་།
ཀེ་ལ། རྒྱ་གར་སྐད རྦ་གར་ལྟ་བུའི་ཆ་བ་ཆེ་བའི་ཡུལ་དུ་སྐྱེ་བའི་ཤིང་ཏོག་ཅིག་གི་མིང་། བོད་སྐད་དུ། ང་ང་ལག་
ཟེར།
ཐ་སྙད་འདི་ཞྭ་སྒབ་པའི་རྒྱལ་རབས་ན་གསལ། ཀེ་ལ་ཞེས་པའི་ཐ་སྙད་འད་འདི། ཏ་ར་ནཱ་ཐའི་རྒྱ་གར་
ཆོས་འབྱུང་ལེ
འུ་བཅུ་ད་གུ་པའི་ནང་ཡང་གསལ། ཀེ་ལ་ཞེས་པའི་ཐ་སྙད་འདི་རྒྱ་གར་ཡུལ་སྐད་དུ་ནི་རླུང་
ལྟར་གྲགས།
ཀཻ་ལ་ཤ། [ལེགས་སྦྱར གངས་རི།
ཀའུ། སྒོག་པ་སྤྱིའི་མིང་།
ཀེར་རེ། ཀེར་རེ་བ་དང་འདྲ།
ཀེར་རེ་བ། (4) ཡ་ཡོ་མེད་པར་ལངས་པ། (8) གཞན་ལ་མ་བརྟེན་པར་ཚུགས་ཐུབ་ཏུ་འགྲེང་བ།
ཀོ་ཤ་ལ། ལགས་སྦྱར ཀོ་ས་ལ་སྟེ་དགེ་བ་ཅན། མཉན་ཡོད་ན་རྒྱལ་པོ་གསལ་རྒྱལ་གྱི་ཡུལ་སྔོན་རྒྱལ་པོ་ད་གེ་བ་
ཞེས་བྱ་བས་བརྩེགས་པ་དེའི་རྒྱང་གྲགས་གཅིག་གི་ཕ་རོལ་ན་རྡོའི་གླིང་ག་སྣ་ལྟ་བུས་མཆན་པ་ཡོད་པ་ལ་
བཞེད།
ཀཽ། ལགས་སྦྱར ན་རོ་ཉིས་བརྪེགས་ཅ་ན་གྱི་ཡི་གོ་རྣམས་ལ་ཀེ་ཤ་ཅ་ན་ཟེར། དེའི་བཀླག་ཚུལ་ནི། ཀོ་ཨུ་ཞེས་བཀླག་
དགོས་པར་སྣར་ཐང་ལོ་ཙཱ་བ་སོགས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་གསུང་།
ཀོ་ཀ། ལགས་སྦྱར མི་ཏོག་ཀོ་ཀ་སྟེ་པདྨའི་མིང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསལ།

{00000038.tif};
26
ཀོ་ཀོ་ནོར། མཚོ་ཁྲི་ཤོར་རྒྱལ་མོ། ཞེས་པ་ད་ལྟ་ཡོངས་གྲགས་བོད་ནང་གི་མཚོ་སྔོན་པོ་ཞེས་པ་དེའི་མིང་ཡིན་པར་
བཤད།
ཀོ་ཊི། ལེགས་སྦྱར (4) མཐའི་སྐད་དོད། དེ་རྩེ་མོ་དང་སྒོ་ལའང་འཇུག་པར་འགྲེལ་བཞི་སྦྲགས་ན་གསལ། (2)བྱེ་
བ།
རབ་དང་རྩེ་མོ་སོགས་ལ་འཇུག་པར་རྗེ་གུང་ཐང་པ་གསུང་།
ཀཽ་ཤབྷི། ལེགས་སྦྱར རྒྱ་གར་གྱི་གྲོང་ཁྱེར་ཞིག་གི་མིང་སྟེ། ཀཽ་ཤཱམ་པཱི་ཞེས་བྱ་བའི་གང་ཟག་གིས་བརྩིགས་པའི་གྲོང་
ཁྱེར་ཡིན་པས་
དེ་ལྟར་དུ་བཏགས་སོ། ཀཽ་ཞེས་པའི་ཡི་གེའི་བཀླག་ཚུལ་ནི། ཀོ་ཨུ་ཞེས་བཀླག་དགོས་པར་
གོང་དུ་
བཤད་པ་ལྟར་རོ།
ཀཽ་ ཤཱམ་བཱི། ལེགས་སྦྱར ཀཽ་ཤམྦྷི་དང་འདྲ།
ཀཽོ་ཤི་ཀ། ལེགས་སྦྱར(4) མཁས་པ་དང་། (8)པདྨ་ཅན་དང་། (8) བྱ་འུག་པ་དང་། (1) མཛོད་ལྡན་དང་། (5) ཀུ་
ཤ་ཐོགས་པ།
དེའི་བཀླག་ཚུལ་ནི། ཀོ་ཨུ་ཤི་ཀ་ཞེས་བཀླག་དགོས།
ཀོག (4) མུར་དུའམ་གློ་བུར་དུ་ཞེས་པའི་དོན། ཚོམས་ཀྱི་ལུང་རྗེའི་ལམ་རིམ་ཆེན་མོར་དྲངས་པ་ལས། ཀོག་ཅེས་
ལངས་ཏེ་བྲོས་བྱས་ཀྱང་།
སྡུག་བསྔལ་ལས་ནི་ཐར་མི་འགྱུར། གང་དུ་གནས་ན་ལས་ཀྱིས་མི་ཚུགས་
པའི།
ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད་། རི་བོ་རྣམས་ཀྱི་
གསེབ་ཏུ་ཞུགས་ཀྱང་མིན།
ཞེས་གསུངས་པ་ལྟ་བུ། (8) ཕྱི་ཤུན་གྱོང་པོའི་མིང་། དཔེར་ན་ཤུན་ཀོག་ཅེས་
པ་ལྟ་བུ།
ཀོག་ཀོག མཱུར་བ་མྱུར་བར། རྗེའི་ལམ་རིམ་ཆེན་མོ་ལས། ཐང་ལ་འདུག་པ་ཀོག་ཀོག་ལྡང་ཞེས་པ་ལྟ་བུ།
ཀོང་ཀ་ན། ལེགས་སྦྱར (4) ལྷོ་ནུབ་ན་མ་ཧཱ་སྭ་བྷཱ་ཝ་ཞེས་པ་རང་བྱུང་གི་མཆོད་རྟེན་ཡོད་པ་ལ་བཞེད། (2)ཁ་
ཅིག་མཐའ་
ཐམས་ཅད་ཆུས་འཁོར་བ་སྐུ་མཆོག་བཞིའི་ཡ་གྱལ་གྲིབ་མའི་སྐུ་བཞུགས་པའི་གྲོང་ཁྱེར་གྱི་བྱེ་
བྲག་བདུན་ཡོད་པ་ལ་ཟེར།

ཀོང་ཇོ། རྒྱ་ནགགོང་མའམ་རྒྱལ་པོའི་སྲས་མོ། རྒྱ་བཟའ་ཀོང་རྔོ་ལ་གཟིགས།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རིས་མེད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནི། ཕྱི་
ལོ་
རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱའི་ལོའི་ཟླ་བ་བཅུ་པའི་ཚེས་བཅུ་ལ། མདོ་ཁམས་འབྲི་ཟླ་ཟལ་
མོ་སྒང་
དུ་སྐུ་འཁྲུངས། ཞེ་ཆེན་པ་ཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དཔལ་སྤུངས་སི་ཏུ་པདྨ་ཉིན་
{00000039.tif};
27
བྱེད་དབང་པོ། འཇམ་ད་བྱང་ས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེ་ཆེན་ལྔ་བཅུ་ཙམ་བླ་མར་
བསྟེན་ནས།
ཐུན་མོང་བའི་རིག་གནས། སྒྲ་དང་ཚད་མ། བཟོ་དང་གསོ་བ། སྙན་ངག མངོན་བརྗོད།
སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་བོད་མི་རིགས་ཀྱི་རིག་གནས་ཡོད་དོ་ཅོག་དང་། ཐུན་མོང་ས་མ་
ཡིན་
མདོ་སྔགས་ཀྱི་ནང་དོན་རིག་པའི་གནས་མཐའ་དག་ལ་མཁས་པ་དང་གྲུབ་པའི་རྟོགས་པ་མངོན་དུ་
མཛད།
ཁོང་གིས་རིན་ཆེན་གཏེར་མཛོད་དང་། གདམས་ང་ག་མཛོད། བཀའ་བརྒྱུད་སྔགས་མཛོད་རྣམས་
བསྒྲིགས་
པར་མཛད། ཤེས་བྱ་མཛོད་ད་དང་། ཐུན་མིན་གསང་བའི་མཛོད་བརྩམས། མདོར་ན་གཏེར་ནས་
བཏོན་པ་དང་
བརྩམས་པ་བཅ་ས་ཀྱི་མཛོད་ཆེན་ལྔ་དང་། ཟབ་མོ་ནང་དོན་གྱི་འགྲེལ་པ། བརྟག་གཉིས་ཀྱི་
འགྲེལ་པ་ཁ
ག་གཉིས། དེ་དང་རྗེས་སུ་འབྲེལ་བའི་གསུང་རྩོམ་སྨན་རྩིས་ཀྱི་གཞུང་། འབེལ་གཏམ། བསྟོད་
ཚོགས་
ནས་བསྔོ་སྨོན་ཤིས་བརྗོད་སོགས། རྒྱ་ཆེན་བཀའི་མཛོད་པོ་ཏི་བཅོ་ལྔ་བཅ་ས་ཏ། མདོར་ན་དམ་པ་
འདི་ཉིད་ཀྱི་ཕྱོགསསྒྲིག་དང་ལྗགསཌཱོུམ་གནང་བའི་གསུང་རབ་གླེགས་བམ་དགུ་བཅུ་ཙ་མ་གྱིས་རྗེས་འཇུག་
རྣམས་ལ་བསྟན་རྒྱུན་ལེགས་པར་བཞག གསུང་ལས་སྐྱེས་པའི་སློབ་བུ་ཡ་ང་། ཐུགས་སྲས་ཀརྨ་པ་སྐུ་ཕྲེང་
བཅུ་བཞི་
པ་དང་བཅོ་ལྔ་པ། འཇམ་དབྱངས་བློ་གཏེར་དབང་པོ། འཇུ་མི་ཕམ་འཛམ་ད་བྱངས་རྣམ་རྒྱལ།
བྲག་གཡབ་གདོང་སྤྲུལ་ང་ག་ད་བང་དམ་ཆོས་རྒྱ་མཚོ་སོགས་དབུས་གཙ་ང་དང་། མདོ་ཁམས་སྟོད་སྨད་བར་
གསུམ་
གྱི་ས་དགོ་བཀའ་རྙིང་གི་མཁས་གྲུབ་ཤིན་ཏུ་མང་པོ་བྱུང་། དམ་པ་གང་གི་ལེགས་བཤད་ཀྱི་གསུང་
རྩོམ་
དེ་ད་ག་ནི། ཚིག་གསལ་ལ་དོན་ཟབ་པ། རྩོམ་པ་ལེགས་ལ་ཐག་ཆོད་པ། རིགས་ལམ་དཔང་པོར་
བཞག་པའི་
དགག་སྒྲུབ་ཙ་མ་ལས་གྲུབ་མཐའ་གཞན་ལ་ངན་སྨྲས་ཟུར་ཟའི་རིགས་ཟུར་ཙ་མ་ཡ་ང་མ་མཟོང་།
གསུང་རྩོམ་དེ་ད་ག་ནི་ས་དབེ་བཀའ་རྙིང་གི་གྲུབ་མཐའ་སྨྲ་བ་སུས་ུས་བལྟས་ཀྱང་། མཁས་པ་དགའ་བ་བསྐྱེད་
པའི་
ལེགས་བཤད་ཀྱི་གཏེར་ཆེན་པོར་སྣང་ངོ་། ད་མ་པ་དེ་ཉིད་ནི་ས་དགེ་བཀའ རྙིང་གི་གྲུབ་མཐའ་ཐམས་
ཅ་ད་ལ་སྙིང་
ནས་མོས་ཤིང་གསན་བསམ་ཡང་རྒྱ་ཆེར་མཛད་པ་ཞིག་སྟེ། ད་གེ་ལྡན་གྱི་ཕྱོགས་ལའང་། རྗེ་
བཅུན་
ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་འགྲིང་སོགས་དང་། སྦས་དོན་ཀུན་གས་ལ། རྒྱལ་དབང་བསོད་
ནམས་རྒྱ་མཚོའི་
ལམ་རིམ་གསེར་ཞུན་མ། དེའི་འགྲེལ་པ་ལྟ་བུར་རྒྱལ་མཆོག་ལྔ་པ་ཆེན་པོའི་ལམ་རིམ་
འཇམ་དཔལ་ཞལ་ལུང་།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདེ་ལམ་སོགས་ལ་ཞིབ་ཁྲིད་དང་། གཞན་ཡ་ང་
རྒྱལ་
མཆོག་ལྔ་པ་ཆེན་པོའི་དག་སྣང་སྙན་བརྒྱུད་ཀྱི་སྐོར་ཡང་མང་དུ་གསན་པ་རྗེ་དེ་ཉིད་ཀྱི་རང་རྣམ་ན་
གསལ།
སྤྱིར་བོད་ལ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཞིག་བྱུང་ད་ང་འབྱུང་མུས་
ལ།
འོན་ཀྱང་གྲགས་ཆེ་ཤོས་ནི། པཎ་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱལ་མཆོག་ལྔ་པ་
{00000040.tif};
ཆེན་པོ། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། རྒྱལ་མཆོག་སྐུ་
ཕྲེང་བཅུ་བཞི་པ་ཆེན་
པོ་བསྟན་འཛིན་རྒྱ་མཚོ་ཞལ་སྔ་ནས་བཅས་བཞི་པོ་འདི་རྣམས་ནི། རིས་མེད་ཀྱི་སྐྱེས་
བུ་
ཆེན་པོར་མཁས་བླུན་ཀུན་གྱིས་ཡོངས་གྲགས་སུ་ཆེས་ཆེར་བསྔགས་པར་མཛད་དོ། དགུང་གྲངས་བརྒྱད་
ཅུ་གྱ་
བདུན་པ་ཕྱི་ལོ་ རབ་བྱུང་བཅོ་ལྔ་པའི་ས་མོ་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཆེས་ཉེར་བརྒྱད་
ཉིན་གཟུགས་སྐུའི་བཀོད་པ་ཆོས་སྐུ་ཞི་བའི་དབྱིང་ས་སུ་བསྡུས་པར་མཛད་ད་དོ། (1812 1899)
ཀོར་ལེ་ར། ཀོར་ཀོར་པོ་ཕྲན་ཚེགས་རེ།
ཀོཟླ་གི་རི། ལེགས་སྦྱར ཤར་ཕྱོགས་བྷཾ་ག་ལའི་ལྷོ་ན་མཚོ་མ་ཡའི་ཆུ་ཀླུང་གི་གནས་ལ་རྡོའི་ལིང་ག་མགོ་ལྟ་བུས་
མཚན་པ་
ཡོད་པ་ལ་བཞེད། ཁ་ཅིག་རྒྱ་གར་ལྷོ་ནུབ་ན་ཀོ་ལ་པུ་རི་ཞེས་པའི་གྲོང་ཁྱེར་ཡོད་པར་གྲགས་པ་ལ་
འཆད།
དེ་དང་པུལླི་རི་མ་ལ་ཡ་དང་། པཱཎ་གི་རི་དང་། རྡོ་རྗེའི་གནས་རྣམས་དོན་གཅིག་ཡིན་པར་བཤད།
ོ།སྟུ་བྷ། ལེགས་སྦྱར ས་ལྡན་ཞེས་བྱ་བའི་ནོར་བུ་ཞིག་གི་མིང་དུ་བཤད།
ཀྱི་ཧུད།
(4) སྨྲེ་ངག (8)གྲང་དམྱལ་བརྒྱད་ཀྱི་ལྔ་པ་ནི། གྲང་ངར་གྱིས་ཨ་ཆུ་ཞེས་པ་ཡང་སྨྲ་མི་ནུས་པར་རྐན་ཕུག་
ནས་
ཀྱི་ཧུད་ཟེར་བའི་སྒྲ་ཆུང་ཙམ་འབྱིན་པའི་གྲང་དམལ་ཞི
ཀྱེ་རྡོ་རྗེ།
ཧ་བརྗ» ཀྱེ་རྡོ་རྗེ། དགྱེས་པ་རྡོ་རྡོ་རྗ། རོལ་པའི་རྡོ་རྗེ་ཞེས་མཚན་མི་འདྲ་བ་གསུམ་བྱུང་བ་ནི། སྐད་དོད།
ཧེ་བཛྲ་ལ། དོན་མི་འདྲ་བ་གསུམ་དང་། དེ་ལ་བརྟེན་ནས་འགྱུར་མི་འདྲ་བ་གསུམ་བྱུང་བའི་གནད་ཀྱིས་
ཡིན་ཏེ།
ཧེ་ནི། འབོད་ཅིང་བསྐུལ་བའམ། དགྱེས་པའི་དོན་དུ་འགྱུར་ཞིང་། ཡང་ན། ཧེ་ལ་ལ་བསྣན་པས་
ཧེ་ལ་རོལ་པ་སྟེ་སེམས་ཅན་གྱི་དོན་ལ་རོལ་པའི་སྐུར་སྟོན་པས་ན་རོལ་པ་ཞེས་སྒྲ་འཇུག་པར་བཤད།
ཀྱེ་རྡོ་རྗེའི་རྒྱུད་ཀྱི་སྐོར། རྩ་བའི་རྒྱུད་བརྟག་པ་གཉིས་པ། རྒྱུད་བརྟག་པ་གཉིས་པ་འདི་ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་བོད་དུ་
མ་འགྱུར་བ་ཞིག་
ཡོད་པ། དེ་ལས་ཕྱུང་པར་མཁས་པ་འགའ་གསྭུང་ བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་
མ་རྡོ་རྗེ་གུར།
རྒྱུད་མང་པོའི་བ་ཤད་རྒྱུད་ཐུན་མོང་བ་དཔལ་སམུ་ཊ་རྒྱུད་ཕྱི་མ་དང་བཅས་པ་རྣམས་
ས་སོ།
ཤཀྱ་ཡེ་ཤེས་ཀྱི་འགྱུར།
ཀྱི་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ། བོད་དུ་མ་འགྱུར་བའི་ཀྱེ་རྡོར་གྱི་རྒྱུད་ཅིག། རྒྱུད་བརྟག་པ་གཉིས་པ་ཞེས་བྱ་བ་
དེ།
དེ་ལས་ཕྱུང་པར་མཁས་པ་འགའ་གའ་བཞེད།
ཀྱེ་མ། (1)ཡིད་སྐྱོ་བའི་ཚིཚིག། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས། ཀྱེ་མ་དམ་ཆོས་ཉི་མ་འོད་ཟེར་རི་བོའི་ཕྲག་ཏུ་
ནུབ་ལ་ཉེ།
ཞེས་པ་ལྟ་བུ། (8) ཐུགས་བརྩེ་བ། སྙིང་རྗེ་བ། དཔེར་ན། ཀྱེ་མ། འཇིག་རྟེན་འདི་ནི་ཤིན་ཏུ་
{00000041.tif};
29
སྡུག་བསྔལ་བོ། ཞེས་པ་ལྟ་བུ། ཕྱི་མ་འདི་ལུང་གཞིའི་འགྲེལ་པ་ལས་གསུངས། (8) ངོ་མཚར་ཆེ་བ།
དཔེར་ན། ཀྱེ་མ་སངས་རྒྱས་ཀྱེ་མ་ཆོས། ཀྱེ་མ་དགེ་འདུན་འཕགས་པའི་ཚོགས། ཞེས་པ་ལྟ་བུ།
ཀྱེད། བརྡ་སྤྲད འགྲེང་བུ་དང་། ་༔ ན་རོ་གཉིས་ཀྱི་མིང་།
ཀྲྀྀ་ས་ར། ལེགས་སྦྱར རྟིལ་ནག་དང་མ་ཤ་དང་འབྲས་བསྲེས་ནས་བཙོས་པའི་ཐུག་པ། སྔགས་རིམ་ཆེན་མོར་
གསལ།
ཀྲྀྀ་ཀྲྀའི་རྨི་ལྟས་བཅུ། སངས་རྒྱས་འོད་སྲུང་གི་སྦྱིན་བདག་རྒྱལ་པོ་ཀྲྀྀ་ཀྲྀྀ་ལ་བྱུང་བའི་རྨི་ལྟས་བཅུ་ནི། གླང་པོ་
ལུས་
ཐོན་ནས་མཇུག་མ་ཐོགས་པ། ཆུའི་ཁྲོན་པས་སྐོམ་པའི་གང་ཟག་གི་རྗེས་སུ་རྒྱུག་པ། ཕྱེ་དང་མུ་
ཏིག་བརྗེ་
ཚོང་བྱེད་པ། ཙན་དན་དང་ཤིང་ཕལ་པ་རིན་མཉམ་པར་བྱེད་པ། ཀུན་དགའ་ར་བ་མེ་
ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་
མ་བྱིན་པར་ལེན་པས་ཕྲོགས་པ། གླང་པོ་ཕྲུ་གུས་སྤོས་ཀྱི་གླང་པོ་
འཇིགས་པར་བྱེད་པ། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ། སྤྲེའུ་རྒྱལ་པོར་དབང་བསྐུར་
བ།
རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལས་རེ་རེའི་ལག་ཏུ་ཡང་རས་ཡུག་ཆ་ཚང་བ་རེ་
ཐོབ་པ། སྐྱེ་བོའི་ཚོགས་ཆེན་པོ་འདུས་ནས་འཐབ་ཅིང་རྩོད་པ་མཐོང་བ་སྟེ རྨི་ལམ་བཅུ་རྨིས་པས་
རྒྱལ་པོ་ལ་
མི་ཤིས་པའི་ལྟས་ཨེ་ཡིན་སྙམ་དུ་དོགས་ནས། བཅོམ་ལྡན་འདས་འོད་སྲུང་ལ་ཞུས་པ་ན།
བཅོམ་ལྡན་འདས་ཀྱིས། དེ་དག་རྒྱལ་པོ་ཁྱོད་ལ་ཉེས་དམིགས་སུ་འགྱུར་བ་མ་ཡིན་གྱི། མ་འོངས་པ་ན་ཚེ་
ལོ་བརྒྱ་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་སྦྱངས་པའི་དགེ་སློང་
རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་གཙུག་ལག་ཁང་དང་རྙེད་པ་ལ་ཆགས་པ་འབུང་བས།
གླང་པོ་ལུས་ཐོན་ནས་མཇུག་མ་ཐོགས་པ་དེ་ནི། དེའི་ལྟས་ས་སོ། ཁྲོན་པས་སྐོམ་པའི་ཕྱིར་སྙེག་པ་ནི། གཙུག་
ལག་ཁང་ན་གནས་པ་
ལ་གཞན་གྱིས་ཆོས་བཤད་པ་ན་ཉན་པར་མི་བྱེད་པའི་ལྟས་སོ། ཕྱེ་དང་མུ་ཏིག་བརྗེ་
བ་ནི།
དེའི་ཚེ་ཉན་ཐོས་རྣམས་མུ་སྟེགས་ཀྱི་གཞུང་དང་། སངས་རྒྱས་ཀྱི་བཀའ་མཉམ་པར་འཛིན་པ་
འབྱུང་བ་
དེའི་ལྟས་ས་སོ། ཀུན་དགའ་ར་བའི་མེ་ཏོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཆོམ་པོས་ཕྲོགས་པ་ནི།
དེའི་ཚེ་ཉ་ན་ཐོས་མ་བསྡམས་པ་རྣམས་དགེ་འདུན་གྱི་ལོངས་སྤྱོད་ཀྱིས་ཁྱིམ་པའི་ངོ་བསྲུང་བ་འབྱུང་བས་
དེའི་ལྟས་ས་སོ།
གླང་པོ་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་ ར་བྱེད་པ་ནི། དགེ་སློང་སྡིག་པ་ཅན་གྱིས་ཚུལ་
ཁྲིམས་དང་ལྡན་པའི་དགེ་སློང་
ཟིལ་གྱིས་གནོན་པ་འབྱུང་བས་དེའི་ལྟས་སོ། མི་གཙང་བས་གོས་པའི་
སྤྲིའུས་གཞན་ལ་སྐུད་པ་ནི། ཚུལ་ཁྲིམས་ཉམས་པས་ཚུལ་ཁྲིམས་དང་ལྡན་པ་ལ་སྐུར་བ་འདེབས་པ་དེའི་

{00000042.tif};
ལྟས་སོ། སྤྲེའུ་རྒྱལ་པོར་ད་བང་བསྐུར་བ་ནི། དེའི་དུས སུ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བ་
འབྱུང་བས་དེའི་ལྟས་སོ། མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་བག་བ་གོཁ་པས་སོ་སོའི་ལག་ཏུ་མ་ཉམས་པར་
བྱུ
ང་བ་ནི། ཤཱཀྱ་ཐུབ་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱང་ཐམས་ཅ་ད་རྣམ་པར་གྲོལ་བའི་སྐལ་བ་
ཅ་ན་
ཡིན་པས་དེའི་ལྟས་སོ། སྐྱེ་བོའི་ཚོགས་འདུས་ན་འཐབ་རྩོད་བྱེད་པ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྩོད་
པས་ནུབ་
པར་འགྱུར་བས་དེའི་ལྟས་སོ། རྨི་ལྟས་དེ་རྣམས་མ་ག་དྷཱ་བཟང་མོའི་རྟོགས་བརྗོད་ལས་
གསུངས།
ཀླ་མ། ལ་བ་འཐུག་པོ། མཚོ་སྣ་བ་གསུང་།
ཀླ་མ་མོ། ཀླ་མ་དང་འདྲ།
ཀླད་རྒྱ། ཐོད་པའི་འོག་ཀླད་ཤུན་རྩས་སྦྲེལ་བ་ལ་ཀླད་རྒྱ་ཟེར།
ཀླད། (4) འགོའམ། ཐོག་མ། དཔེར་ན། ཀླད་ཀྱི་དོན་ཞེས་པ་ལྟ་བུ། (2) མགོའི་ཀླད་པ། (8) མགོ། དཔེར་ན།
སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཅམ། ཞེས་པ་ལྟ་བུ།
ཀླད་ཀྱི་དོན། བསྟན་བཅོས་ཀྱི་འགོའམ་ཐོག་མའི་དོན་ཏ། མཆོདབརྗོད་དང་རྩོམ་པར་དམ་བཅ་འ་སོགས།
ཀླད་ནད། (4) ཀླད་པའི་ནད། (2)མགོ་ནད།
ཀླད་པ་འགམས། མགོ་བོ་བཅོམ་པ། མགོ་བོ་ཆལ་པ་མང་པོར་བཅོམ་པ།
ཀླུ། (1) ངནཱག» ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག (8) གྲངར༔་བརྒྱད་ཀྱི་མིང་། (8) ཡན་ལག་གི་རླུང་ལྔའི་
ནང་ཚན་ཀླུའི་རླུང་གི་མིང་།
ཀླུ་སྒྲུབ། པ་ནཱ་གཱརྫུ་ན» འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་ཏེ། བ་དག་ཅག་གི་སྟོན་པ་སྐུ་མྱ་ང་ན་
ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན།
རྒྱ་གར་ལྷོ་ཕྱོགས་དབྷའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་
གི་ཁྱིམ་དུ་སྐུ་འཁྲུངས། མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཆེ་ལས་མེད་པར་བཤད། ཅི་ཕན་དྲིས་
པས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན།
དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་ཐུབ།
དེ་ནས་ཐབས་མེད་ཟེར། དེ་བཞིན་དུ་བྱས་ཏེ་ལོ་བདུན་དུ་ཉེ་བ་ན། ཕ་མ་གཡོག་འཁོར་དང་བཅ་ས་པ་
དཔལ་ནཱ་ལེ
དྲར་སོང་སྟེ། གྲུབ་ཆེན་ས་ར་ཧ་དང་མཇལ། སྔར་གྱི་ལོ་རྒྱུས་ཞུས་པས་རབ་ཏུ་བྱུང་ན་ཐབས་
ཡོད་གསུངས་པས་རབ་ཏུ་བྱུང་། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྲུར་
ནས་
གཟུངས་འདོན་ཏུ་བཅུག། ཁྱད་པར་ལོ་བདུན་པའི་ནུབ་མོ་མཚན་ཐོག་ཐག་ཏུ་ཚེ་དཔག་མེད་ཀྱི་
{00000043.tif};
གཟུངས་བཏོན་པས་འཆི་བད་ག་ལས་ཐར་ཏེ་ཕ་མ་དང་ཕྲད་པས་ཤིན་ཏུ་དགའོ། གྲུབ་ཆེན་ས་ར་ཧ་ལས་
གསང་བ་
འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས། ནཱ་ལེདྲའི་མཁན་པོ་སྒྲ་གཅན་
འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ་
བསྙེན་པར་རྫོགས་ཏེ་མཚན་དགེ་སློང་དཔལ་ལྡན་ཞེས་གས་གསོལ། བསྟན་
བཅོས་ཀྱང་།
དབུ་མ་རིགས་ཚོགས་དྲུག བསྟོད་ཚོགས། མདོ་ཀུན་ལས་བཏུས་པ། ཐེག་ཆེན་བློ་སྦྱོང་།
ཁྱིམ་པ་རྣམས་ལ་བཤེས་སྤྲིངས། རབ་བྱུང་རྣམས་ལ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་སྐོར་ལ། རྒྱུད་ཀུན་
ལས་བཏུས།
བྱང་ཆུབ་སེམས་འགྲེལ། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས། མདོར་བྱས། མདོ་
བསྲེ
དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་ལྔ་ལ་སོགས་པ་མཛད། གསོ་བ་རིག་པའི་བསྟན་
བཅོས་སྦྱོར་བ་བརྒྱ་པ་ལ་སོགས་པ་དང་།
ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིག་
དང་།
བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་
མ་རིན་ཆེན་ཕྲེང་བ།
གཞན་ཡང་རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར། གསེར་འགྱུར་ལ་སོགས་པ་མང་དུ་
བརྩམས་སོ།
སློབ་ད་པོན་འདིས་དགེ་འདུན་གྱི་ཞལ་ཏ་ཡང་མཛད་། མཆོད་རྟེན་མང་པོ་བཞངས། རྡོ་རྗེ་
གདན་ལ་རྡོའི་དྲ་མིག་གི་ར་བས་
བསྐོར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེང་ས་པ་སོགས་
བསྟན་
འགྲོའི་བྱ་བ་རྒྱ་ཆེན་པོ་མཛད་དོ། སྒྲ་བཤད་ནི། ཀླུའི་ཡུལ་དུ་ཕེབས་ཏེ་ཀླུ་རྣམས་ལ་ཆོས་གསུངས་
པ་ན།
དེ་རྣམས་ཀྱིས་མཆོད་ཅིང་བསྒྲུབས་པས་ཀླུ་སྒྲུབ་བམ། ཡང་ན་ངེས་ཚིག་གིས་སྒོ་ནས་བཤད་ན། ནཱ་
གརྫུ་ནའི་
ནཱ་ཁྰ་ནི་ཀླུ་སྟ ཆོས་ཀྱི་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་
རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ།
སྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། ཨརྫུ་ན་
ནི་སྲི
ད་སྒྲུབ་སྟ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་
པས་ཀླུ་སྒྲུབ་བ་བོ།
ཞེས་བུ་སྟོན་གསུང་ངོ་། སློབ་མ་ཡང་ཆེས་མང་དུ་བྱུང་ཡང་། གྲགས་ཆེ་བ་འགའ་ཞིག་
བཇོད་ན། འཕགས་པ་ལྷ། ཀླུའི་བྱང་ཆུབ། ཤཱཀྱ་བཤེས་གཉེན་གསུམ་ནི་གྲགས་ཆེ་ཤོས་ཡིན་ཞིང་། མ་རྟཾ་
གི་
ནི་གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བཞེད། ཟླ་བ་གྲགས་པ་ནི་རྗེ་འགོས་ལ་
སོགས་པ་བླ་མ་སྔ་མ་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་བཞད། བོད་ཀྱི་བླ་མ་ཁ་ཅིག་གིས་ཟླ་བ་
གྲགས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་
ཞབས་མ་ཟིན་པར་བཞེད་ཀྱང་། བོད་ཀྱི་མཁས་པ་ད་ག་དཔལ་ལྡན་ཨ་ཏི་
ཤ་ས།
ཀླུ་སྒྲུབ་ཀྱི་སློབ་མ་ཟླ་གྲགས་སུ་བཤད་པ་ལྟར། [རྔོ་པོའི་གསུང་སྒྲོས་རྔེའི་ལམ་རིམ་ཆེན་མོར་དྲ་ངས་པ་ལས།
འདིའང་རྔོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ཆོས་ཉིད་བདེན་པ་གཟིགས་པ་
ཡི།
ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། དེ་ལས་བརྒྱུད་པའི་མན་ངག་ག་གིས། ཆོས་ཉིད་བདེན་པ་རྟོགས་པར་འགྱུར། ཞེས་གསུངས།
{00000044.tif};
32
32
རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ཟླ་བ་གྲགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་ཞལ་གྱིས་བཞེད་པར་རྗེའི་རིམ་ལྔ་
གསལ་
སྒྲོན་ན་གསལ་ལོ། སློབ་དཔོན་ཀླུ་སྒྲུབ་མིའི་ཡུལ་དུ་སྐུ་ཆེ་ཇི་ཙ་མ་བཞུགས་པ་ལ་བཤད་ཚུལ་མི་
མཐུན་པ་མང་ནའང་།
ལོ་དྲུག་བརྒྱར་བཞུགས་པ་ནི་ལུང་བསྟན་གྱི་མདོ་དང་མཐུན་ཞིང་། བུ་སྟོན་ཐམས་
ཅད་མཁྱེན་པ་དང་
རྗེ་ཐམས་ཅད་མཁྱེན་པས་ཀྱང་འཐད་ཕྱོགས་སུ་མཛད་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་
གསུང་།
ལུ་སྒྲུབ་ཀྱི་བསྟོད་ཚོག སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་སྣ་ཚོགས་པའི་བསྟན་བཅོས། ཆོས་
དབྱིངས་བསྟོད་པ།
དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་
བསྟོད་པ།
དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། ཤེར་ཕྱིན་
གྱི་
བསྟོད་པ། སེམས་མགུ་བར་བྱ་བའི་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། རྗེ་བཅུན་འཇམ་
དཔལ་གྱི་དོན་དམ་པའི་བསྟོད་པ།
འཕགས་པ་འཇམ་དཔལ་གྱི་སྙིང་ཇེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་
ཀྱི་མཆོད་རྟེན་ལ་བསྟོད་པ།
ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་
ཚུལ་ལ་བསྟོད་པ།
ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་རྣམས་ས་སོ།
ལུ་སྒྲུབ་ཡབ་སྲས། ཡབ་དཔལ་མགོན་འཕངས་པ་ཀླུ་སྒྲུབ་དང་། སྲས་སློབ་དཔོན་ཨར་དེ་ཝ་གཉིས་ལ་ཟེར། དེ་
གཉིས་ལ་གཞུང་ཕྱི་མོའི་དབུ་མ་
པ་ཡང་ཟེར་ར་རོ།
ཀླུ་བརྒྱད། ཤར་གྱི་ཆུར་ནོར་རྒྱས་དཀར་པོ། ལྷོར་པདྨ་དཀར་པོ། ནུབ་ཏུ་ཀ་ཀ་ཀོ་ཊ་སྔོན་པོ། བྱང་དུ་འཇོག་པོ་དམར་
པོ།
བྱང་ཤར་དུ་པདྨཱ་ཆེན་པོ་དཀར་པོ། ཤར་ལྷོར་དངུ་སྐྱོང་སེར་པོ། ལྷོ་ནུབ་ཏུ་རིགས་ལྡན་དཀར་པོ། ནུབ་
བྱང་དུ་མ
ཐའ་ཡས་སྔོན་པོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྟོད་ལྷའི་ལུས་དང་སྨད་སྦྲུལ་
མཇུག་ཅན།
དབུ་ལ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པའོ།
ཀླུ་ཆེན་པོ་བརྒྱད། ཀླུ་བརྒྱད་དང་འདྲ།
ལུང་། (4) ལུང་གཤོང་། (2)ཆུ་བོ་ཆེན་པོའི་མིང་སྟེ། བཤེས་སྤྲིངས་ལམ་རིམ་དུ་དྲངས་པ་ལས། ལྗོན་ཤིང་འབྲས་
བུ་མེད་འགྱུར་འདི་དག་ག་གིས།
བལྟས་པ་ཙམ་གྱིས་ཀླུང་ཡང་སྐེམ་པར་འགྱུར། ཞེས་གསུངས་པ་ལྟར་རོ།
ཀླུང་རྟ། བོད་ཀྱི་ལོ་གསར་ཆེས་གཉིས་སམ་གསུམ་ཉིན་བོད་མིའི་གྲོང་ཁྱིམ་ཚང་མས་རང་རང་གི་ཁང་ཐོག་ཏུ་
བསྐྱོད་ནས་བསངས་གསོལ་བྱེད་ཅིང་། དར་ལྕོག་རྙིང་པ་རྣམས་མར་ཕབ་ནས་གསར་པ་བརྗེ་བ་ཡིན། དར་
ལྕོག་
ནི་གོང་ཞུས་ལྟར་ཁང་པའི་ཡང་ཐོག་དང་། རི་མཐོན་པོ། ལ་ཚད། བྲག་གཡང་གཟར་པོ། ཤིང་མཐོན་
{00000045.tif};
33
པོ་སོགས་ལ་འཇུགས་ཤིང་། ལྷག་པར་རྟེན་འབྲེལ་ཆེན་པོ་བྱེད་པའི་ཆེ་ཁམས་མཐུན་གྱི་དར་ལྕོག་འཇུགས་
པ་དང་།
དར་གྱི་ལྡ་ལྡི། བཀྲ་ཤིས་ཁྲ་རིང་འཕྱང་བ། སྒོ་འགྲམ་དུ་དར་ཆེན་འཛུགས་པ་སོགས་བྱེད། དར་
ལྕོག་
འཛུགས་པ་ནི་བོན་པོའི་ལུགས་ཡིན་པར་གྲགས། དར་ལྕོག་ལ། དར་ལྡི་དང་། བ་དན། དར་ཆེན་
བཅས་ཡོད། དར་ལྗིར་ནི དར་གྱི་ལྡ་ལྡི་ནི་ཤིང་སྡོང་ཕན་ཚུན་གྱི་བར་དུ་ཐག་སྐུད་རིང་པོའི་ངོས་ཚོན་སྣ་
ལྔ་ལྡ
ན་གྱི་དར་ལྕོག་ཕྲེད་སྟབས་སུ་བཏགས་པ་དེ་ལ་ཟེར། དར་ལྕེ་ན དར་ལྕོག་དངོས་གཞིའི་མཐའ་ཟུར་
གྱི་
རས་ལྷེབ་ཆུང་ཆུང་དེ་ལ་ཟེར། བ་དན་ནི གོང་གི་ཚོས་གཞི་ལྔའི་ནང་ནས་གང་རུང་གི་ཚོས་གཞི་
གཅིག་རང་
ཡིན་པའི་རས་གྲུ་བཞི་དཀྱུས་སུ་རིང་ལ་མཐའ་འགྲིལ་ད་ང་ལྡན་པ་ཞིག་ལ་ཟུར་བཞིར་སྟག་སེང་
ཁྱུང་འབྲུག་གི་རི་མོ་དང་། དབུས་སུ་རྟ་མཆོག་ཅང་ཤེས་ཀྱིས་ནོར་བུ་མེ་འབར་འཁུར་བའི་རི་མོ་ད་ང་ལྡན་
པ།
དེའི་སྟོང་ཆ་རྣམས་སུ་རྒྱལ་མཆན་རྩེ་མོའི་དབུང་རྒྱན་སོགས་རྒྱལ་བའི་བཀའ་དཔར་དུ་བཏ་བ་པ་དེ་ལ་
བ་དན་ཟེར།
ཀླུང་རྟའི་སྲོག་ཆགས་རྣམས་ཀྱི་མཚོན་དོན དཀྱིལ་གྱི་ནོར་བུ་མེ་འབར་འཁུར་བའི་རྟ་མཆོག་
ཅང་ཤེས་
ཀྱིས་བྱ་བ་གང་ཡང་འགྲུབ་ནུས་པའི་བརྩོན་འགྲུས་མཚོན། སེང་གེས་མི་ཞུམ་པའི་སྙིང་སྟོབས་
དང་གཟི་བརྗིད། འབྲུག་གིས་སྲོང་པོར་སྨྲ་བའི་ཚིག་བཅུན་པ། སྟག་གིས་བློ་རྒྱ་ཆེ་བའི་ལྷག་བསམ། བྱ་ཁྱུང་
གིས་
བྱ་བ་དེ་དག་འགྲུབ་པའི་སྟོབས་དང་ནུས་པ་མཚོན་པ་བཅས་སོ། སྲོག་ཆགས་ཀྱི་མཚོན་དོན་ལ་
འགྲེལ་བཤད་བྱེད་
ཚུལ་མི་འདྲ་བ་མང་དུ་སྣང་ཡང་མ་བཀོད། ཁམས་མཐུན་གྱི་ད་ར་ལྕོག ཁམས་མཐུན་གྱི་
དར་ལྕོག་འཛུགས་ཞེས་པ། རང་གི་འབྱུང་བའི་ཁམས་དང་བསྟུན་ནས་དར་ལྕོག་བཟོ་དགོས་པ་སྟེ། དེ་ཡང་
རང་གི་ཁ
མས་ལྕགས་ཡིན་ན། བ་དན་ཚོས་གཞི་དཀར་པོ། ཁམས་ས་ཡིན་ན་ཚོས་གཞི་སེར་པོ། ཁམས་
ཤི
ང་ཡིན་ན་ལྗང་ཁུ། ཁམས་མེ་ཡིན་ན་དམར་པོ། ཁམས་ཆུ་ཡིན་ན་སྔོན་པོ་བཅས་བཟོ་དགོས་པ་ཡིན། བ་
དན་གྱི་མཐའ་
འགྲིལ་གྱི་ཚོས་གཞི་ནི། བོད་ཀྱི་འབྱུང་རྩིས་ནས་བསྟན་པའི་མ་བུ་དགྲ་གྲོགས་ཀྱི་རྣམ་གཞག་
གཞི
ར་བཟུང་། སྐབས་འདིར་མ་བུ་འཕྲོད་པ་གཙོ་བོར་བཟུང་ནས་ཚོས་གཞི་བསྒྲིག་དག་དགོས། དཔེར་ན་རང་
གི་
འབྱུང་ཁམས་ཤིང་ཡིན་པའི་བ་དན་གྱི་གཞི་ལྗང་ཁུ་ལ་མཐའ་འགྲིལ་སྔོན་པོ་དགོས་པ་དང་། འབྱུང་
ཁམས་མ
ི་ཡིན་པའི་བ་དན་གྱི་གཞི་དམར་པོར་མཐའ་འགྲིལ་ལྗང་ཁུ། འབྱུང་ཁམས་ས་ཡིན་པའི་བ་དན་གྱི་
གཞི་སེར་པོར་མཐའ་འགྲིལ་དམར་པོ། འབྱུང་ཁམས་ལྕགས་ཡིན་པའི་བ་དན་གྱི་གཞི་དཀར་པོར་མཐའ་
འགྲིལ་སེར་པོ། འབྱུང་ཁམས་ཆུ་ཡིན་པའི་བ་དན་གྱི་གཞི་སྔོན་པོ་ལ་མཐའ་འགྲིལ་དཀར་པོ་བྱེད་དགོས་པ་
ལྟ་བུའོ།
ཚོན་སྣ་ལྔའི་མཚོན་དོན» དར་ལྡི་དང་བ་དན་གྱི་ཚོས་གཞི་སོ་སོར་མཚོན་དོན་རེ་ཡོད་པས་ཞིབ་
{00000046.tif};
34
པར་ཞུས་ན་དར་ལྡིའི་ཚོས་གཞི་སྔོན་པོས་ནམ་མཁའ། དཀར་པོ་ས་རླུང་ངམ་སྤྲིན། དམར་པོས་མེ། ལྗང་
ཁུས་ཆུ།
སེར་པོས་ས་མཚོན་པ་བཅ་ས་སོ། དེ་དག་གི་གོ་རིམ་མ་འཁྲུགས་པ་བྱེད་དགོས། བ་དན་གྱི་ཚོས་
ཞི་ནི་ཁྱིམ་བདག་གི་འབྱུང་ཁམས་གང་ཡིན་པ་དང་བསྟུན་ནས་བཟོ་དགོས། དར་ཆེན་ནི ད་ར་ཤིང་
འདོ
ང་ལ་རིང་ཞིང་སྦོམ་པ་ཞིག་གི་ངོས་དར་ལྕོག་བཏགས་པ་དེ་ལ་ཟེར། དེ་ནི་གཙོ་བོ་གཙུག་ལག་ཁང་དང་
དགོན་པ་
གྲྭ་ཆང་གི་མདུན་དུ་འཇུགས་པ་ལས་སྒེར་སོ་སོར་འཛུགས་སྲོལ་མེད། ཀླུང་རྟའི་སྐོར་འདི་བཀའ་
བརྒྱུད་ཀྱི་
གཏེར་སྟོན་རོལ་པའི་རྡོ་རྗེ་སྐུ་ཕྲེང་ད་ང་པོས་གཏེར་ནས་བཞེས་པའི་གཏེར་ཆོས་ཤིག་ནང་རྒྱས་པར་
གསུངས་ཡོད་ཅི་ང་།
དུས་འཁོར་གྱི་རྒྱུད་ནས་ཀྱང་བཤད་ཅེས་བཀའ་བརྒྱུད་པའི་མཁན་ཆེན་ཁྲ་འགུ་རིན་པོ་
ཆེས་གསུངས་པ་
ཟུར་ཙ་མ་ཞིག་མཐོང་། ཀླུང་རྟའི་དག་ཆ་ལ། ཀླུང་རྟ་དང་རླུང་རྟ་ཞེས་གཉིས་འབྱུང་། དེ་
གཉིས་ཀ་ཡང་
འཐད་པར་སེམས་ཏེ། རླུང་གིས་བསྐྱོད་པས་ཆ་ནས་རླུང་རྟ་དང་། རི་ཀླུང་སོགས་གནས་
མཐོན་པོར་
འདོགས་ཤིང་། སྲོག་ཆགས་རྟ་སོགས་ཀྱི་རི་མོའི་མཆན་མ་ཡོད་པས་ཀླུང་རྟ་ཞེས་བཏ་གས་པ་
ཡིན་འདྲ་།
དེ་ཡང་ནང་གི་འབྱུང་བ་ལྔ་པོ་དར་གུད་ཀྱི་དབང་གིས་ཁམས་བདེ་མིན་སོགས་འབྱུང་ཞིང་། དེ་
དག་དར་བ
འི་རྟེན་འབྲེལ་དུ་རི་ཀླུང་སོགས་གནས་མཐོན་པོར་ད་ར་ལྕོག་འཛུགས་པའི་ལུགས་སྲོལ་ད་ར་བར་
མངོན།
དར་ལྕོག་སོགས་དུས་ཚོད་ནམ་ཡིན་ལ་འཇུགས་མི་རུང་བར། བ་ད་ན་ཁྲ་བོ་ཤར་མིན་བརྟག་
དགོས་པ་
གཤམ་གསལ།
ས་བདག་བ་དན་ཁྲ་བོ་ཟླ་ཆེས་སོ་སོར་འཆར་ཚུལ་བཻ་དཀར་ཤོག་གྲངས་ ནས་བཤད་པ་ལྟར་འགོད་པ་ནི།

ཟླ་བའི་གྲངས

ཡར་ངོའི་ཚེས་
ཐངས

མར་ངོའི་ཚེས་
ཐངས

མར་སྨད་ཚེས་
གྲངས

གོང་གསལ་ཆེས་གྲངས་རྣམས་ལ་བ་དན་ཁྲ་བོ་ཤར་བའི་སྐབས་འཁེལ་བས་དར་ལྕོག་འཛུགས་མི་རུང་བར་བཤད།
བ་དན་ཁྲ་བོ་ཤར་མིན་གོང་གི་རེའུ་མིག་ལ་བལྟ་དགོས་པ། དཔེར་ན་བོད་ཟླ་དང་པོའི་ཆེས་བཅུ་ལ་བ་ད་ན་
ཁྲ་བོ་
ཤར་བས་དེ་ཉིན་དར་ལྕོག་འཛུགས་མི་རུང་། དེས་དུས་ཆེས་གཞན་ལ་རིགས་འགྲེ། བ་དན་ཁྲ་བོ་
ཤར་ཆེ་དར་ལྕོག་བཙུགས་ན་ཕན་ལས་གནོད་པ་ཆེ་བ་བཻ་དཀར་ལས་གསུངས་པར་བཤད། ཀླུང་རྟའི་སྐོར་
{00000047.tif};
35
འདི་གཞན་གྱི་ངག་འགྲོས་ཀྱི་ཕྲེང་བ་བསྒྲིགས་པ་ཙ་མ་ལས་ཁུངས་ཐུབ་ཀྱི་གཞུང་ཞིག་མིག་ལམ་དུ་མ་གྱུར་
ར་རུང་།
མིད་པ་ལས་དྲ་ག་ཙམ་ལ་བསམས་ནས་བཀོད།
ཀླུའི་བྱང་ཆུབ། ཀླུའི་བློ་ཡང་ཟར། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་ནི། ཕྱི་ནང་གི་གྲུབ་མཐའ་ཐམས་
ཅད་ལ་མཁས་པ།
ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་དངོས་གྲུབ་བརྙེས་པ་ས། དེང་སང་གི་བར་དུ་ཡང་ལྷོ་
ཕྱོགས་ད་པལ་གྱི་རི་ལ་བཞུགས་
པར་གྲགས། བསྟན་བཅོས་ཀྱང་། གསང་འདུས་ཀྱི་དཀྱིལ་ཆོག་དང་རིམ་
ལྔའི་
འགྲེལ་པ་ལ་སོགས་པ་མང་དུ་མཛད་དོ།
ཀླུའི་། ཀླུའི་བྱང་ཆུབ་དང་འདྲ། རྗེ་ཙོང་ཁ་པ་དང་། བུ་སྟོན་གྱི་གསུང་ལ་གཞི་བྱས།
ཀླུའི་རླུང་། ཡན་ལག་གི་རླུང་ལྔའི་ཡ་གྱལ་ཏེ། མིག་ལ་གནས་ཤིང་། བྱེད་ལས་མིག་གིས་གཟུགས་མཐོང་བ་དང་
ལུས་སྒེག་པ་སོགས་ཀྱི་བྱ་བ་བྱེད་པའི་རླུང་ཞིག། སྒྲ་བཤད་ནི། རླུང་དེ་ཀླུ་སྟེ་སྦྲུལ་གྱི་དབྱིབས་དང་འདྲ་བའི་
གཉེ་མ་ལས་བྱུང་བས་དེ་ལྟར་དུ་བཏ་གས་པའོ། གཉེ་མ་ནི་རྒྱུ་མའི་བྱེ་བྲག་ཅིག་སྟེ། དེ་ཡང་ཡར་སྣེ་ལོང་ག་
དང་འབྲེལ་ཞིང་།
མར་སྣེ་རྐུ་བ་དང་འབྲེལ་བའི་རྒྱུ་མ་ཞིག་གོ།
དཀའ་བཅུ་པ། དབུ་ཕར་འདུལ་མཛོད་བཞི་དང་། རྩ་འཇུག་བཞི་གསུམ། རྒྱུད་བླ་མ། ཆོས་མངོན་པ། ད་པལ་
ལྡན་འདུས་པ་
སྟེ་གཞུང་ཆེན་བཅུ་ལ་གྲྭ་སྐོར་རམ་བཤད་པ་མཛད་པའི་དགེ་བཤེས། དེ་ཡང་རྒྱལ་ཆབ་ཆོས་
རྗེས་པུ་ཏི་བཅུ་ལ་བཤད་པའི་སྲོལ་བཏོད་པ་ནས་བཀའ་བཅུ་པ་ཞེས་སྲོལ་བྱུང་བར་གསུང་ང་ངོ་།
དཀའ་ཐུབ། (1) ཆོས་ཀྱི་ཕྱིར་སྡུག་བསྔལ་སྣ་ཚོགས་དང་དུ་ལེན་པའི་བརྟུལ་ཞུགས། སྒྲ་བཤད་ནི། དཀའ་བ་ནི་
གདུང་བའམ་སྡུག་བསྔལ་གྱི་མིང་ཡིན་ལ། ཐུབ་པ་བཟོད་པའི་དོན་ནོ། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་ལ་
གཞི་བྱས།
(2) བསླབ་པ་གསུམ། སྒྲ་བཤད་ནི། དཀའ་བ་ནི་ཉོན་མོང་ས་པ་ཨིན་ལ་དེ་ཐུབ་པའམ་གདུང་
ར་བྱེད་པས་དཀའ་ཐུབ་བོ། སློབ་དཔོན་བཱཀྱ་འོད་ཀྱི་གསུང་ལ་གཞི་བྱས། (3) མུ་སྟེགས་པ་རྣམས་ཀྱིས་
རང་གི་ལུས་ཉོན་མོངས་ཤིང་གདུང་བར་བྱེད་པའི་བརྟུལ་ཞུགས་ཤིག (4) ཉོན་མོངས་པའམ་སྡུག་བསྔལ་
གྱིས་མནར་བ། (5) དཀའ་ཐུབ་ཅེས་པའི་དཀའ་བ་བྱ་དཀའ་བའི་སྤྱོད་པ་ལ་བྱས་ཏེ། དེར་འཇུག་ཕོད་ཅིང་
སྒྲུབ་ནུས་པ་ཐུབ་པའི་དོན་དུ་བཤད་པའང་མི་རུང་བ་མེད་ཀྱང་།
ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་
སོགས་སྔོན་གྱི་
གཞུང་མང་པོའི་ཚིག་གི་ནུས་པར་བརྟགས་ན་ཆགས་སྡང་སོགས་ཉོན་མོང་ས་སྐྱེ་བའི་ཀྱེན་དྲག་
པོས་གདུངས་ཏེ་བཟོད་དཀའ་བ་ནི་འདིའི་དཀའ་བའི་དོན་དང་།
དེའི་དབང་དུ་མི་འཆོར་བས་དྲན་ཤེས་
བཞིན་བག་ཡོད་
དང་བཟོད་པ་ལ་སོགས་པས་དེ་ཉིད་ཕར་ཟིལ་གྱིས་གནོན་པ་ནི་ཐུབ་པའི་དོན་དུ་བྱས་ན་
{00000048.tif};
ལེགས་ཏེ། རྗེ་བླ་མའི་ཉམས་མགུར་དུ། ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། ཞེས་ལུང་ལས་
བཟོད་པ་དཀའ་ཐུབ་ཀྱི་མཆོག་
ཏུ་གསུངས་པའི་དོན་དེ་ལྟར་བཀྲལ་ཞིང་། ཞེས་རྗེ་གུང་ཐང་པ་གསུང་།
ད་ཀའ་བཞི་པ། ད་བུ་ཕར་འདུལ་མཛོད་བཅས་གཞུང་ཆེན་བཞིའི་ད་མ་བཅའ་བཞག་པའི་དགོ་བ་ཤེས། ཐ་སྙད་འདི་
དཔལ་ལྡན་ས་སྐྱ་པ་ནས་དར། རྒྱལ་ཚབ་ཆོས་རྗེ་ནས་བཀའ་བཅུ་པ་ཞེས་པའི་ཐ་སྙད་ཆགས།
དཀར་ཆའི་དྭངས་མ། ཁམས་དཀར་པོའི་དུངས་མ་སྟེ། རྩ་དབུ་མའི་ཡར་སྣ་ན་གནས་ཤིང་། རྣམ་པ་ཧཾ་ཐུར་དུ་
ལྟ་བའི་
རང་བཞིན། ཆེ་ཆུང་ཡུངས་ཀར་ཙམ། ཁ་དོག་ད་ཀར་ལ་སྣུམ་པ་དང་ས་ཤིང་འཆེར་ལ་གཟི་
མདང་ས་ཆེ་བ།
དཔེར་ན་ཤེལ་གོང་གཡའ་དག་པ་དང་མཚུངས་པར་འོད་འཕྲོ་བ་ཞིག
དཀར་པོ་ཆིག་ཐུབ། བཀའ་བརྒྱུད (4) ཕྱག་ཆེན་གྱི་གདམས་པ། (2) ཕྱག་ཆེན་བསྒོམ་པ་ལ་ཟེར། ཕྱག་ཆེན་
བསྒོམ་པ་
གཅིག་བུས་མཐར་ཐུག་གི་འབྲས་བུ་ཐོབ་པར་འགྱུར་བ་ལ་དགོངས་ནས་དེ་ལྟར་དུ་བཏགས།
དཀར་པོ་ཆིག་ཐུབ་ཅེས་པའི་ཐ་སྙད་ཞང་ཆལ་པ་ཡན་ལ་དེ་འདྲའི་ཐ་སྙད་གྲགས་མི་ཆེ་ཞིང་། ཞང་གིས་
ཞང་འགྲོ་བའི་མཁོན་པོ་གཡུ་བྲག་པས དཀར་པོ་ཆིག་ཐུབ་ལ་གཙོ་བོར་བྱས་པའི་བསྟན་བཅོས་མཛད་ནས་ངེ་
ཕྱིན་ཆད་ལ་གྲགས་ཆེ་བར་གྱུར་ཏོ། (8) སྔོ་སྨན་གྱི་རིགས་ཤིག་སྟ། རོ་མངར་ཞིང་བསྐ། ཞུ་རྗེས་བསིལ།
ནུས་པས་སྲིན་ནད་སེལ། དུག་ནད་སྡུད། གག་ལྟོག་དང་། ཕོ་བའི་གླང་ཐབས་འཇོམས་པར་བཤད།
དཀར་འཛིན། དཀར་འཛིན་བུམ་པ་དང་འདྲ།
དཀར་འཛིན་བུམ་པ། ནུ་མ། སྒྲ་བཤད་ནི། དཀར་པོ་ནི་འོ་མའི་མིང་དང་། དེ་འཛིན་པའི་སྣོད་ལྟ་བུ་ཡིན་པས་
དཀར་
འཇིན་བུམ་པའོ།
དཀར་ཟལ། གཞི་དཀར་པོ་ལ་ནག་པོ་དང་དམར་པོ་སོགས་ཀྱི་ཐིག་ལེ་སྣ་ཚོགས་ཡོད་པ་ལ་ཟེར། དཔེར་ན། བ་
ལང་དཀར་ཟལ་
ཞེས་པ་ལྟ་བུ།
དོ།ན་མཆོག་དཔལ། སྔགས རིན་ཆེན་དཔལ་ཏེ། བྱང་ཆུབ་ཀྱི་སེམས་སམ་ཁུ་བའོ། སྒྲ་བཤད་ནི། དཀོན་
མཆོག་གི་སྐ
ད་དོད་ནི་རཏྣ་དང་། དེ་ཡང་རིན་པོ་ཆེ་ཡིན་པས་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་།
འདོད་དོན་རྫོགས་པར་བྱེད་པས་ན་རིན་པོ་ཆོ། ཀེ་ཏུ་དཔལ་དང་རྒྱལ་མཚན་གཉིས་ཀ་ལ་འཇུག་པས།
རྒྱལ་མ་ཚན་བཙུགས་པས་དགའ་བ་བསྐྱེད་པ་བཞིན་དུ། བྱང་སེམས་ཀྱིས་ཀྱང་ཡིད་དགའ་བར་བྱེད་པའི་
ཕྱིཕྱིར།
དཀོན་མཆོག་དཔལ་ཞེས་བྱའོ། ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལས་གསུངས་པ་ལྟར་བཀོད།
{00000049.tif};
37
དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། དཀོན་མཆོག་གསུམ། སྒྲ་བཤད་ནི། དཀོན་མཆོག་གསུམ་ཆོས་ཅན།
ཁྱོད་ལ་དཀོན་མཆོག་རིན་པོ་ཆེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཨིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་
ཆོས་མཐུན་རྣམ་པ་དྲུག་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར།
ཆོས་མཐུན་དྲུག་ཡོད་ད་དེ། འཇིག་རྟེན་དུ་འབྱུང་
བ་དཀོན།
དྲི་མ་མད། མངོན་ཤེས་ལ་སོགས་པའི་མཐུ་དང་ལྡན། བསམ་པ་དགེ་བའི་རྒྱན་རྣམས་ཀྱི་
མཆོག་ཏུ་གྱུར་པ་དང་།
ཡོན་ཏན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཆགས་སྡང་གིས་གཞན་དབང་དུ་མི་
འགྱུར་བའི་ཕྱིར་ཏེ།
རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། མཐུ་ལྡན་ཕྱིར་དང་འཇིག་རྟེན་
གྱི།
རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཅེས་གསུང་ས་པ་ལྟར་
རོ།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱི་
སྐྱབས་འགྲོ
འི་ཚིགས་བཅད་གསུམ་པོ་འདི་ཀྱེ་རྡོར་གྱི་བཤད་རྒྱུད་ལས་གསུངས་པར་བཤད།
དཀོར།(4) དད་རྫས། དད་པས་ཕུལ་བའི་རྫས་ལ་ཟེར། དད་སེམས་མིན་པར་སྙིང་རྗེས་བྱིན་ན་སློང་མོའམ་སྦྱིན་
པ་ཟེར།
དགའ་སྤྲོའི་རྣམ་པས་སྟེར་ན་རྔན་པ་ཞེས་བྱ་ཡང་དཀོར་ཞེས་མི་ཟར། (2) ནོར་གྱི་ཞེ་ས།
དཀྱིལ་འཁོར། (4) ལྷ་ཡི་གཞལ་ཡས་ཁང་རྟེན་བརྟེན་པ་དང་བཅས་པ། འདི་ལ་མཚོན་བྱེད་དཔེའི་དཀྱིལ་འཁོར་
ཟེར།
(2) སྙིང་པོ་ལེན་པ། འདི་ལ་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཟེར། ཀྱེ་རྡོར་རྩ་རྒྱུད་ལས། དཀྱིལ་ནི་
སྙིང་པོ་ཞེས་བརྗོད་ད་དེ།
བྱང་ཆུབ་སེམས་ནི་བདེ་ཆེན་པོ། ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། འདུས་
པ་དཀྱིལ་འཁོར་ཉིད་དུ་
བརྗོད། ཅེས་གསུང་། (8) ཟླུམ་པོའམ་ཆ་ཤས་རྫོགས་པའི་མིང་། དཔེར་ན། ཉི་
ཟླའི་དཀྱིལ་འཁོར་དང་།
ཞལ་གྱི་དཀྱིལ་འཁོར་ལྟ་བུ། (4) དཔུང་ཚོགས། ཚོགས་པ་ད་ང་སྡེ་བཅས་ཀྱི་
མིང་།
དཔེར་ན་འདུལ་བ་ལུང་གཞི་ལས། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོགས་ཤིག་ཅེས་པ་ལྟ་བུ།
(8)ཁམས་དང་། འཛིན་པའམ་གཞི་རྟེན་བྱེད་པ། སའི་དཀྱིལ་འཁོར། ཆུའི་དཀྱིལ་འཁོར་ཞེས་པ་ལྟ་བུ།
སྒྲ་བཤད་ནི། དཀྱིལ་ནི་སྙིང་པོ། འཁོར་ནི་ལེན་ཅིང་འཛིན་པ་ཡིན་པས་དཀྱིལ་འཁོར་ཏེ། སྙིང་པོ་ནི་བདེ་
སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་ལེན་པས་ན། སྙིང་པོ་ལེན་པའོ། ཇེའི་འགྲེལ་པ་བཞི་སྦྲགས་
ལ་གཞི་བྱས་ཏེ་བཀོད། སྒྲ་བཤད་ལ་དོགས་གཅོད། བོད་སྐད་རང་ག་ད་བང་དུ་བྱས་ན། དཀྱིལ་སྙིང་པོ་དང་། འཁོར་ལེན་པ་
ལ་འཇུག་
པ་དཀའ་བས། རྗེ་གུང་ཐང་པས། མཎྜ་ནི་སྙིང་པོའོ། ལ་ནི་ལེན་པའོ། ཞེས་སྐད་དོད་རང་སོར་བཞག་ན་ཚིག་དོན་གཉི་
ག་ལ་འགྲིག་པར་སྣང་ང་ངོ་།
འོ་ན་རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། འཁོར་ནི་ལེན་པའོ། ཞེས་འབྱུང་བ་ཅི་ཡིན་ཞེ་
{00000050.tif};

ན། འདི་དག་ནི་ལོ་ཅཱབ་རྣམས་ཀྱིས་གོ་བདེའི་ཐབས་ཙམ་དུ་དགོངས་ནས་ཅུང་ཟད་བསྒྱུར་ཆེས་པར་སྣང་སྟེ་ཞེས་གསུངས་སོ།
འདི་དག་གི་སྐོར་དོགས་གཅོད་རྒྱས་པ་ཕྱག་རྒྱ་ཆེན་པོ་ལ་གཟིགས།
དཀྱིལ་འཁོར་རྒྱལ་མཆོག ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་པའི་རྟེན་ད་ང་
བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྲུབ་པ་ལ་ཟེར། རྗེའི་སྔགས་རིམ་ཆེན་མོ་ལ་གཞི་བྱས་ཏེ་
བཀོད།
ད་ཀྱིལ་འཁོར་དམ་པ་བཤད་དུ་གསོལ། རྩ་རྒྱུད་ལས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་པའི་དོན་
ནི།
ད་ཀྱིལ་འཁོར་ནི་སྙིང་པོ་ལེན་ཞིང་འཛིན་པ་ཡིན་པས་སྙིང་པོ་ལེན་པའི་མཆོག་བཤད་དུ་གསོལ། ཞེས་
པའི་དོན།
ད་ཀྱིལ་འཁོར་བ། འདུལ་བ ༿ གདིང་བ་བཞི་བཅུ་ཤོང་བའི་གནས། ༿ བསྙེན་པར་རྫོགས་པར་བྱེད་པའི་ལས་
ཀྱི་གནས།
དཀྱུ་ས། དཀྱུས་སའི་འབྲི་ཚུལ་གཞན།
ད་ཀྱུས། (4) གཙང་སྐད རྒྱུག་པ། འབྲོས་པ། གཙང་སྐད་དུ རྒྱུག་ཤོག། འབྲོས་ཤོག་ཅེས་པ་ལ། ད་ཀྱུས་ལེ་ཞེས་
བརྗོད་པ་ལྟ་བུ།
(2) སྲིད་དམ། གཞུང་། དཔེར་ན། དཀྱུས་ཞེང་། ཞེས་པ་ལྟ་བུ། (8) དཔེ་ཆའི་གཞུང་
ད་ངོས་གཞི།
དཔེར་ན། དཀྱུས་མའི་དོན་ཞེས་པ་ལྟ་བུ།
དཀྱུས་ས། རྒྱུག་ས། རྟ་རྒྱུག་ས། དཀྱུས་ལ་གཟིགས།
དཀྲ། ཕོ་མཆན་གྱི་ཏོག་གི་མིང་། ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་། དེ་ལ་ནོར་བུ་ཡ་ང་ཟེར།
དཀྲོང་། (4) ཀེར་རེ། (2) ཡུད་ཙ་མ། གློ་བུར།
དགྲོང་བསྐྱེད། ཡུད་ཙམ་གྱིས་བསྐྱེད་པ། དཔེར་ན། སྐད་ཅིག་དཀྲོང་བསྐྱེད། ཅེས་པ་ལྟ་བུ།
བཀད་ས། (4) ཟས་གཡོས་ཁང་། (2) རང་ཉིད་སྡོད་སའི་མིང་།
བཀན་གཟར་ལ་མི་ཐལ། བཀན་གཟར་བ་ན་གྱེན་འཐུར་གྱི་གཡང་གཟར་བ་ཡིན་ལ་དེར་མི་ལྷུང་བར་བྱེད་། ཅེས་
པའོ།
བཀའ། (4) སངས་རྒྱས་ཀྱི་གསུང་། སཾ་སྒྲ་ཏའི་སྐད་ལ། སུ་བྷཱ་འི་ཏ། སུ་ཞེས་པ་དོན་ལྔ་ལ་འཇུག་ཀྱང་ལེགས་པ།
བྷཱ་འི་ཏ་ཞེས་པ་གསུངས་པ་སྟེ། ལེགས་པར་གསུངས་པས་ན་བཀའོ། ཞེས་བུ་སྟོན་གསུང་། (2) སངས་
རྒྱས་ཀྱི་གསུང་རབ།
(8) གསུང་།
{00000051.tif};
39
བཀའ་བརྒྱུད་པ། བོད་ཀྱི་ཆོས་ལུགས་ཆེན་པོ་ལྔའི་ཡ་གྱལ་ཞིག་སྟེ། རྒྱལ་བ་རྡོ་རྗེ་འཆང་ནས་ཏེ་ལོ་མཱ་རོའི་བར་དུ་
བྱོན་པའི་
བཀའ་བབས་ཀྱི་གདམས་པའི་ཆོས་བརྒྱུད་འཛིན་པ་རྣམསལ་ཟེར། དེ་ལ་གཉིས། (4) མཁས་
གྲུབ་ཁྱུང་པོ་
ལས་བརྒྱུད་པ་ཤང་ས་པ་བཀའ་བརྒྱུད་དང་། (2) མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་དཱགས་པོ་
ལྷ
་ཇེ་ནས་བརྒྱུད་པའི་དཱགས་པོ་བཀའ་བརྒྱུད་གཉིས། དཱགས་པོ་བཀའ་བརྒྱུད་ལ་ནང་གསེས་ཀྱིས་ཕྱེ་ན།
ཀརྨ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད།
འབྲུག་པ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། གཡའ་བཟང་
བཀའ་བརྒྱུད།
ཁྲོ་ཕུའི་བཀའ་བརྒྱུད་རྣམས་ས་སོ། སྒྲ་བཤད་ནི། རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་
བྱོན་པའི་བཀའ་
བབས་བཞིའི་གདམས་པ་རྣམས་རྗེ་མར་པ་ད་ང་མཁས་གྲུབ་ཁྱུང་པོ་ལ་མངའ་བས། དེའི་
ཆོས་བརྒྱུད་འཛིན་
པ་རྣམས་ལ། བཀའ་བརྒྱུད་པ་ཞེས་བྱའོ།
བཀའ་བཅུ་པ། དཀའ་བཅུ་པ་དང་འདྲ།
བཀའ་གད་མས་པ། སངས་རྒྱས་ཀྱི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཆང་མ་གད་མས་ངག་ཏུ་གོ་བའི་
གྲུབ་མཐའ་
ཞིག་སྟེ། རྗེ་བདག་ཉིད་ཆེན་པོས་ད་ཀའ་བཅུ་རིན་ཆེན་འཕེལ་ལ་བཀའ་གདམས་ཞེས་པའི་དོན་
གང་ཡིན་བཀའ་འདྲི་གནང་བར།
རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་འདོར་དུ་མེད་པར་གདམས་
ང་ག་ཏུ་འཆར་བ་ལ་ཟེར་བ་ཡིན་
ཞུས་པས། ནྡེ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་བསྔགས་བརྗོད་མཛད་
འི་ལོ་རྒྱུས་ཀྱང་ཡོད།
བཀའ་གདམས་ཆུ་བོ་གཅིག་འདྲེས། བྱང་ཆུབ་ལམ་རིམ་གཞུང་ཆེན་མོའི་སྟེང་ནས་འཆད་པ་པོ་པོ་ཏོ་བ་ནས་
ཤར་བ་ལ་བརྒྱུད་པའི་བཀའ་གད་མས་གཞུང་པ་བ།
དེ་ལས་ཅུང་ཟད་བསྡུས་པའི་ལམ་རིམ་བསྟན་རིམ་
དང་སྦྱར་ནས་འཆད་པ་དགོན་པ་བ་ནས་སྣེའུ་ཟུར་པར་བརྒྱུད་པ་བཀའ་གདམས་ལམ་རིམ་པ་དང་། རྟེན་
འབྲེལ་སྙིང་པོའི་ཁྲིད་སོགས་བླ་མའི་མན་ང་ག་དང་སྦྱར་ནས་འཆད་པ་སྤྱན་སྔ་བ་ནས་བྱ་ཡུལ་བ་ལ་བརྒྱུད་
པའི་བཀའ་གངུ
མས་མན་ང་ག་པ་དང་བརྒྱུད་པ་གསུམ་ཡོད་ལ། བཀའ་གདམས་ཀྱི་བརྒྱུད་པ་གསུམ་པོ་རྗེ་
ཙོང་ཁ་པ་
ཆེན་པོ་ནས་ལོགས་སུ་མེད་པར་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པས་དེ་སྐད་ཅེས་བརྗོད་དོ།
བཀའ་གདམས་གདམས་ངག་པ། འབྲོམ་རིན་པོ་ཆེ་ནས་དཔལ་ལྡན་དགོན་པ་བ་དང་། སྣེའུ་ཟུར་པ་སོགས་ནས་
བརྒྱུད་པ་དེ་ལ་བཀའ་གདམས་གདམས་ང་ག་པའམ་ལམ་རིམ་པ་ཟེ
དེའི་རྒྱུ་མཆན་གཞུང་རྒྱ་ཆེན་པོའི་
སྤྲོས་བཤད་མ་མཛད་པར།
ལམ་སྒྲོན་གཞིར་བཟུང་ལམ་རིམ་དང་། བསྟན་རིམ་སོགས་དང་སྦྱར་ཏེ་
{00000052.tif};
40
འཆད་ཅིང་། དེ་ཡང་སློབ་མ་རྣམས་ཐོག་མར་རིགས་དང་། རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་ཚུལ་
སོགས་
འཁོར་བར་འཇུག་ལྡོག་གི་ཚུལ་ནས་ཁྲིད་པ་དེ་ཡིན།
བཀའ་གདམས་མན་ངག་པ། འབྲོམ་ནས་དགེ་བཤེས་སྤྱན་སྔ་བ། བྱ་ཡུལ་བ་སོགས་ནས་བརྒྱུད་པ་ལ་མན་ངག་པ་
ཞེས་ཟེར།
དེའི་རྒྱུ་མཚན་སློབ་མ་རྣམས་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ཞེས་སོགས་རྟེན་
འབྲེལ་སྙིང་པོའི་མདོ་དོན་སྦྱར་ཏེ་བདེན་བཞིའི་ཚུལ་ནས་རིམ་གྱིས་ཁྲིད་ཅི་ང་།
དེ་ཡང་བླ་མའི་སྙན་བརྒྱུད་
མན་ངག་གཙོ་བོར་བྱས་ནས་འཆད་པ་དེ་ལ་མན་ངག་པར་གྲགས།

བཀའ་གདམས་གཞུང་དྲུག ས་རྒྱན་གཉིས། སྐྱེས་ཚོམས་གཉིས། བསླབ་སྤྱོད་གཉིས་ཏེ་དྲུག་གོ། རེ་རེ་བཤད་ན།
བྱང་ས་དང་མདོ་སྡེ་རྒྱན་གཉིས། སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམས་གཉིས། བསླབ་བཏུས་དང་
སྤྱོད་འཇུག་
སྟེ་དྲུག་གོ།
བཀའ་གདམས་གཞུང་པ་བ ཇོ་བོ་ཡབ་སྲས་ནས་དགེ་བཤེས་པོ་ཏོ་བ། ཤ་ར་བ་སོགས་ནས་བརྒྱུད་པ་ལ་བཀའ་
གདམས་གཞུང་པ་བར་གྲགས། དེའི་རྒྱུ་མཚན། མདོ་སྡེ་རྒྱན་དང་། བྱང་ས། སྐྱེས་རབས་དང་ཚོམས།
བསླབ་བཏུས་དང་སྤྱོད་འཇུག་བཅས་གཞུང་དྲུག་གཙོ་ཆེར་གཞིར་བཟུང་ཐོག རིན་ཆེན་ཕྲེང་བ། སློབ་སྤྲིང་།
བཤེས་སྤྲིང་། ཀ་མ་ལ་ཤི་ལའི་སྒོམ་རིམ་སོགས་གཞུང་རྒྱ་ཆེན་པོ་དང་སྦྱར་ཏེ་འཆད་ནས་གདུལ་བྱ་བཀྲི་
བས་ཡིན།
བཀའ་བསྡུ། སངས་རྒྱས་ཞལ་བཞུགས་དུས་སངས་རྒྱས་ཀྱི་གསུང་རྣམས་གླེགས་བམ་དུ་བཀོད་པ་མེད་ཀྱང་།
སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་ནས་བརྩམས་ཏེ། ཀུན་དགའ་བོ་ལ་སོགས་པའི་བཀའ་བསྡུ་
མཛད་པ་
པོ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡི་གེར་གསལ་བར་
བཀོད་
ཅིང་གླེགས་བམ་དུ་བྱས་ནས་བཞག་པ་ལ། བཀའ་བསྡུ་ཞེས་བྱའོ།
བཀའ་བསྡུ་གཉིས་པ། བཅོམ་ལྡན་འདས་མ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། དགོས་པ་རུང་
མིན་
གྱི་གཞི་བཅུ་བསལ་བའི་ཕྱི གནས་ཡངས་པ་ཅན་གྱི་ཀུ་སྨ་པུ་རིའི་གཅུག་ལག་ཁང་དུ། སྦྱིན་བདག་
ཆོས་རྒྱལ་
མང་ན་མེད་ཀྱིས་མཛད་དེ། དགྲ་བཅོམ་པ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་
བསྡུ་བ་གཉིས་པ་བྱས་སོ།

བཀའ་བསྡུ་དང་པོ། སྟོན་པ་པྱ་ངན་ལས་འདས་པའི་ཕྱི་ལོ་དེར་གནས་རྒྱལ་པོའི་ཁབ་ཀྱི་བདེ་ཅན་མའི་ཕུག་ཏུ་རྒྱལ་
པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ནས།
འཕགས་པ་འོད་སྲུངས་ཆེན་པོས་དགེ་འདུན་གྱི་གནས་བརྟན་
{00000053.tif};
41
མཛད་དེ་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་པར་ཁས་བླངས་ས་སོ། དེའི་ཆེ་སེང་གེའི་ཁྲི་ལ་དགྲ་བཅོམ་པ་
ལྔ་བརྒྱས་སྣམ་སྦྱར་བཏིང་
བའི་སྟེང་དུ་འཕགས་པ་ཀུན་ད་གའ་བོས་བཞུགས། ཞལ་མཉན་ཡོད་དུ་ཕྱོགས་ཏེ་
ཐལ་མོ་སྦྱར་གདོང་མཆི་མས་གང་བཞིན་དུ་སྙན་པའི་གདངས་ད་ང་བཅ་ས།
འདི་སྐད་བདག་གིས་ཐོས་པ་
དུས་གཅིག་ན།
ཞེས་བྱ་བ་ལ་སོགས་པས་མདོ་སྡེའི་སྡེ་སྣོད་བསྡུས་སོ། དེ་ནས་ཀུན་ད་གའ་བོ་སྟན་ལས་
བབས་ཏེ་འཁོད་
པ་དང་། འཕགས་པ་ཉེ་བར་འཁོར་གྱིས་སྔ་མ་བཞིན་དུ་བྱས་ཏེ་འདུལ་བའི་སྡེ་སྣོད་བསྡུས་
ས་སོ།
འཕགས་པ་འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་སོ།
བཀའ་བསྡུ་གསུམ་པ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་
པ་ཞེས་བྱ་བར་
ད་གེ་འདུན་གྱི་གནས་བརྟན་བཞི་སྐད་རིགས་མི་མཐུན་པ་ལེགས་སྦྱར་དང་། ཟུར་ཆག་དང་།
ཡུལ་གྲུ་རང་བཞིན་པ་དང་། ཤ་ཟའི་སྐད་ཀྱིས་ལུང་འདོན་པ་ན་སློབ་མ་རྣམས་མི་མཐུན་པར་གྱུར་ཏེ་རྩ་
བའི་སྡེ་བཞིར་
གྱེས་སོ། དེ་དག་ཀྱང་ནང་གསེས་ཀྱི་དབྱེ་བས་སྡེ་པ་བཅོ་བརྒྱད་དུ་གྱེས་ནས་ཕན་ཚུན་རྩོད་
པར་གྱུར་ཏེ།
ནམ་ཞིག་ན་རྒྱལ་པོ་ཀྲོ་ཀྲེའི་རྨི་ལྟས་ལུང་བསྟན་པའི་མདོ་རྙེད་ནས་བལྟས་པས་སྡེ་པ་བཅོ་
བརྒྱད་དུ་གྱུར་ཀྱང་རྣམ་པར་གྲོལ་བའི་འབྲས་བུ་ཉམས་པ་མེད་པར་གསུངས་པ་མཐོང་ནས་ཕན་ཚུན་
མཐུན་པར་གྱུར་ཅིང་སངས་རྒྱས་ཀྱི་བསྟན་པར་གཅིག་ཏུ་བསྡུས་པ་ལ་བསྡུ་བ་གསུམ་པ་ཞེས་བྱའོ།
བཀའ་
བསྡུ་གསུམ་པའི་
ལོ་ཚིགས་ནི་བུ་སྟོན་ཆོས་འབྱུང་དུ། འདི་ལ་ཁ་ཅིག་གིས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་
ལོན་པ་ན་
བསྡུས་ཟེར་བ་དང་། ཡང་གཞན་དག་གིས་ལོ་བརྒྱ་དང་དྲུག་ཅུ་ན་བསྡུས་ཟེར། ཡང་ཁ་ཅིག་གིས་
སུམ་བརྒྱ་ལོན་པ་ཅ་ཞེས་གཞན་ལུགས་བསྐྱར་བ་མ་གཏོགས་བུ་སྟོན་རང་ལུགས་ཀྱིས་ཐག་ཆོད་པའི་གསལ་
ཁ་མ་མཛད་ད་དོ།

བཀའ་པོད་ལྔ། གཞུང་ཆེན་པོ་ཏི་ལྔ་ད་ང་དོན་འདྲ། གཞུང་ཆེན་པོ་ཏི་ལྔ་ཞེས་པའི་ཐད་དུ་གཟིགས།
བཀའ་བབ (4) བླ་མས་སློབ་མ་ལ་གཏད་པའི་མན་ངག་གི་བརྒྱུད་པ། (2)གོང་རིམ་གྱིས་འོག་རིམ་ལ་བཏང་
བའི་
མཛུབ་སྟོན་མིང་། དག་ཡིག་གསར་བསྒྲིགས་ན་གསལ། (3) སྐབས་རེར་མན་ངག་གཏད་ཡུལ་གྱི་སློབ་
མ་ལའང་གོ། སྒྲ་བཤད་ནི། བཀའ་ནི་མན་ངག་ཡིན་ལ། བབས་ཞེས་པ་ནི་ཐོབ་པའམ་གཅིག་ནས་གཅིག་ཏུ་
བརྒྱུད་པ་ལ་ཟེར།

བཀའ་བབས་ཀྱི་སློབ་མ། མན་ངག་གཏད་ཡུལ་གྱི་སློབ་མ།
{00000054.tif};
42
བཀའ་བབས་ཀྱི་སློབ་མ་བཞི། ཀ་ཆེན་བཞི་ཡང་ཟར། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་མཆོག་གྱུར་བཞི་
སྟ།
རྔོག་ཆོས་སྐུ་རྡོ་རྡོ་རྗ། [རྔོག་ཆོས་སྐུ་རྡོ་རྔེ། དགྱེས་རྡོར་གྱི་པཀའ་བབས། མཚུར་སྟོན་དབང་གི་རྡོ་རྗེ། [མཚུར་སྟོན་
དཔང་ང་ངེ་།
རྗེ་མར་པའི་འཔོ་བའི་བཀའ་བབས། རྔེ་མར་པའི་འདུས་པའི་གད་མས་ངག་གི་བཀའ་བབས་ཡིན་པའང་རྔེའི་རིམ་ལྔ་
གདན་རྫོགས་
ན་གསལ། གཞན་ཡ་ང་། མཚུར་སྟོན་དབང་གི་རྡོ་རྔེ་ལས་བརྒྱུད་པའི་གསང་བ་འདུས་པའི་དབང་དང་རྒྱུད་ཀྱི་བཤད་
པ་
བུ་སྟོན་ཐམས་ཅད་མཁྱེན་པ་ད་ང་། རྒྱལ་བ་ཅོང་ཁ་པ་ཆེན་པོ་ལ་བྱོན་པ་ཡིན་ན་ནོ། ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གསུང་།
མཚུར་ཞེས་པ་ནི་རིགས་ཤིག་གི་མིང་སྟེ། དེབ་ཐེར་སྔོན་པོ་ལས། དོལ་གྱི་མདའ་ན་འཆེས་དང་མཚུར་ཞེས་བྱ་བའི་རིགས་གཉིས་
ཡོད་པ་
ལས་མཚར་གྱི་རིགས། ཞེས་འབྱུང་། དེ་བ་སྔོན་དུ་འཚུར་ཞེས་བྲིས་སྣང་ངོ་། མེས་སྟོན་ཚོན་པོ། གཙང་རོང་གི་
མེས་སྟོན་ཚོན་པོ་འོད་གསལ་
གྱི་བཀའ་བབས མི་ལ་རས་པ་ མི་ལ་རས་པ་གཏུམ་མོའི་བཀའ་བབསསྟེ་བཞིའོ།
བཀའ་བབས་བཞི། (4) རྗེ་མར་པ་ལ་མངའ་བའི་མན་ངག་གི་བརྒྱུད་པ་བཞི་ནི། གསང་འདུས། གདན་བཞི།
ཆོས་དྲུག་གི་སྒུ་ལུས། འཔོ་བའི་བཀའ་བབས། སྐྱུ་མ་ཆེན་པོ། ཆོས་དྲུག་པི་རྨི་ལམ་གྱི་བཀའ་བབས།
བདེ་མཆོག་མ་རྒྱུད་མཐའ་དག་དང་། ཆོས་དྲུག་གི་འོད་གསལ་གྱི་བཀའ་བབས། དགྱེས་པ་རྡོ་རྗེ་དང་།
ཆོས་དྲུག་གི་གཏུམ་མོའི་བཀའ་བབས་རྣམས་ས་སོ། བཀའ་བབས་བཞིའི་ངོས་འཛིན་དང་གོ་རིམ་སོགས་
ཅུང་ཟད་མི་
འདྲ་བ་འགའ་རེ་ཡང་སྣང་ངོ་། ཐུའུ་བཀྭན་གྲུབ་མཐའ་ལ་གཞི་བྱས། (2)རྗེ་མར་པའི་མན་
ངག་གཏད་
སའི་སློབ་མ་བཞི་ནི། བླ་མ་རྔོག་པ་ལ་དགྱེས་རྡོར་གྱི་བཀའ་ཕབ། དོལ་གྱི་ཚུར་སྟོན་དབང་ངེ་ལ་
འཕོ་བ
འི་བཀའ་ཕབ། གཙ་ང་རོང་གི་མེས་སྟོན་ཚོན་པ་ལ་འོད་གསལ་གྱི་བཀའ་ཕ མི་ལ་རས་པ་ལ་
གཏུམ་
མོའི་བཀའ་ཕབ་པ་བཅས་ས་སོ། རྗེ་མི་ལའི་རྣམ་མགུར་ལ་གཞི་བྱས། བཀའ་བབས་ཞེས་པ་མན་ང་ག་
དང་
དེ་གཏད་ཡུལ་གཉིས་ཀ་ལ་གོར་རུང་བར་སེམས།
བཀའ་བློ་མི་བདེ་བའི་ལྷག་མ། ལྷག་མ་བཅུ་གསུམ་གྱི་ཐ་མ་ནི། དགེ་སློང་གིས་དབེ་སློང་གཞན་ལ་ཆོས་མཐུན་གྱི་
ལྟུང་
བ་གླེངས་པ་ལ་བདག་ལ་ཅ་ང་མ་སྨྲ་ཞེས་དང་དུ་མ་བླང་ས་པ་ལ་ཟློག་པ་ལྔས་བཟློག་ཀྱང་མ་བཏ་ང་
བའོ།
བཀའ་བཞི་པ། དཀའ་བཞི་པ་དང་འདྲ།
བཀའ་ཡི་འཁོར་ལོ། ཁྲོ་བོ་བཅུ། སྒྲ་བཤད་ནི། གཙོབོས་ཁྲོ་བོ་བཅུ་ལ་བགེགས་རྣམས་བཟུང་ལ་ཆར་ཆོད་ཅིག།
ཅེས་བཀའ་བསྒོ་བའི་གནས་ཡིན་པས་དེ་སྐད་ཅེས་བྱ། རྗེའི་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་ལས།
འདི་དག་ལ་བཀའ་འཁོར་ཞེས་པ་ནི་གཙོ་བོའི་བཀའ་བསྒོ་བ་སྒྲུབ་པའི་འཁོར་ཡིན་པས་སྒྲུབ་པ་པོའི་ཕྱི་ནང་
གི་བགེགས་གཞོམ་པའི་བཀའ་བསྒོ་བ་ཡིད་ཀྱིས་བྱའོ། ཞེས་པ་ལྟར་རོ།
{00000055.tif};
བཀར་བཏགས། ༿ཁྲིམས་བསྒྲགས་པ། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་མཁས་པ་མང་པོ་གསུང་། ༿ བཀས་
ཟིན་པ།
དཔེར་ན། ཐུགས་ཀྱིས་ཟིན་པ་ལ་ཐུགས་ལ་བཏགས་ཞེས་ཟེར་བ་བཞིན་ནོ། ཞེས་བསྟན་དར་ལྷ་
རམས་
པ་གསུང་།
བཀས་ས། བརྡ་རྙིང ཟས་བཟའ་བའི་གནས། བཤོས་གསོལ་བའི་གནས།
བཀུས་ཏེ་བོར་ ཁུ་བ་བཅིར་ནས་སྙིགས་མ་དོར་བ། སྒྲ་བཤད་ནི། བཀུས་པ་ནི་བསྐོལ་བའི་དོན་ཡིན་ལ། པོར་
བ་ནི་
ཕྱི་རོལ་དུ་དོར་བའོ།
བཀུར་བསྟི། བསྙེན་བཀུར།
བཀུར་བསྟིར་བྱས། སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ།
བཀོད་པ། འདས་པ འགོད་པའི་འདས་པ། (4) བཞག་པ། དཔེར་ན་ཐར་པ་ལ་བཀོད་། ཅེས་པ་ལྟ་བུ། (2)
དབྱིབས་དང་རྣམ་འགྱུར། སྒྲིགས་སྟང་ས། དཔེར་ན་འཇིག་རྟེན་གྱི་བཀོད་པ་ཞེས་དང་། བཀོད་པ་མཛེས་
པར་བཤམ་
ཞེས་པ་ལྟ་བུ། (8) བརྗོད་པ། དྲ་ང་ས་པ། དཔེར་ན་རྟགས་སུ་བཀོད་། ཅེས་པ་ལྟ་བུ་ད་ང་། ལུང་
བཀོད།
ཅེས་པ་ལྟ་བུ། (1) ཕལ་ཆེ་བ། (8) སྤྲས་པ། (6) སྣ་ཚོགས་པ། རྗེའི་ལམ་རིམ་ཆེན་མོ་ལས།
བཀོད་པ་ནི་གོང་མ་ཀུན་གྱི་མཐར་སྦྱོར་བ་སྟེ་ཕལ་ཆེ་བ་དང་སྤྲས་པ་དང་སྣ་ཚོགས་པ་ལ་བྱའོ། ཞེས་
གསུངས།
ཕལ་ཆེ་བ་ནི། ཕལ་མོ་ཆེ་སྟེ་མང་པོ་དང་རྒྱ་ཆེ་བའི་དོན་ཡིན། སྤྲས་པ་ནི། རྒྱན་གྱིས་སྤྲས་པ་སྟེ་
མཛེས་པར་བྱེད་པའི་དོན་ཡིན། སྣ་ཚོགས་པ་ནི། སྣ་འཛོམ་གྱི་དོན་ཡིན། (7) བྲིས་པ། ཡི་གེར་བཀོད་པ།
ཞེས་པ་ལྟ་བུ། (8) བཀའ་བཀྱོན། ཚོགས་གཏམ། འཁྱོག་པོ་ཡོ་བསྲང་གི་བསླབ་བྱ། དཔེར་ན། བཀོད་པ་
བཤད།
ཅེས་པ་ལྟ་བུ། (9) ཐབས། འཆར་གཞི། དཔེར་ན། ཐབས་བྱུས་ལ། བཀོད་བྱུས། ཞེས་པ་ལྟ་བུ།
(10)དམིགས་ཡུལ། དཔེར་ན། བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་པ་ལྟ་བུ། མཁས་པ་ཁ་ཅིག་གསུང་། 11
གསལ་བཏབ་པ། དཔེར་ན། བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པ་ལྟ་བུ། བཀོད་པ་བྱང་ཆུབ་ཀྱི་སེམས་ལ་
གཟིགས།
བཀོད་པ་བྱང་ཆུབ་ཀྱི་སེམ ཐིག་ལེ་དཀར་དམར། ཁུ་ཁྲག། སྒྲ་བཤད་ནི། བཀོད་པ་ནི་གསལ་བཏབ་པའི་དོན་
དང་བྱང་ཆུབ་ཀྱི་
སེམས་ནི་འདིར་ཐིག་ལེ་དཀར་ད་མར་གྱི་མིང་ངོ་། ཐིག་ལེ་དཀར་དམར་ལ་བཀོད་པ་
ཞེས་པའི་
རྒྱུ་མཆན་ནི་རྫོགས་རིམ་གྱི་སྐབས་དེ་གཉིས་ལུས་ཀྱི་སྙིང་ག་དང་ལྟེ་བ་སོགས་སུ་བཀོད་པའམ་
གསལ་བ
ཏབ་ནས་དེ་ལ་གནད་དུ་བསྣུན་པའི་རྒྱུ་མཚན་གྱིས་ཡིན་ཏེ། དཔེར་ན་རྗེའི་རིམ་ལྔ་གསལ་སྒྲོན་

{00000056.tif};
44
ལས། སྙིང་ཁར་པད་འདབ་མ་བཞི་པའི་ལྟེ་བར་ཐིག་ལེ་དཀར་དཀར་དམར་བཀོད་པ་ལ་དམིགས་ནས་གཉིད་ཀྱི་
སྟོང་པ་
འཛིན་པར་བཤད་པ་ཡ་ང་། ཞེས་གསུངས་པ་དང་འདྲའོ། དེ་གཉིས་ལ་བྱང་ཆུབ་ཀྱི་སེམས་ཞེས་
བརྗོད་པའི་རྒྱུ་མཚན་ནི།
ལྟེ་བའི་གཏུམ་མོ་འབར་བ་དང་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་དོན་དམ་པའི་བྱང་ཆུབ་
ཀྱི་སེམས་
འོད་གསལ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་གྲོགས་བྱེད་པས། བྱང་སེམས་ཞེས་འབྲས་མིང་རྒྱུ་ལ་
བཏགས་པའོ།

བཀྲ་མ། (4) བཀོད་པ་ལེགས་པ། (8) བཀྲ་ཤིས་པ།
བཀྲ་ཤིས། (1) ཕུན་སུམ་ཚོགས་པ། སྡིག་པ་ཉམས་པར་བྱེད་པ། (8) འདོད་པའི་དོན་འགྲུབ་པའི་རྒྱུ།
བཀྲ་ཤིས་རྒྱ་མཚོ། བཀྲ་ཤིས་མ་ཆང་བ་མེད་པ་སྟེ། བཀའ་གདམས་གླེགས་བམ་ལས། བཀྲ་ཤིས་གཅིག་ཏུ་
བཀྲ་ཤིས་ཀུན།
འདུས་པ་བཀྲ་ཤིས་རྒྱ་མཚོ་སྟེ། ཞེས་གསུངས་པ་ལྟར་རོ།
བཀྲ་ཤིས་རྟགས་བརྒྱད། གདུགས། གསེར་ཉ། བུམ་པ། པདྨ། དུང་དཀར། དཔལ་བེའུ། རྒྱལ་མཚན།
འཁོར་ལོ་དང་བརྒྱད་དོ། དེ་དག་གི་མཚོན་དོན་ན་ནི། རིན་ཆེན་གདུགས་ཀྱིས་ནི། ཚེ་འདིའི་ནད་རིམས་
གདོན་བགེགས་སོགས་བར་ཆད་མི་མཐུན་འགལ་
ཀྱེན་དང་། ཕྱི་མ་ངན་སོང་གསུམ་དང་། ལྷ་མིའི་སྡུག་
བསྔལ་སོགས་འཕྲལ་དང་ཡུན་
གྱི་སྡུག་བསྔལ་གྱི་ཚ་གདུང་མཐའ་དག་ལས་སྐྱོབ་ཅིང་། ཕན་བདེའི་གྲིབ་
བསིལ་གྱི་དགའ་སྟོན་ཡངས་པོར་འབེབས་པའི་རྟེན་
འབྲེལ། གསེར་ཉས་ནི། ཉ་རྣམས་ཆུ་མཚོར་འཇིགས་
མེད་ཅི་དགར་འཕྱོ་ཞིང་རྒྱུ་བ་ལྟར་རང་གཞན་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་འཇིགས་པ་མེད་
ཅིང་།
བདེ་ནས་བདེ་བར་ཐོགས་མེད་དུ་རང་དབང་གིས་རྒྱུ་ཞིང་རྩེན་པའི་རྟེན་འབྲེལ། གཏེར་ཆེན་བུམ་
པས་ནི།
ཚེ་དཔལ་ལོངས་སྤྱོད་སོགས་ཁམས་གསུམ་གྱི་སྲིད་དང་ཞི་བའི་ཕྱ་གཡང་གི་འདོད་རྒུ་མཐའ་དག་
ཟད་མི་ཤེས་པ་འཇོ་བའི་རྟེན་
འབྲེལ། པདྨས་ནི། ལུསང་ག་ཡིད་གསུམ་གྱི་མི་དགེའི་ཉེས་སྐྱོན་གྱི་དྲི་མ་
མཐའ་དག་དང་བྲལ་ཞིང་།
རྣམ་དཀར་དགེ་བའི་འདབ་བརྒྱ་ལྷུག་པར་བཞད་དེ་གཏན་བདེ་ངེས་ལེགས་
སྦྲང་རྩིའི་བཅུད་བཟང་ལྷུག་པར་འཇོ་བའི་རྟེན་
འབྲེལ། དུང་དཀར་གཡས་འཁྱིལ་གྱིས་ནི། གདུལ་བྱའི་
ཁམས་ད་བང་མོས་པ་དང་
འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྙན་པོར་སྒྲོག་པས། འགྲོ་བ་རྣམས་
མ་རིག་པའི་རྨོང་ས་གཉིད་ལས་སློང་ཞིང་།
རང་གཞན་གྱི་ཕན་བདེ་སྒྲུབ་པའི་བྱ་བར་བསྐུལ་བ། དཔལ་
བེའུས་ནི།
ཆོས་དང་སྲིད་གཉིས་གཅིག་གྲོགས་སུ་གཅིག་འཁྱེར་ཏེ་ཕན་ཚུན་ལུ་གུ་རྒྱུད་དུ་སྦྲེལ་བ་དང་། དེ་
བཞིན་དུ་ལམ་གྱི་དུས་སུ་ཐབས་དང་ཤེས་རབ་ཟུང་སྦྲལ།
སྟོང་པ་དང་རྟེན་འབྱུང་འགལ་མེད་ཟུང་དུ་
{00000057.tif};
45
འབྲེལ་བ། འབྲས་བུ་སངས་རྒྱས་ཀྱི་དུས་སུ་མཁྱེན་ད་ང་བརྩེ་བ་ཟུང་འཇུག་བཅས་ཀྱི་རྟེན་འབྲེལ། རྒྱལ་
མཚན་གྱིས་ནི།
རང་གཞན་ཀུན་གྱི་སྒོ་གསུམ་བྱ་བ་དང་བཅས་པ་བར་ཆད་མི་མཐུན་པའི་རྐྱེན་གྱིས་བརྫི་བ་
མེད་པར་རྒྱལ་བ་དང་།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ལས་རྣམ་
པར་རྒྱལ་བའི་རྟེན་འབྲེལ།
གསེར་གྱི་འཁོར་ལོས་ནི། རྒྱལ་བའི་ལུང་དང་རྟོགས་པའི་དམ་ཆོས་ཀྱི་འཁོར་
ལོ་རིན་པོ་ཆེ་འཇིག་རྟེན་གྱི་
ཁམས་ཐམས་ཅ་ད་དུ་རྒྱུན་མི་ཆད་པར་འཁོར་ཞིང་། དེ་ལ་བརྟེན་ནས་སྐྱེ་གུ་
རྣམས་རྣམ་
གྲོལ་དགེ་བའི་དཔལ་ཡོན་ལ་སྦྱོར་བའི་རྟེན་འབྲེལ་བཅས། རྟགས་བརྒྱད་ཀྱི་གཟུགས་བརྙན་
གང་དུ་མཆིས་པ་དེར་བཀྲ་ཤིས་ཀྱི་དགེ་མཚན་འཕེལ་བའི་རྟེན་འབྲེལ་མཆིས་པ་ལགས་སོ། ཞེས་སྐྱབས་
རྗེ་
ཁྲི་བྱང་རྡོ་རྗེ་འཆང་གི་གསུང་ལྟར་བཀོད།
བཀྲ་ཤིས་སྣ་ནག་མ།
བཀྲ་ཤིས་པ་དང་མི་ཤིས་པ། སྒྲ་བཤད་ནི། བཀྲ་ཤིས་པ་ནི་ཕུན་སུམ་ཚོགས་པ་
དང་།
སྣ་ནག་མ་ནི་བཀྲ་མི་ཤིས་པ་ལ་ཟེར།
བཀྲ་།ས་རྫས་བརྒྱད། མཐུ་སྟོབས་གྲུབ་པ་ཡུངས་ད་ཀར་དང་། ཤིན་ཏུ་གཙང་བའི་རྩ་མཆོག་དང་། ཡོན་
ཏན་སྡུད་པའི་
ལི་ཁྲི་དང་། བཅུད་ཀྱི་དམ་པ་གི་ཝཾ་ད་ང་། དོན་རྣམས་གསལ་བའི་མེ་ལོང་དང་། ཆོས་
སྒྲ་སྒྲོག་པའི་དུང་
མཆོག་དང་། གཟི་མད་ང་ས་བསྐྱེད་པའི་ཟས་མཆོག་དང་། འབྲས་བུ་སྨིན་པའི་བིལ་
པ་དང་།
དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག ཅེས་གཙུག་དགུའི་དཀྱིལ་ཆོག་ལས་གསུངས་པར་བཤད།
བཀྲ་ཤིས་གསོ་སྦྱོང་། གསོ་སྦྱོང་གི་བྱེ་བྲག་ཅིག་སྟེ། དབེ་འདུན་ལ་བཀྲ་མི་ཤིས་པའི་ལྟས་ངན་པ་བྱུང་ན་དེ་ཞི་བར་
བྱ་བའི་ཕྱིར་དགེ་འདུན་
འདུས་ནསདུས་ངེས་མེད་དུ་བྱེད་པའི་གསོ་སྦྱོང་ཞིག
བཀྲབ་པ།
མ་འོངས་པ་དང་ད་ལྐར་བ བཀྲབས་ནི་འདས་ཚིག་ད་ང་སྐུལ་ཚིག མང་པོའི་ནང་ནས་འདེམ་པའི་དོན་
ཡིན།
དཔེར་ན། འདུལ་བ་ལས། རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་པ་ལྟ་བུ།
བཀྲེན་པ། (4) དབུལ་ཞང་ཕོངས་པ། དཔེར་ན། ནོར་མེད་དབུལ་ཕོང་ས་དང་། ཡོན་ཏན་གྱིས་དབུལ་ཞིང་ཕོངས་
པ།
ཞེས་པ་ལྟ་བུ། (2) དམན་པ། (8) སེར་སྣ་ཅ་ན། དཔེར་ན། མི་ལག་པ་བཀྲེན་པའམ་བཀྲེན་པོ། ཞེས་
བརྗོད་པ་ལྟ་བུ།

བཀྲེས་ངབ།
བཀྲེས་ནད། ལྟོགས་རྔམ། ལྟོགས་སྣང་།
བཀྲེས་པ། (4) འབྱུང་འགྱུར་གྱི་རེག་བྱ་བདུན་གྱི་ཡ་གྱལ། འབྱུང་བ་རླུང་ཤས་ཆེ་བ་ལས་བྱུང་བའི་ལྟོ་བའི་ནང་གི་
ལུས་ཀྱི་ད་བང་
པོའི་རེག་བྱ། བཀྲེས་པ་སྟེ་བཟའ་བ་མངོན་པར་འདོད་པའི་བྱེད་ལས་ཅན་ནོ། དེ་ནི་རྒྱུ་རེག་
{00000058.tif};
46
བྱ་ལ་འབྲས་བུ་བཀྲེས་པའི་མིང་གིས་བཏགས་པའོ། རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་རའི་གསུང་ལ་གཞི་
བྱས་ཏེ་བཀོད།
(2) བཟའ་བ་མངོན་པར་འདོད་པའི་ལུས་ཀྱི་ཚོར་
རྐང་གཅིག་པ། ཆུ་སྐྱར།
རྐང་གཉིས། མི།
རྐང་གཉིས་པ། རྐང་གཉིས་དང་འདྲ།
རྐང་པ་ཉིས་འཛུགས། མགོ་གཉིས་མ་བྱེད་པའམ། བློ་ཐག་མ་ཆོད་པའི་དཔེ།
རྐང་མང་། འབུ་སྲིན་གྱི་མིང་།
རྐང་མར། རུས་པའི་ད་ཀྱིལ་གྱི་བཅུད།
རྐང་བཞི། དུད་འགྲོ་སྤྱིའི་མིང་།
རྐུ་ཐབས་སུ་གནས་པ། (4) བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་བར་ཆད་ཅིག་སྟེ། བདག་ཉིད་བསྙེན་པར་མ་རྫོགས་
པའམ་རྫོགས་ཀྱང་མ་ཆགས་པ་
ཉིད་དུ་ཤེས་ལ། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་འདུལ་བའི་ལས་
ཉམས་སུ་མོང་བ་གང་ཡིན་པའོ། སློབ་དཔོན་དབེ་ལེགས་བཤེས་གཉེན་གྱི་འདུལ་བ་གཞིའི་རྒྱ་ཆེར་བཤད་
པ་ལས་ཀྱང་།
རྐུ་ཐབས་སུ་གནས་པ་ནི་འདིར་རང་གིས་རྟགས་བླངས་པ་སྡོམ་པ་མ་ཐོབ་པའོ། ཞེས་
གསུངས།
(2) ཕྱི་རོལ་པ་ནང་པའི་ཉམས་ཚོད་ལེན་པའི་ཕྱིར། ནང་པའི་རབ་བྱུང་མ་ཡིན་ཀྱང་དེའི་གྲལ་
དུ་ཞུགས་ཏེ་
ཡིན་པའི་ཟོལ་གྱིས་གནས་པའོ།
རྐུན་པོ། ༿ རྐུན་མ་། ༿ མཐུས་འཕྲོག་པར་བྱེད་པ།
རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དོན་གཅིག་པ། རྐུན་མ་དང་ལྷན་
ཅིག་ལམ་དུ་རྒྱང་གྲགས་འདས་པ་ཕྱིན་པའོ།

རྐྱང་པ། (1) ལྷད་མེད་པ། དཔེར་ན། དངུལ་དའུལ་རྐྱང་། བལ་བལ་རྐྱང་། ཞེས་པ་ལྟ་བུ། (2) གཅིག་པུ། ཁེར་
རྐྱང་།
གྲྭ་རྐྱང་། ཞེས་པ་ལྟ་བུ། (8) བརྡ་སྤྲོད གུག་ཀྱེད་བརྩེགས་འདོགས་བཞི་པོ་རྣམས་གང་ཡང་མེད་
པའི་མིང་གཞི
འི་ཡི་གེ་རྐྱང་པ། དཔེར་ན་མད་འ་ཞེས་པ་ལྟ་བུ།
རྐྱང་མ། རྩ་རྐྱང་མ་དང་དོན་འདྲ། རྩ་རྐྱང་མ་ལ་གཟིགས།
{00000059.tif};
རྐྱང་ལ་ཞོན། རྙེད་དཀའ་བའི་དཔེ། དེ་ནི་འཕན་ཡུལ་དུ་གྲུ་གུ་ཞ་བོ་ཞེས་པའི་མི་ཞིག་ཡོད་པ་དེ་གྲོག་རོང་གི་ཉེ་
འགྲམ་ཞིག་ཏུ་
བསྡད་ཡོད་པ་ལ། དེའི་འོག་ཏུ་རྐྱང་ཞིག་ཡོད་པ་མཐོང་སྟེ་དེ་ལ་བཞོན་སྙམ་སྟེ་མཆོངས་པས་
སྟེ
ས་དབང་གིས་རྐྱང་ལ་བཞོན་ཐུབ་པའི་དཔེ་ཞིག
རྐྱེན་རྟོགས། ངབྲ་དེཀ་བུམྦྷ» རང་སངས་རྒྱས་དང་འདྲ། རང་སང་ས་རྒྱས་ལ་གཟིགས།
སྐ་བ། རོ་དྲུག་གི་ནང་ཚན། བསྐ་བའང་འཐད། མཚན་གཞི་ནི། ཨ་རུ་རའི་རོ་ལྟ་བུ།
སྐ་རག སྐེད་རགས། ལུས་འཆིང་བྱེད།
སྐད་ཅིག་དཀྲོང་བསྐྱེད། ལྷ་བསྐྱེད་ཚུལ་ཞིག་སྟེ། ལྷ་ཡི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གློ་བུར་དུ་གསལ་
འདེབས་པ་ལ་ཟེར། འདི་ལ་བཀའ་རྙིང་གི་གཞུང་དུ་སྐད་ཅིག་དག་རྫོགས་ཀྱི་ཐ་སྙད་བྱེད།
སྐད་ཅིག་དག་རྫོག བཀའ་རྙང་ སྐད་ཅིག་དཀྲོང་བསྐྱེད་དང་འདྲ།
སྐད་ཅིག་མ། (4) རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་ལ་ཟེར་། རྗེ་ཙོང་པ་ཆེན་པོའི་རྩ་ཤེ་ཊིཀ་
ལས།
མི་རྟག་པའི་མཚན་ཉིད་དུ་གསུངས་པའི་སྐད་ཅིག་མ་ནི་རང་གྲུབ་པའི་དུས་གཉིས་པར་མི་སྡོད་པ་
ཡིན་གྱི་
ཡུད་ཙམ་ཞིག་ལས་མི་སྡོད་པ་ནི་སྐད་ཅིག་མའི་དོན་མིན་ནོ། དེའི་ཕྱིར་ལོ་རྫོགས་པ་ལ་ཟླ་བ་བཅུ་
གཉིས་
རྫོགས་དགོས་ཤིང་དེའི་འོག་ཏུ་ལོ་དེ་པི་གནས་པས་རྒྱུན་ཐམས་ཅ་ད་ཀྱང་རང་གྲུབ་པའི་དུས་ལས་
དུས་གཉིས་པར་མི་སྡོད་པའི་སྐད་ཅིག་མ་ཡིན་ནོ།
ཞེས་གསུངས་པ་ལྟར་རོ། (2) ཡུད་ཙ་མ་ཞིག
སྐད་དེ་བ། ཀད་དེ་བ་ལ་གཟིགས།
སྐད་པ། མ་རངས་པ་དང་ཟུར་ཟའི་ཚིག་སྟ ལོ་གྲག་ཟེར་གསུམ་དང་དོན་འདྲ། དཔེར་ན་རྗེ་མི་ལའི་རྣམ་མགུར་
ལས།
ཉ་མའི་བུ་མོ་གཞོན་ནུ་མ་ལྔས་རྔེ་བཅུན་ལ་ཟུར་ཟ་དང་བཅས་མཁིན་གཅིག་ཏུ་འདི་སྐད གང་ས་དཀར་ཏི་སེ་སྐད་
པ་དེ།
མ་མཐོང་རྒྱང་ནས་སྒྲ་ཆེ་བ། གངས་ཤེལ་གྱི་མཆོད་རྟེན་འདྲའོ་སྐད། མཐོང་ནས་དྲུང་དུ་བསླེབས་
ཙན།
རི་མགོ་ཁ་བས་གཏུམས་པ་གཅིག། ཅེས་སོགས་གསུངས་པ་ལྟ་བུ།
སྐད་འབྱིན་པ། སྐད་རྒྱག་པ། སྒྲ་སྒྲོག་པ།
སྐབས་ཕྱེ། སྐབས་དབྱེ་དང་འདྲ། སྐབས་དབྱེ་ལ་གཟིགས།
སྐབས་དབྱ། (4)གོ་སྐབས་སྦྱིན་པ། གནང་བ་སྦྱིན་པ། མདོ་རྩ་བ་ལས། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་
དྲིས་ནས་ཡོངས་སུ་དག་པ་ལ་སྐབས་
དབྱའོ། ཞེས་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གྱིས་
ཀྱང་།
དེ་ཕྱིར་མི་དབེ་ཤིན་ཏུ་ཕྲ་མོ་ལའང་། བག་དང་ལྡན་པས་སྐབས་དབྱེ་མི་བྱ་སྟེ། ནམ་མཁའི་ཁམས་
{00000060.tif};
48
ཀུན་འགེངས་འདྲའི་ནྱ་གྲོ་ ས་བོན་ཏིལ་འབྲུ་ཙམ་གྱིས་བསྐྲུན་པ་ལགས། ཞེས་གསུངས་པ་ལྟར་རོ།
(2) ཁས་བླངས་པའི་དོན་ལའང་འཇུག ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། སྐབས་ཕྱའོ་ཞེས་བྱ་བ་ནི་
བཀླག་པར་བགྱིའོ་ཞེས་བྱ་བ་དེ་ཁས་བླངས་པ་ཡིན་ན་ནོ། ཞེས་གསུངས།
སྐབས་དབྱེ་བ། སྐབས་དབྱེ་དང་འདྲ། སྐབས་དབྱེ་ལ་གཟིགས
སྐབས་
འབྱེད་པ། སྐབས་ད་བྱེ་དང་དོན་འདྲ། སྐབས་དབྱེ་ལ་གཟིགས
སྐབས་
འཚོལ་བ། རྒྱུན་དུ་གནོད་པ་བྱེད་པའི་དུས་སྐབས་འཚོལ་བའོ། གླགས་འཚོལ་བ་དང་སྐབས་འཚོལ་
འི་ཁྱད་པར་ནི། གླགས་འཚོལ་བ་ནི་ཐོག་མར་གླགས་ལྟ་བའོ། སྐབས་འཚོལ་བ་ནི། རྒྱུན་དུ་གོ་སྐབས་
འཚོལ་བའོ།

སྐབས་གསུམ་པ། (4) ལྷ་སྤྱིའི་མིང་། སྒྲ་བཤད་ནི། ཐོག་མར་སྐྱེས་པའི་ཆེ་སྐྱེས་སོ་སྙམ་པ་དང་། བར་དུ་གནས་
པ་ད་ང་།
ཐ་མར་འཆི་བའི་ཆེ་འཆིའོ་སྙམ་པའི་འདུ་ཤེས་ཙམ་ལས། སྐབས་གཞན་ཐམས་ཅ་ད་དུ་འདོད་
པའི་རྣམ་
གཡེངས་ཀྱིས་སེམས་རབ་ཏུ་གཡེངས་ཏེ་ཆོས་བྱ་བ་ལ་ལོང་དང་སྐལ་བ་མེད་པས་ན་སྐབས་
གསུམ་པ་ཞེས་བྱ། (2) སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་རྗེ་ཙོང་ཁ་པ་ཆེན་
པོས་མཛད།
ཡོངས་གྲགས་སུ་འདི་ལ་སྐབས་གསུམ་པའམ་སྐབས་གསུམ་མ་ཟེར། (8) ལེའུ་གསུམ་པ།
དཔེར་ན།
མངོན་རྟོགས་རྒྱན་སྐབས་གསུམ་པ། ཞེས་པ་ལྟ་བུ།
སྐབས་གསུམ་མ། སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་གྱིན་རླབས་ཉེར་འཇུག་ཅེས་བྱ་བ་རྗེ་ཙོང་ཁ་པ་ཆེན་པོས་
མཛད།
འདི་ལ་སྐབས་གསུམ་པའང་ཟེར།
སྐབས་གསུམ་མའི་ཊཱི་ཀ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད་པའི་སྐབས་གསུམ་མའི་ཊཱི་ཀ།
སྐལ་ངན། (4) བསོད་ནམས་དམན་པ། (2) དབང་པོ་དམན་པ། རྗེའི་འགྲེལ་པ་བཞི་སྦྲགས་ལས། སྐལ་ངན་
ཏེ་
དབང་པོ་དམན་པ་ཙན་དན་ལྟ་བུ། ཞེས་གསུངས་པ་ལྟར་རོ།
སྐལ་མཉམ་གྱི་རྦུ། རྒྱུ་དྲུག་གི་གསུམ་པ་ནི། རང་གི་འབྲས་བུ་ཕྱི་མ་རང་དང་འདྲ་བར་སྐྱེད་བྱེད། དཔེར་ན། ནས་
ལས་ནས་དང་།
དགེ་བ་ལས་དགེ་བ། ཉོན་མོངས་ལས་ཉོན་མོངས་སྐྱེ་བ་ལྟ་བུ།
སྐལ་ཆད། བསོད་ནམས་ཆུང་བ།
སྐལ་བ་ཆུང་བ། བསོད་ནམས་ཆུང་
སྐལ་བ་མེད་པ། བསོད་ནམས་མེད་པ།
{00000061.tif};
49
སྐུ་སྐྱེ། སྤྲུལ་སྐུ། ཡང་སྲིད། དཔེར་ན། རྗེ་གུང་ཐང་པས། སྐུ་སྐྱེ་བསྟན་དོན་དུ་བྱོན་ན། བཤ་ད་སྒྲུབ་ལག་རྗེས་ཤིག་
ཡོད་ད་དགོས།
ཞེས་གསུངས་པ་ལྟ་བུ།
སྐུ་བཞི། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོསུ་། ལོངསུ་། སྤྲུལ་སྐུ་དང་བཞི། བཀའ་བརྒྱུད རྣམ་ཀུན་མཆོག་ལྡན་ཟུང་
འཇུག་
གི་སྐུ་ཉིད་གདུལ་བྱ་དག་མ་དག་སྣ་ཚོགས་ལ་བཀོད་པ་སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ་དང་། དག་པའི་
གདུལ་བྱ་ལ་
འོག་མིན་ལ་སོགས་པའི་རྫུ་འཕྲུལ་གྱི་བཀོད་པར་སྣང་བ་ལོང་ས་སྐུ་དང་། སྤྲོས་པ་མེད་པའི་
ད་བྱིངས་
རྟེན་ཅིང་འབྲེལ་འབྱུང་གི་བདག་ཉིད་ཆོས་སྐུ་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་
བདེ་བ་ཆེན་པོའི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ།
སྐུ་གསུང་ཐུགས་རྟེན། སྐུའིརྟེན་སངས་རྒྱས་ཀྱི་སྐུ་བརྙན་གྲིས་འབུར། གསུང་གི་རྟེན་གསུང་རབ་གླེགས་བམ།
ཐུགས་ཀྱི་རྟེན་མཆོད་རྟེན་དང་ཕྱག་མཆན་རྡོར་དྲིལ་ལ་སོགས་པ་རྣམས།
སྐུ་གསུམ་ལ་འཇག་པ། རྒྱ་གར་གྱི་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་བསྟན་བཅོས་ཤིག ཡེ་ཤེས་
སྡེའི་འགྱུར།

སྐུ་གསུམ་ལ་འཇུག་པའི་སྒོ། སྐུ་གསུམ་ལ་འཇུག་པ་དང་འདྲ།
སྐུ་གསུམ་ལ་འཇུག་པའི་འགྲེལ་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད། ཡེ་ཤེས་སྡེའི་འགྱུར།
སྐུད་པ་སེ་རལ་ཁ། སེ་རལ་ཁ་དང་། ཆང་ས་སྐུད། མཆོད་ཕྱིར་ཐོགས་རྣམས་དོན་འདྲ། མཆོད་ཕྱིར་ཐོགས་ལ་
གཟིགས།
སྐུམ་པ། ད་ལྐར་བ (4) ཚུར་སྡུད་པ། (2) སྦ་བ།
སྐུའི་གསང་བ་གསུམ། གསང་བ་གསུམ་དང་དོན་གཅིག་སྟེ། སྐུའི་གསང་བ། གསུང་གི་གསང་བ། ཐུགས་ཀྱི་
གསང་བ་
དང་གསུམ། གསང་བ་གསུམ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་པ་ལྟར།
ནམ་མཁའི་མཐས་ཁྱབ་ཚད་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་ཅིང་། དག་པ་དང་མ་དག་པའི་གདུལ་
བྱ
འི་སྣང་བ་དང་མཐུན་པར་སྟོན་པ་ནི། དེ་བཞིན་གཤེགས་པའི་སྐུའི་གསང་བའོ། གདུལ་བྱའི་བསམ་པ་
དང་མཐུན་པའི་
སྐད་མཐའ་ཡས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི། གསུང་གི་
གསང་བའོ།
སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སང་ས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་
སོགས་སྤང་
པ་དང་ཐོབ་པས་བསྡུས་པའི་ཡོན་ཏན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་
འདས་པ་ནི་ཐུ
གས་ཀྱི་གསང་བའོ། སྒྲ་བཤད་ནི། སྐུ་ནི་འདིར་ཞེ་སའི་ཚིག་ཡིན་གྱི། སྐུ་གསུང་ཐུགས་
(8)
{00000062.tif};
50
གསུམ་གྱི་ཟླས་ཕྱེ་བའི་སྐུའི་དོན་ནི་མིན་ནོ། སོ་སོ་སྐྱེ་བོ་དང་། ཉན་རང་སོགས་ཀྱི་བློའི་སྤྱོད་ཡུལ་དུ་མ་
གྱུར་པས་ན་གསང་བའོ། སྐུ་ཞེས་པ་ཞེ་ས་ལ་འཇུག་པ་ནི། ཡོན་ཏན་ལ་སྐུ་ཡོན་དང་། རྩེད་མོ་ལ་སྐུ་རྩེད་
ཅེས་པ་
ལྟ་བུ། གསང་བ་ནི། མངོན་དུ་མ་གྱུར་པ། ལྐོག་ཏུ་གྱུར་པ། རྟོགས་པའམ་དཔོག་པར་དཀའ་བ།
བློའི་སྤྱོད་ཡུལ་དུ་མ་གྱུར་པ་སོགས་ལ་འཇུག་གོ།
སྐུར་འདེབས་ཀྱི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དགུ་པ་ནི། དབེ་སློང་གིས་ད་གེ་འདུན་གྱི་རྙེད་པ་
གང་ཟག་ལ་ལོག་པར་བསྔོས་
སོ་ཞེས་སྐུར་བ་བཏབ་པ་དོན་གོ་བའོ།
སྐུལ་བྱེད་མ། ངཙུསྡ» ལྷ་མོ་ཅུ རིག་པ་ཅ་ན་མ་རྣམས་དོན་གཅིག་མིང་གི་རྣམ་གྲང་ས་ཡིན་པར་གསུང་།
སྐེད་མེད། བུད་མེད་སྤྱིའི་མིང་། སྒྲ་བཤད་ནི། སྐེད་པ་ཤིན་ཏུ་ཕྲ་བས་སྐེད་པ་མེད་པ་ལྟ་བུ་ཡིན་པས་དེ་སྐད་ཅེས་
བཏགས།
སྐེད་མེད་ མཛེས་མ། ལུས་ཕྲ་མ།
སྐོན་པ། ལྕག་མ་ལས་བྱས་པའི་ཕྱི་ལྕི་བ་དང་སས་ཞལ་ཞལ་བྱས་པའི་རིམ་པ་གཅིག་པ་དང་། ཉིས་བརྩེགས་སམ་
སུམ་བརེགས་ཅན་འབྲས་ལ་སོགས་པ་གཞུག་པའི་གནས་ལ་ཟེར།
སྐོན་བུ་ཁ་སྤྱར། ལྕག་མ་ལས་བྱས་པའི་ལྷུང་བཟེད་བཞག་པའི་གནས།
སྐོམ་པ། (1) འབྱུང་འགྱུར་གྱི་རེག་བྱ་བདུན་གྱི་ཡ་གྱལ། མེ་དང་རླུང་ཤས་ཆེ་བ་ལས་བྱུང་བའི་ལུས་ཀྱི་དབང་པོའི་
རེག་བྱ།
སྐོམ་པ་སྟེ་བཏུང་བ་མངོན་པར་འདོད་པའི་བྱེད་ལས་ཅ་ན་ནོ། རྒྱུ་རེག་བྱ་ལ་འབྲས་བུ་སྐོམ་པའི་
མིང་གིས་བཏགས་པའོ།
རྒྱ་གར་གྱི་སློབ་ད་པོན་ཨ་བྷ་ཡ་ཀ་རའི་གསུང་ལ་འཕྲི་སྣོན་ཅུང་ཟད་ཀྱིས་བཀོད།
(2) བཏུང་བ་མངོན་པར་འདོད་པའི་ལུས་ཀྱི་ཚོར་བ།
སྐྱ་བཅོས། མཁྲིས་ནད་ཅན་གྱི་ནད་པ་ལྟ་བུར་ད་ང་པོར་ཞག་ཚི་མེད་པའི་ཟས་སྦྱིན་ཏེ་ནད་གསོ་བའི་བཅོས་ཐབས་
ཤིག།
སྒྲ་བཤད་ནི། སྐྱ་ནི་སྐྱ་ཟན་གྱི་བསྡུས་ཚིག་དང་། བཅོས་ནི་བཅོས་ཐབས་ས་སོ། དཔེར་ན། སྐྱ་བཅོས་
དང་།
སྣུམ་བཅོས་ཟེར་བ་ལྟ་བུའོ།
སྐྱ་རྦབ། ལུས་ཀྱི་པགས་པའི་མདོག་ཐམས་ཅད་སྐྱ་བོར་གྱུར་པ་ལ་ཟེར།
སྐྱ་རེངས་དང་པོ། སྐྱ་རེང་ས་འཆར་དུས་འདི་སྤྱིར་ནམ་རིང་ཐུང་དང་། ལྷག་པར་གླིང་སོ་སོར་ཉི་མ་འཆར་སྔ་
ཕྱིའི་དབང་གིས། དེང་དུས་ཀྱི་ཆུ་ཚོད་དང་སྦྱར་ནས་མཐའ་གཅིག་ཏུ་ཁ་ཚོན་བཅ་ད་ནས་བཞག་པར་དཀའ་
ན་ཡང་། ནམ་གྱི་ཆ་ལ་སྲོད་དང་གུང་དང་ཐོ་རང་ས་གསུམ་དུ་བྱས་པའི་ཐོ་རངས་ཀྱི་དུས་ལ་འཆར་ལ། དེ་
{00000063.tif};
51
གསུམ་རེ་རེ་ལ་ཡང་ཆ་གསུམ་གསུམ་སྟེ་ཆ་ད་གུར་བྱས་པའི་ཆ་བདུན་པའི་ཕྱེད་ན་སྐྱ་རེང་ས་དང་པོ་འཆར་
ར་རོ།
མདོར་ན། ཐོ་རངས་ལ་ཆ་གསུམ་དུ་བྱས་པའི་ཆ་དང་པོའི་ཕྱེད་ན་འཆར་། འོན་ཀྱང་ནམ་རིང་
ཐུང་
གི་དབང་གིས་སྐྱ་རེང་ས་འཆར་དུས་ཀྱང་མི་འདྲ་བ་འོང་སྟེ། དཔེར་ན། ནམ་ཐུང་དུས་ནི་ནམ་གྱི་སུམ་
ཆ་ཉེ་བ་ལུས་པ་ན་སྐྱ་རེངས་དང་པོ་འཆར་ལ།
ནམ་རིང་དུས་ནི་ནམ་གྱི་ལྔ་ཆ་ལུས་པ་ན་སྐྱ་རེངས་དང་པོ་
འཆར་
བ་གསུངས་སོ། ནམ་མཁའི་ཁ་དོག་གི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་བཟུང་བ་ནི། སྐར་མའི་
གདོང་གི་འོད་ཉམས་ནས།
ནམ་མཁའ་སྔོ་སྐྱར་གྱུར་པ་ན་སྐྱ་རེང་ས་དང་པོ་ཤར། རྒྱུ་སྐར་འོད་ཆུང་བ་དང་།
ནམ་མཁའ་སེར་སྐྱར་གྱུར་པ་ན་སྐྱ་རེང་ས་བར་པ་ཤར་བ་ཡིན། རྒྱུ་སྐར་འོད་ནི་མེད་པ་དང་། ནམ་མཁའ་
དམར་པོར་
གྱུར་ནས་ཉི་མ་ཤར་བའི་བར་དུ་ནི། སྐྱ་རེང་ས་ཐ་མའི་དུས་སོ།
སྐྱང་ནུལ། ཞལ་བ་སྟེ་ཆག་ཆག་བཏབ་པའི་མིང་པར། བསྟན་དར་ལྷ་ར་མས་པ་གསུང་།
སྐྱབས་འགྲོ་དྲུག་སྐོར། བླ་མ་ལ་སྐྱབས་སུ་མཆིའོ། སང་ས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་
མཆིའོ།
ད་གེ་འདུན་ལ་སྐྱབས་སུ་མཆིའོ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་ད་ང་བཅ་ས་པ་རྣམས་
ལ་སྐྱབས་སུ་
མཆིའོ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་
སྐྱབས་སུ་
མཆིའོ། ཞེས་པ་འདི་ལ་སྐྱབས་འགྲོ་དྲུག་སྐོར་ཟེར།
སྐྱབས་འགྲོ་བདུན་ཅུ་པ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཤིག།
སྐྱབས་འགྲོ་བཞི་སྐོར། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་
མཆོ། དགེ་འདུན་ལ་སྐྱབས་སུ་མཆིའོ། ཞེས་པའི་ཚིག་རྐང་བཞི་པའི་སྐྱབས་འགྲོ་ལ་ཟེར།
སྐྱབས་འགྲོའི་ཊི་ཀ། རྒྱལ་བ་ད་བེན་ས་པ་བློ་བཟང་དོན་གྲུབ་ཀྱི་སྐྱབས་འགྲོའི་ཁྲིད་ཡིག་ཁག་གཉིས། འཁོན་སྟོན་
དཔལ་འབྱོར་ལྷུན་གྲུབ་ཀྱི་སྐྱ
བས་འགྲོའི་ཁྲིད་ཡིག། ཀུན་མཁྱེན་འཇམ་ད་བྱང་ས་བཞད་པའི་སྐྱབས་འགྲོའི་
ཁྲིད་ཡིག།
གུང་ཐང་བསྟན་པའི་སྒྲོན་མེའི་སྐྱབས་འགྲོའི་ཁྲིད་ཡིག་སོགས་མང་ངོ་།
སྐྱབས་གསུམ་ཀུན་འདུས། མཆོག་གསུམ་ཀུན་འདུས་དང་དོན་གཅིག
སྐྱབས་འགྲོའི་དགེ་བསྙེན། སྐྱབས་འགྲོ་ཙམ་ལ་གནས་པའི་དགེ་བསྙེན་བཏགས་པ་བ་ཞིག་སྟ། མཚོ་ཊཱིཀ་ལས། དེ་
ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ན་ནི།
སྡོམ་པ་མ་བླངས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་གནས་
པའོ།
ཞེས་གསུང་ས་པ་ལྟར་རོ
{00000064.tif};
52
སྐྱབས་འགྲོའི་རྒྱུ་གཉིས། འཇིགས་དད་གཉིས་ཏ། འཁོར་བ་སྤྱི་དང་བྱེ་བྲག་བི་སྡུག་བསྔལ་དྲན་ནས་འཇིགས་པ་
ད་ང་།
དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་དད་པ་གཉིས།
སྐྱིད་ཁྱག རང་ལ་འབྱོར་བ་ད་ང་ཕུན་ཚོགས་ཕྲན་བུའི་བྱུང་བ་ན། ང་རྒྱལ་དང་། རྒྱགས་པ། དྲེགས་པ་སྐྱེ་བའི་རྐྱེན་
དུ་
མི་གཏོང་བར་རང་ཚུགས་ཟིན་ཐུབ་པ་ལ་ཟེར། ད་པེར་ན།བློ་སྦྱོང་ལས། སྐྱིད་ན་སྐྱིད་ཁྱག སྡུག་ན་སྡུག་
ཁྱག་པ་ཞིག་དགོས་ཞེས་གསུང་ས་པ་ལྟར་ར་རོ།
སྐྱུག་ཏིང་ཏིང་བ།
སྐྱག་ལོག་ལོག། ཞེ་ལོག་ལོག། རྗེའི་ལམ་རིམ་ཆེན་མོར། རང་ཅ་ག་ཀྱང་འཇིག་རྟེན་གྱི་བདེ་བ་
གང་མཐོང་བ་དང་ཐོས་པ་དང་དྲ་ན་པ་ཐམས་ཅ་ད་ལ་དེ་ཡང་འཇིག་རྟེན་ཡིན།
དེ་ཡང་འཇིག་རྟེན་ཡིན། དེ་
ཡོ་སྡུག་
བསྡུལ་ཡིན། ཅིས་ཀྱང་བྱར་མེད་སྙམ་ནས་སྐྱུག་ཏིང་ཏིང་བ་ད་གོས་གསུང་བ་ལྟར་
ར་རོ།
ཞེས་གསུང་ས།
སྐྱེ་དགུ། (4) སྲོག་ལྡན་ཡིན་ནོ་ཅོག (2) བུ་ཕྲུག། དཔེར་ན། ཨ་མ་ལ་སྐྱེ་དགུའི་བདག་མོ་ཞེས་བརྗོད་པ་ལྟ་བུ། སྒྲ་
བཤད་ནི།
གཟུགས་མེད་ནས་གཟུགས་མེད་ད་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ། གཟུགས་
ཁམས་ནས་གཟུགས་
ཁམས་ད་ང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ། འདོད་ཁམས་ནས་འདོད་
ཁམས་དང་།
དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ་སྟེ་སྐྱེ་བ་དགུ་ལེན་པས་སྐྱེ་ད་གུ་ཞེས་བྱའོ། པཎ་
ཆེན་བློ་བཟང་ཆོས་རྒྱན་དང་།
ཀུན་མཁྲེན་འཇིགས་མེད་དབང་པོའི་གསུང་གཉིས་ཀར་གསལ། ཡང་ན་
ཕུང་པོ་ལྔ་
དང་ཁམས་བཞི་ལྡན་ལ་བྱེདཔའི་ཚུལ་ཡང་ཡོད་ད་དོ། ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་།
སྐྱེ་དགུའི་བདག་མོ། (1)ཆུང་མ། (2) བཅུན་། (8) ཁྱིམ་དེའི་མ་རྒན། (4) ཡུམ་སྒུ་མ་ལྷ་མཛེས། སྒྲ་བཤད་ནི།
སྐྱེ་དགུ་ནི་བུའི་ཚོགས་ཡིན་ལ། དེའི་བདག་མོ་ཡིན་པས་དེ་ལྟར་དུ་བཏགས། དབེ་ལེགས་བཤེས་གཉེན་
གསུང་།
སྐྱེས་དགུ་བདག་མོའི་རྟོགས་བརྗོད། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ཆེ་བརྗོད་རྣམ་ཐར།
སྐྱེ་མཆེད། (1) ངསཱ་ཡ་ཏ་ན» མིག་སོགས་སྐྱེ་མཆེད་བཅུ་གཉིས་ལྟ་བུ། སྒྲ་བཤད་ནི། སེམས་སེམས་བྱང་
རྣམས་
སྐྱེ་ཞིང་མཆེད་པ་སྟེ་རྒྱ་ཆེར་ཁྱབ་པའམ་འཕེལ་བའི་སྒོ་ཡིན་པས་ན་དེ་སྐད་ཅེས་བྱའོ། དེ་ཡང་
མིག་སོགས་ད་བང་པོ་
རྣམས་ཀྱིས་བདག་རྐྱེན་བྱས་པའི་སྒོ་ནས་སྐྱེ་ཞིང་འཕེལ་བར་བྱེད་ལ། གཟུགས་
སོགས་ཀྱིས་དམིགས་རྐྱེན་བྱས་པའི་སྒོ་ནས་སེམས་སེམས་བྱུང་སྐྱེ་བའི་
ཕྱིར་། (2)རྒྱུ།
སྐྱེ་དང་སྐྱེ་བ། སྐྱེ་བ་འདི་དང་སྐྱེ་བ་ཕྱི་མ་རྣམས།
{00000065.tif};
53
སྐྱེ་གནས། (4) གང་དུ་སྐྱེ་བའི་གནས། དཔེར་ན། དུད་འགྲོའི་སྐྱེ་གནས། ཞེས་པ་ལྟ་བུ། (2) མའི་མང་ལ། (8) མོ་
མཚན།
དཔེར་ན། ཤེས་རབ་མའི་སྐྱེ་གནས་ཀྱི་རྣམ་པ་ཞེས་པ་ལྟ་བུ། (4) འབྱུང་ཁུངས། དཔེར་ན། ཡི་
བེ
འི་སྐྱེ་གནས། ཞེས་པ་ལྟ་བུ།
སྐྱེ་བ་གཅིག་ཐོགས་ཀྱི་བྱང་སེམས། བྱང་ཆུབ་ཐོབ་པ་ལ་སྐྱེ་བ་གཅིག་ངེས་པར་བླང་དགོས་ཀྱི་བྱང་སེམས།
སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་དང་འདྲ་།
སྐྱེ་བ་སྤྲུལ་སྐུའི་ལམ་ཁྱར། ལོངས་སྐུ་གནས་གྱུར་ཏེ་སྤྲུལ་སྐུ་རྡོར་སེམས་སུ་སྒོམ་པ་ལ་ཟེར། འཇིགས་བྱེད་ལྟ་བུ་
ལ།
རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གནས་གྱུར་། ཞལ་ཕྱག་ཡོངས་སུ་རྫོགས་པའི་རྡོ་རྗེ་འཇིགས་བྱེད་དུ་
བསྐྱེད་
ནས་སྒོམ་པ་ལྟ་བུའོ། འདི་ནི་གཞིའི་སྐྱེ་བ་སྦྱོང་བྱེད་དང་། འབྲས་བུའི་སྤྲུལ་སྐུ་འགྲུབ་བྱེད་དོ།
སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་གྱིས་སྐྱེ་བ་སྤྱོང་ཚུལ། བསྐྱེད་རིམ་པའི་སྤྲུལ་སྐུས་སྐྱེ་བ་སྦྱོང་བའི་ཚུལ་ནི། ཐ་མལ་
པ་ལ་སྐྱེ་
བ་རང་ད་གའ་བ་འབྱུང་བའི་དོད་ལ། བསྐྱེད་རིམ་པའི་རྣལ་འབྱོར་པ་ལ་ད་ང་པོའི་མགོན་པོ་སྤྲུལ་སྲུ་
རྡོར་སེ
མས་སུ་བསྒུར་བའི་སྤྲུལ་སྐུ་འབྱུང་བ་ཡིན་ནོ། ཞེས་རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་
བའི་རེ་སྐོང་ལ
ས་གསུང་ས་པ་ལྟར་ར་རོ།
སྐྱེ་བ་སྤྲུལ་སྐུའི་བསྲེ་བ། བསྲེ་བ་སྐོར་ད་གུའི་ད་གུ་པ་དང་འཆི་དུས་ཀྱི་བསྲེ་བ་གསུམ་གྱི་གསུམ་པ་ནི། སྐྱེ་བ་སྤྲུལ་སྐུ་
དང་
བསྲེ་བ་ནི། མང་ལ་དུ་སྐྱེ་བ་ལེན་པར་རྩོམ་པ་ནི། སྐྱེ་བ་ལེན་རྒྱུའི་རྣམ་སྨིན་གྱི་ལུས་དེ་སྤྲུལ་སྐུ་རྡོ་རྗེ་
སེམས་ེམས་དཔ
འ་འམ། སྤྲུལ་སྐུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་པའི་སྙིང་གའི་དབུས་
སུ་
ཤིན་ཏུ་ཕྲ་མོའི་རླུང་སེམས་ཙ་མ་ལས་གྲུབ་པའི་ལོང་ས་སྐུ་དེ་ཉིད་བཞུགས་པར་བསྒོམ་སྟེ། སྐྱེ་གནས་སུ་
སྐྱེ་བ་
ལེན་པ་ནི་སྐྱེ་བ་སྐུ་དང་བསྲེ་བ་ཡིན་ཏེ། འདི་ནི་བསྲེ་བ་སྐོར་དགུའི་དགུ་པ་ཡིན་ནོ།
སྐྱེ་བ་མེད་པ། སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲང་ས་ཏེ། སྒྲ་བཤད་ནི། རྒྱུ་ལས་འབྲས་བུ་དོན་ད་མ་པར་མི་སྐྱེ་བས་སྐྱེ་
བ་མེད་པ་
ཞེས་བྱའོ།
སྐྱེ་བོ། མི་སྤྱིའི་མིང་། སྒྲ་བཤད་ནི། ལས་དང་ཉོན་མོང་ས་དག་གིས་བསྐྱེད་པར་བྱ་བ་ཡིན་པས་ན་སྐྱེ་བོ་ཞེས་
བྱའོ།
སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ། བཀའ་བརྒྱུད ཕྱག་ཆེན་གྱི་བད་ཞིག་སྟེ། རང་གི་སེམས་སྐྱེ་འགག་གནས་གསུམ་
དང་
དུས་གསུམ་ལ་སོགས་པའི་སྤྲོས་པ་བཅ་ད་དེ་སྐྱེ་མེད་ཟང་ཐལ་ཆེན་པོར་བློ་ཐག་གཅོད་པ་ལ་ཟེར། ཟང་
{00000066.tif};
ཐལ་ནི་ཐོགས་རྔུགས་མེད་པའམ་ཐོགས་པ་མེད་པ། ལ་བཟླ་བ་ནི་སོམ་ཉི་མི་བྱེད་པར་ཐག་གཅོད་པའི་དོན་
ནོ།
སྐྱེ་སྲིད་། སྲིད་པ་ལ་བཞིར་ཕྱེ་བའི་སྐྱེ་སྲིད་ནི། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ལ་ཟེར།
སྐྱེང་ས། བརྡ་རྙིང (4) ངོ་ཚ་བ། (2) རྣམ་པར་ཞུམ་པ་སྟེ། བྱ་བ་ལ་རྨོང་ས་པར་གྱུར་པ།
སྐྱེད་མོས་ཚལ། ལྡུམ་ར། རྩེད་འཇོའི་གནས།
སྐྱེད་ཚལ། སྐྱེད་མོས་ཆལ་གྱི་བསྡུས་མིང་།
སྐྱེད་ཚལ་ར་བའི་རྫིང་བུའི་འགྲམ། རྒྱལ་པོ་མ་སྐྱེས་ད་གྲས་བྱས་པའི་ཛིང་བུའི་ནང་དུ་སྐྱེད་མོས་ཆལ་
ཀ་ན་
ཌ་ཞེས་པ་ཡོད་པའི་ས་ཕྱོགས་ལ་བཞེད།
སྐྱེལ་སོ། དོན་གྱི་སྙིང་པོ། འགག་རྩ། མཐར་ཐུག་གི་དོན།
སྐྱེས་ནས་མ་ནིང་། (1)མ་ནིང་ལྔའི་ཡ་གྱལ་ཏེ། སྐྱེས་ཙ་མ་ནས་ཕོ་མོ་གང་གི་ཡང་མཆན་དང་མི་ལྡན་པ། (2)
མཆན་གཉིས་པ།
སྐྱེས་ནས་པྱོང་འགྱེར་གྱི་ལ ཆེ་གཉིས་པ་ལ་འབྲས་བུ་མོང་བའི་ལས། རྗེའི་ལམ་རིམ་ཆེ་ཆུང་དུ་གསལ།
སྐྱེས་བུ། (4) མིའི་མིང་སྟ། སྤྱོད་འཇུག་ཟིན་བྲིས་ལས། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་ནུས་ལྡན་ལ་འཇུག་པས་
ཕྱི་མའི་དོན་བསྒྲུབ་པ་ལ་ནུས་པ་དང་ལྡན་པའི་
དོན་ནོ། ཞེས་གསུངས། དག་པོ་ཐར་རྒྱན་དུའང་དེ་བཞིན་
དུ་གསལ།
(2) འདུལ་བ་ནས་བཤད་པའི་གྲིབ་ཚོད་འཇལ་བྱེད་ཀྱི་ཤིང་བུ་སོར་བཞི་པའི་ཐུར་མའམ།
དེའི་གྲིབ་མ་སོར་བཞི་པ་ལ་ཟེར།
སྐྱེས་བུ་ཆུང་ངུ་། མངོན་མཐོ་ལྷ་མིའི་གོ་འཕང་ཙ་མ་དོན་དུ་གཉེར་ནས་དེ་འཐོབ་པའི་ཐབས་མི་དགོ་བཅུ་སྤོང་གི་
ཚུལ་ཁྲིམས་ལ་
ཚུལ་བཞིན་དུ་སློབ་པའི་གང་ཟག་དེ་ལ། སྐྱེས་བུ་ཆུང་འུའམ་སྐྱེས་བུ་ཐ་མ་ཞེས་བྱའོ།
སྐྱེས་བུ་ཆེན་པོ། སེམས་ཅན་ཐམས་ཅ་ད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ཞིང་། དེ་ཐོབ་པའི་
ཐབས་
ཀྱི་གཙོ་བོ་རྒྱུ་འབྲས་མན་ངག་བདུན་སོགས་ཐབས་ཀྱི་ཆ་དང་། ཡང་དག་པའི་ལྟ་བ་ལ་ཚུལ་བཞིན་
དུ་སློབ་པའི་
གང་ཟག་དེ་ལ། སྐྱེས་བུ་ཆེན་པོའམ་སྐྱེས་བུ་མཆོག་ཅེས་བྱའོ།
སྐྱེས་བུ་དམ་པ། ༿ བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་མཁས་གྲུབ་གཉས་ལྡན་གྱི་སྐྱེས་བུ་ལ་ཟེར་ཏེ། ལྕང་
སྐྱ་རོལ་པའི་རྡོ་རྗེས།
མཁས་པས་གྲུབ་པ་མ་བཅོམ་ཞིང་། གྲུབ་པས་མཁས་པ་མ་བཅོམ་པར། བསྟན་ལ་
ཕན་པ་སྒྲུབ་པ་ལ།
སྐྱེས་བུ་ད་མ་པ་ཞེས་ཀྱང་ཟེར། ཞེས་གསུང་ས་པ་ལྟར་། ༿ ཡང་ན། འཇམ་མགོན་
{00000067.tif};
5 5
ས་པཎ་གྱིས། བསྟོད་པས་ད་གའ་བར་མི་འགྱུར་ལ། སྨད་པས་མི་དགའ་མི་འགྱུར་
ཞིང་།
རང་གི་ཡོན་ཏན་ལེགས་གནས་པ། སྐྱེས་བུ་དམ་པའི་མཆན་ཉིད་ཡིན། ཞེས་གསུང་ས།
སྐྱེས་བུ་འདུལ་ གདུལ་བྱ། སྒྲ་བཤད་ནི། འདུལ་བར་འོས་པའི་སྐྱེས་བུ་ཡིན་པས་ན་དེ་སྐད་ཅེས་བྱ། སློབ་
དཔོན་ཚུལ་ཁྲིམས་བསྐྱང་ས་
གསུང་ལ་གཞི་བྱས།
སྐྱེས་བུ་འབྲིང་། སྲིད་པའི་བདེ་བ་ལ་རྒྱབ་ཀྱིས་ཕྱོགས་ནས་རང་ཉིད་གཅིག་པུའི་དོན་དུ་ཞི་བའི་བདེ་བ་ཙ་མ་
དོན་དུ་གཉེར་ལ།
དེ་བསྒྲུབ་པའི་ཐབས་དགེ་སྡིག་གི་སྤང་བླང་སྤྱི་དང་བྱེ་བྲག་ཏུ་ལྷག་པའི་བསླབ་པ་གསུམ་
ལ་
ཚུལ་བཞིན་དུ་སློབ་པའི་གང་ཟག་དེ་ལ། སྐྱེས་བུ་འབྲིང་ཞེས་བྱའོ།
སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་ སྐྱེས་བུ་ཆེན་པོའི་སྲུང་མ་པྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། སྐྱེས་བུ་
འབྲིང་གི་སྲུ
ང་མ་རྣམ་སྲས། སྐྱེས་བུ་ཆུང་ངུའི་སྲུང་མ་ལས་གཤིན་དང་གསུམ་། དེ་གསུམ་སྐྱེས་བུ་
གསུམ་གྱི་སྲུང་མར་འཇོག་པ
འི་རྒྱུ་མཆན་ནི། མུར་མཛད་ཡེ་ཤེས་ཀྱི་མགོན་པོ་རྒྱལ་ཀུན་སྙིང་རྗེའི་རང་
གཟུགས་སྤྱན་རས་གཟིགས་དངོས་ཡིན་པས་
དེ་ཉིད་ཆོས་སྐྱོང་དུ་བསྟེན་ན་སྐྱེས་བུ་ཆེན་པོའི་སྐབས་བྱམས་
སྙིང་རྗེ་
སྐྱེ་མུར་བ་ལ་གནད་ཆེ་བ་དང་། འགྲིང་བི་སྐབས་བསླབ་པ་གསུམ་དང་། ལྷག་པར་ཚུལ་ཁྲིམས་ཀྱི་
བསླབ་པ་གཙོ་བོར་ཉམས་
སུ་ལེན་ད་གོས་ཤིང་། རྒྱལ་ཆེན་རྣམ་ཐོས་སྲས་ཀྱིས་སྟོན་པའི་སྤྱན་སྔར་འདུལ་བ་
དང་དེའི་བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་སྲུང་བར་ཞལ་གྱིས་བཞེས་པས་དེ་ཉིད་བསྟེན་ན་དེ་ལྟ་བུའི་ལམ་
རྒྱུད་ལ་སྐྱེ་བ་
གནད་ཆ། ཆོས་རྒྱལ་གཤིན་རྗེ་ནི་སྐྱེ་འགྲོ་ཀུན་ལ་མི་རྟག་པ་སྟོན་ཅིང་དགེ་སྡིག་པི་སྟང་འཇིན་
ལས་འབྲས་ཀྱི་རྣམ་དབྱེ་སྟོན་པ་པོ་ཡིན་པས་འདི་ཉིད་ཆོས་སྐྱོང་དུ་བསྟེན་ན་མི་རྟག་ལས་འབྲས་སོགས་
སྐྱེས་བུ་ཆུང་ངུའི་
རྟོགས་པ་རང་རྒྱུད་ལ་སྐྱེ་སླ་བའི་དགོས་པ་ཡོད་པས་དེ་སྐད་ཅེས་བཏགས་སོ།
སྐྱེས་རབས་ཀྱི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དབུ་པ་སྐྱེས་རབས་ཀྱི་སྡེ་ནི། འདས་པའི་དུས་ལ་བརྟེན་ཏེ་
བཅོམ་ལྡན་འདས་ཀྱིས་སྐུ་
སྐྱེས་དེ་དང་དེ་དག་ཏུ་བྱང་ཚུབ་སེམས་དཔའི་སྤྱོད་པ་དང་དཀའ་བ་སྤྱད་པ་བསྟན་
འི་སྡེ་སྣོད་ད་དོ།
སྐྱོ་སྔོགས། སྔར་འཁོན་པ་བར་སྐབས་སུ་ཞི་བ་སླར་སློང་བའོ། ཞེས་བསྟན་དར་ལྷ་རམས་པ་གསུང་། ད་པེར་ན།
འདུལ་བ་ལས། སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཅེས་པ་ལྟ་བུ།
སྐྱོ་སྔོགས་པྱེད་པའི་ལྟུང་བྱེད། འབའ་ཞིག་པ་དབུ་བཅུའི་བཞི་པ་ནི། ད་གེ་སློང་གཉིས་ཡན་ཆད་རྩོད་པ་བཞི་པོ་
གང་རུང་
དབེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་ཟིན་པ་ལ་སླར་སློང་བའོ། སྐྱོ་སྔོགས་ནི། སྔར་འཁོན་
{00000068.tif};
པ་བར་སྐབས་སུ་ཞི་བ་སླར་སློང་བའོ། རྩོད་པ་བཞི་ནི། ལྟུང་ཕྱིར་རྩོད་པ། འགྱིད་ཕྱིར་རྩོད་པ། མི་
བསྡམས་ཕྱིར་རྩོད་པ།
བྱ་བ་ལས་ཕྱིར་རྩོད་པ་ད་ང་བཞིའོ།
སྐྱོ་བ། (1)མ་ངན། སེམས་སྐྱོ་ལྟ་བུ། (2)ངེས་པར་འབྱུང་བ། ཞེན་པ་ལོག་པ། འཁོར་བ་ལ་སྐྱོ་བའམ་སྐྱོ་ཤས་
བསྐྱེད་
ལྟ་བུ། (8) དཀའ་སྤྱད་ད་མ། ང་ལ་བ། སེམས་ཤུགས་ཆག་པ། ཡང་ཡང་འཆད་པས་ངལ་བའི་སྐྱོ་
བ་
སྤང་ས་ལྟ་བུ།
སྐྱོང་བྱེད། (4) ཕ། (2) གླང་རྫི། (8) མི་ཤེས་པ། བྱིས་པ། དཔེར་ན། ཀློང་ཆེན་རབ་འབྱམས་པའི་ཡིད་བཞིན་
མཛོད་རྩ་བ་ལས།
མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་
རྨོངས།
སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག། ཅེས་
གསུངས་པ་ལྟར་རོ།

སྐྱོན་སྨྲའི་ལྟུང་བྱེད། འབའ་ཞིག་དགུ་བཅུའི་གཉིས་པ་ནི། དགེ་སློང་ལ་སྐྱོན་གང་ཡང་རུང་བ་སྨྲས་པ་ཡུལ་དེས་དོན་
གོ་བའོ།
སྐྲ་ད་ཀར་སྐྱེས་པ། རྒས་པ།
བརྐམ་པ། ཆགས་པ། ལེགས་སྦྱར་གྱི་སྐད་དུ། ཀཱ་མ་ནི་འདོད་ཆགས་དང་། ཀམ་ཞེས་པ་ནི་ཆགས་པའི་མིང་ཡིན་
པས་དེ་
ལས་མཆེད་པར་སེམས་སོ། དཔེར་ན། བསྐལ་པ་ནི། ལེགས་སྦྱར་གྱི་ཀལྤ་ལས་མཆེད་པ་ལྟ་
བུའོ།
རྗེའི་ལམ་གཙོ་རྣམ་གསུམ་ལས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། བདེ་འབྲས་དོན་
གཉེར་ཞི་བའི་ཐབས་མེད་ལ།
སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅ་ན་རྣམས། ཀུན་ནས་འཆིང་ཕྱིར་ཐོག་
མར་ངེས་འབྱུང་བཙལ།
ཞེས་གསུང་ས་པ་ལྟར་རོ
བརྐྱང་ ཁྱབ་པའམ་ཡངས་པར་བྱས་པ། ལུང་ཕྲན་ཆེགས་ཀྱི་འགྲེལ་པར་གས་ལ།
བརྐྱང་ས་བསྐུམས་མ། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་བརྐྱང་བསྐུམ་མ་འདི། རྗེ་ཙོང་ཁ་པ་ཆེན་པོས་གསུངས།
བརྐྱངས་ཁྲུ། སོར་ཉི་ཤུ་ཙ་བཞིའི་ཆད། ད་ནི་གྲུ་མོའི་སྣེ་ནས་གུང་མཇུབ་ཀྱི་རྩེ་མོའི་བར་གྱི་ཆ་ཤས་ལ་བརྐྱངས་ཁྲུ་
གང་ཟེར།
བསྐ་བ། སྐ་བ་དང་དོན་འདྲ།
བསྐལ་ཆུང་། བར་བསྐལ་དང་འདྲ།
བསྐལ་ཆེན། བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་ཟེར།
{00000069.tif};
57
བསྐལ་པ། ངཀལྤ» ༿དུས་ཡུན་ཤིན་ཏུ་རིང་བའི་ཆད་ཅིག འདི་ཡི་བེ་འབྲི་ཚུལ་ཙ་མ་ལས་རྒྱ་སྐད་སོར་བཞག་
ཡིན།
༿ ཡུལ་དུས་ངོ་བོ་གསུམ་གྱིས་ལྐོག་གྱུར་ཏུ་སོང་བ།
བསྐལ་པ་སྐར་མ་ལྟ་བུ། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བར་བསྐལ་དང་བསྐལ་ཆེན་རྣམས་ལས་ཀྱང་
དུས་
ཡུན་ཤིན་ཏུ་རིང་བའི་བསྐལ་པ་ཞིག་སྟེ། དེའི་འགྲིབ་པའི་དུས་ཡུན་གཅིག་པུ་ལའང་བར་བསྐལ་སྟོང་
ཕྲག་ཉི་ཤུ་ཡོད་པ
ར་རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་རས་གསུངས། བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་
འབྱུང་
བའི་དུས་ནི། བསྐལ་པ་བཟང་པོ་འདིའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་དྲུག་ཅུ་འབྱུང་
ང་ངོ་།
དེའི་འོག་ཏུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་དེ་ལ་སང་ས་རྒྱས་ཁྲི་འབྱུང་
ང་ངོ་།
དེའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་བརྒྱད་ཁྲི་འབྱུང་ངོ་། དེའི་འོག་ཏུ་བསྐལ་པ་སྐར་མ་ཞེས་
བྱ་བ་འབྱུང་ཞིང་།
དེ་ལ་སང་ས་རྒྱས་བརྒྱད་ཁྲི་འབྱུང་ངོ་། དེ་ནས་མུན་བསྐལ་སུམ་བརྒྱ། དེ་ནས་སྒྲོན་
བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་
མདོ་སྡེ་བསྐལ་བཟང་ལས་འབྱུང་
བར་བཤད་དོ།

བསྐལ་པ་བར་མ། (4) བསྐལ་པ་ཞེས་བྱ་བ་ནི་ཐམས་ཅད་དཔག་ཆད་ཕྱེད་ཕྱེད་པ་ལ་ཀ་ཤི་ཀའི་རས་ཀྱིས་ལོ་བརྒྱ་
བརྒྱ་ན་
ཕྱོགས་རེ་ཕྱགས་པས་ནམ་ཟད་པར་འགྱུར་བ་དེ་ཙ་མ་ན་བསྐལ་པ་བར་མའོ། ཞེས་རྒྱ་གར་གྱི་
མཁས་པ་བཻ་རོ་ཙ་ན་རཀྱི་ཏའི་སྤྱོད་འཇུག་འགྲེལ་པར་གསལ་བ་ལྟར་བཀོད་། བར་བསྐལ་དང་དོན་གཅིག།
(2) བར་གྱི་བསྐལ་པའི་རྩིས་གཞི་ལོ་ཡི་བྱེད་པ་མིན། དེ་ཅིའི་ཕྱིར་ཞེ་ན། བཅུད་ཀྱི་སེམས་ཅ་ན་གྱི་བྱེད་སྤྱོད་
བཟང་ངན་
གྱིས་བསྐལ་བཟང་གི་སངས་རྒྱས་དེ་དག་སྐུ་ཚེ་དང་སྨོན་ལམ་གྱིས་ཀྱང་མ་ངེས་ཤིང་། བར་གྱི་
བསྐལ་པ་ཡང་
ཧ་ཅང་རྒྱུན་རིང་བས་ལོ་དང་ཟླ་བས་བགྲང་མི་ནུས་སོ། འགའ་ཞིག་པིས་བར་བསྐལ་གཅིག་
ལ།
མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་ཆུང བ་གསུམ། གཏམས་ཆེན་དབུ། གཏམས་ཆུང་བདུན།
རབ་བཀྲམ་ཆེན་པོ་བདུན། ཁྲག་ཁྲིག་ཆེན་པོ་དྲུག། ཁྲག་ཁྲིག་ཆུང་བ་གཉིས། ཐེར་འབུམ་ཆེན་པོ་བཞི་ཡོད་
གསུངས།
ཁ་ཅིག་གིས་བར་བསྐལ་མི་ལོ་ད་ཀྲིགས་ཁྲག་དགུ་ཡོད་གསུང་ས་སོ། ཞེས་ཀློང་རྡོལ་བླ་མ་གསུང་།
(8) བོད་རྒྱ་ཚིག་མཛོད་ཆེན་མོར། བསྐལ་པ་ཆུང་བ་སྟ། ཆོས་མངོན་པའི་བཤད་སྲོལ་ལྟར་ན་མིའི་ཆེ་ལོ་
བཅུ་པ་ནས་
བཟུང་ལོ་བརྒྱ་རེར་ལོ་རེ་འཕེལ་ཏེ་མིའི་ཆེ་ལོ་བརྒྱད་ཁྲི་བཞི་སྟོང་བར་ཡར་འཕེལ་བའི་དུས་
ཡུན་ལ་བསྐལ་པ་ཚུང་བ་གཅིག་དང་། དེ་ནས་ལོ་བརྒྱ་རེར་ལོ་རེ་འགྲིབ་སྟེ་མིའི་ཚི་ལོ་བཅུ་པའི་བར་མར་
འགྲིབ་པའི་དུས་
ཡུན་ལ་ཡང་བསྐལ་པ་ཆུང་བ་གཅིག་ཟེར། དེ་ལ་མི་ལོ་ཁྲི་བརྒྱད་བརྒྱ་སོ་དབུ་དང་ད་གུ་སྟོང
{00000070.tif};
ཐམ་པ་ཡོད། ཞེས་འདུག་ཀྱང་བསྐལ་ཆུང་དང་བར་བསྐལ་དོན་གཅིག་པས་བར་བསྐལ་གྱི་རྩིས་གཞི་ལོ་
ཡིས་
བྱེད་པ་མིན་ཞེས་གོང་དུ་གསུངས་པ་ལྟར་ན་འདི་ལ་ད་དུང་དཔྱད་ད་དོ།
བསྐལ་པ་བཟང་པོ། བསྐལ་པ་འདི་ཆགས་པའི་སྔོན་རོལ་དུ་སྟོང་གསུམ་ཐམས་ཅ་ད་ཆུའི་རྒྱ་མཚོ་ཆེན་པོ་གཅིག་ཏུ་
གྱུར་ཏེ་ཡོད་པ་ལ་མེ་ཏོག་
པད་མ་འད་བ་མ་སྟོང་ལྡན་སྟོང་སྐྱེས་ནས་འདུག་པ་གཙང་རིས་ཀྱི་ལྷ་རྣམས་ཀྱིས་
རྒྱུ་མཆན་
ཅི་ཡིན་ཞེས་མངོན་ཤེས་ཀྱིས་བརྟགས་པས། ད་རེས་ཀྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་འཔྱོན་
པར་དེའི་དོན་གྱིས་ཡིན་པར་ཤེས་ཏེ། ད་རེས་ཀྱི་བསྐལ་པ་འདི་ནི་བསྐལ་པ་བཟང་པོ་ཡིན་ནོ་ཞེས་བསྐལ་
པའི་མིང་བཟང་པོར་བཏགས།

བསྐུ་ཞིང་བྱུག་པ། ཕྱོགས་གཅིག་ཞལ་ཞལ་བྱས་པ་ནི་བསྐུས་པའོ། ཕྱོགས་ཀུན་ཞལ་ཞལ་བྱས་པ་ནི་བྱུགས་པ།
བསྐུམ་པ། བསྡུས་པ། ལུང་ཕྲན་ཆེགས་ཀྱི་འགྲེལ་པར་གས་ལ། སྐུམ་པའི་མ་འོང་ས་པ།
བསྐུམས་ཁྲུ་གང་། སོར་ཉི་ཤུའི་ཚད་། དེ་ནི་གྲུ་མོའི་སྣེ་ནས་མཐེབ་ཆུང་གི་རྩ་བའི་བར་གྱི་ཆ་ཤས་ལ་ཟེར།
མཛོད་ལས་ཁྲུ་གང་ཞེས་པ་ནི་བརྐྱངས་ཁྲུ་ལ་ཟེར་བ་ཡིན།
བསྐུར་བའི་སྤང་ལྟུང་། སྤང་ལྟུང་སུམ་ཅུའི་བཅུ་པ་ནི། སྦྱིན་བདག་ཁྱིམ་པས་ཕོ་ཉ་བ་ཁྱིམ་པ་ལ་དབེ་སློང་གི་ཆོས་
གོས་ཀྱི་རིན་
བསྐུར་བ་ཞལ་ཏ་བ་ཁྱིམ་པ་ལ་སྤྲད་ཞལ་ཏ་བ་དེ་ལ་དགེ་སློང་གིས་བསྐུལ་བསྡད་དྲུག་ལས་ལྷག་
པའམ་མ་ལྷག་ཀྱང་ཞལ་ཏ་བས་སྦྱིན་བདག་གི་སེམས་བསྡུ་བ་
ཁས་མ་བླངས་པར་དེ་འདྲ་འི་རིན་པོ་ཆེ་
བསླང་ས་པའོ།

བསྐྱེད་རྫོགས། བསྐྱེད་རིམ་དང་རྫོགས་རིམ་གྱི་བསྡུས་མིང་།
བསྐྱེད་རིམ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་མ་བྱུང་ཞིང་། རང་
འབྲས་རྫོགས་
རིམ་གྱི་རྒྱུད་སྨིན་བྱེད་གང་ཞིག སྐྱེ་ཤི་བར་དོ་གསུམ་པོ་ཅི་རིགས་དང་རྣམ་པ་མཐུན་པར་
བློས་གསར་དུ་བརྟགས་ནས་སྒོམ་པའི་རྣལ་འབྱོར་དེ། བསྐྱེད་རིམ་གྱི་མཆན་ཉིད་དུ་པཎ་ཆེན་བློ་བཟང་
ཆོས་ཀྱི་རྒྱལ་མཚན་
གསུང་ངོ་། དཔལ་ལྡན་ཆོས་ཇེས་མཆན་ཉིད་འདི་བསྐྱེད་རིམ་གྱི་གཙོ་བོའི་དབང་དུ་
བྱས་པ་ཡིན་
གསུང་། གཞན་ཡང་། དངོས་གནས་ལ་གྲུབ་པ་མེད་ཅིང་བློས་ཡི་གེ་དང་ཉི་ཟླ་མཆན་མ་
སོགས་
གང་རུང་ལས་རང་ཉིད་ལྷར་བསྐྱེད་པའི་རྣམ་པ་ཡིན་པས་བསྐྱེད་རིམ་སྟེ། རིམ་པ་ནི་རྣམ་པའི་དོན་
ནོ།
ཞེས་མཁས་གྲུབ་ཆོས་རྗེའི་དངོས་སློབ་འདུལ་འཇིན་ད་པལ་ལྡན་བཟང་པོའི་གསང་འདུས་རྩ་བརྒྱུད་ཀྱི་
འགྲེལ་པ་
རིན་ཆེན་གཏེར་མཛོད་ལས་གསུངས། རྗེའི་སྔགས་རིམ་ཆེན་མོ་ཡང་དེ་བཞིན་དུ་གསུ--་ས།
{00000071.tif};

59
དབྱེ་ན། རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་དང་། བསྐྲེད་རིམ་རགས་པ་དང་དོན་གཅིག ཕྲ་བ་རྟོག་
པའི་རྣལ་འབྱོར་གཉིས། [བསྐྲེད་རིམ་ཕྲ་མོ་དང་དོན་གཅིག སྒྲ་བཤད་ནི། བློས་བསྐྱེད་ཅིང་བརྟགས་ལ་
བཅོས་
པའི་རིམ་པའམ་རྣམ་པ་ཨིན་པས་དེ་སྐད་ཅེས་བྱ། མིང་གི་རྣམ་གྲང་ས་ནི། རིམ་པ་དང་པོ། བསྐྱེད་
པའི་རིམ་པ།
རྟོག་པའི་རྣལ་འབྱོར། བརྟགས་པའི་རིམ་པ། བཅོས་མའི་རྣལ་འབྱོར་ཞེས་བྱའོ། རྗེའི་
སྔགས་རིམ་ཆེན་མོ
ར་གཞི་བྱས་ཏེ་བཀོད།
བསྐྱེད་རིམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ། ཐ་མལ་གྱི་སྣང་བ་དང་ཞེན་པ་གཉིས་ལ་ཟེར་ཏེ། རྗེའི་སྔགས་
རིམ་ཆེན་མོ་ལས།
བསྐྱེད་རིམ་གྱི་ཐུན་མོང་མ་ཨིན་པའི་སྤང་བྱ་ནི། རྟེན་ད་ང་བརྟེན་པ་ཐ་མལ་པའི་སྣང་བ་
དང་རྟེན་དང་བརྟེན་པ་ཐ་མལ་པར་ཞེན་པའི་ང་རྒྱལ་ཡིན་ཏེ། ཞེས་གསུང་ས་པ་ལྟར་རོ།
བསྐྱེད་རིམ་དུ་གྱུར་པའི་ལུས་དབེན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་དང་མ་འབྲེལ་བའི་ཕུང་
སོགས་ལྷ
ར་སྒོམ་པ་ཙམ་ལ་ཟེར། རྒྱས་པར་བཤད་ན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་
ལས་བྱུང་བའི་
བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པ་མིན་པར། བསྐྱེད་རིམ་ཕྲ་
རགས་མཐར་
ཕྱིན་པ་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། བྱང་སེམས་སྤྱི་བོ་ནས་གསང་གནས་ཀྱི་རོའི་
བར་དུ་འབེབས་ནུས་ཤིང་། དེ་ལ་བརྟེན་ནས་དགའ་བ་བཞི་སྐྱེས་ནུས་ལ། དེ་ལྟ་བུའི་བདེ་བ་དང་སྟོང་པ་
སྦྱར་
བའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པ་ལ་བསྐྱེད་རིམ་པའི་ལུས་དབེན་ཞེས་ཟེར་རོ། རྗེའི་རིམ་ལྔ་
གསལ་
སྒྲོན་ལ་གཞི་བྱས།
བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག
རྗེ་བཅུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་ནི། ཆོས་
རྗེ་ས་པཎ་གྱིས།
ཉལ་དང་ལྡང་དང་བདུད་རྩི་མྱང་། ཆད་མེད་བླ་མ་བདག་ལྷར་བསྐྱད། འགྲོ་བ་དག་པའི་
རྣལ་འབྱོར་ད་ང་།
དཔའ་བོ་དཔའ་མོས་པྱིན་གྱིས་བརླབས། ང་ག་བཟླས་ཡིད་བཟླས་གཉིས་གཅིག་ཡིན།
བསམ་གྱིས་མི་ཁྱབ་རྣལ་འབྱོར་དང་། སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། དེ་ལྟར་རྣལ་འབྱོར་བཅུ་གཅིག་གོ།
ཞེས་གསུངས་པ་ལྟར་ཏེ། དང་པོ་ཉལ་བའི་རྣལ་འབྱོར། གཉིས་པ་ལྡང་བའི་རྣལ་འབྱོར། གསུམ་པ་བདུད་
རྩི་
མོང་བའི་རྣལ་འབྱོར། བཞི་པ་ཚད་མེད་ཀྱི་རྣལ་འབྱོར། ལྔ་པ་བླ་མའི་རྣལ་འབྱོར། དྲུག་པ་བདག་ལྷར་
བ་སྐྱེད་པའི་
རྣལ་འབྱོར། བདུན་པ་འགྲོ་བ་དག་པའི་རྣལ་འབྱོར། བརྒྱད་པ་དཔའ་བོ་དཔའ་མོས་བྱིན་གྱིས་
བརླབས་པའི་རྣལ་འབྱོར།
དགུ་པ་ངག་བཟླས་དང་ཡིད་བཟླས་ཀྱི་རྣལ་འབྱོར། བཅུ་པ་བསམ་གྱིས་མི་ཁྱབ་
པའི་
རྣལ་འབྱོར། བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་དང་བཅ་ས་སོ།
{00000072.tif};
60
བསྐྱེད་རིམ་པའི་འཆི་བ་ཆོས་སྐུའི་ལམ་འཁྱེར། འཆི་བ་ཆོས་སྐུའི་ལམ་འཁྱེར་ད་ང་འདྲ།
བསྐྱེད་རིམ་ཕྲ་རགས། རྟེན་ད་ང་བརྟེན་པའི་ད་ཀྱིལ་འཁོར་ལ་ང་རྒྱལ་འཇོག་ཅིང་གསལ་སྣང་འདོན་པ་ནི། བསྐྱེད་
རིམ་རགས་པའོ།
བསྐྱེད་རིམ་རགས་པ་དང་། རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་གཉིས་དོན་
གཅིག
སྟེང་འོག་བི་སྣ་རོར་ཕྲ་ཐིག་སྒོམ་པ་ནི། བསྐྱེད་རིམ་ཕྲ་མོའོ། བསྐྱེད་རིམ་ཕྲ་མོ་དང་། ཕྲ་བ་རྟོག་
པའི་རྣལ་འཔྱོར་གཉིས་དོན་གཅིག
་བ
སྐྱོད་པ། (4) བསྒུལ་བ། དཔེར་ན། རླུང་གིས་བསྐྱོད་ཞེས་པ་ལྟ་བུ། (2) འགྲོ་བ།
བསྐྲད་པའི་ལྟུང་བྱེད་། འབའ་ཞིག་པ་དགུ་བཅུའི་བཅུ་དྲུག་པ་ནི། ད་གེ་སློང་གཞན་དབེ་འདུན་གྱི་གནས་ནས་བསྒྲད་
དེ་
ཉེ་འཁོར་འདས་པའོ།
བ་
ཁ་ཆ།
ངཀསྨིར»(4) བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་རྒྱ་གར་གྱི་ཡུལ་ཞིག་སྟེ། ཀ་ཤི་སྨིར་ཟེར། ཁ་ཆེ་ནི་61
སྨིར་ 6ཞ། ལ་ ཞེས་པ་ཟུར་ཆག་པ་ཡིན་ཞེས་ཟེར་བའང་སྣང་ངོ་། (2)ཁ་ཆེན་པོ། དཔེར་ན།
བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་ཅེས་པ་ལྟ་བུ།
ཁ་ཆེམས། འཆི་ཁའི་བསླབ་བྱ་ལ་ཟེར།
ཁ་ཏ། (4) བསླབ་བྱ། དཔེར་ན། ཁ་ཏ་བསླབ་བྱ། ཞེས་པ་ལྟ་བུ། (8) གཅེས་པར་འཛིན་པ། དཔེར་ན། སྤྱོད་འཇུག་
ལས།
ད་ལྟ་ཅིའི་ཕྱིར་ཁ་ཏ་བྱེད། ཅེས་གསུངས་པ་ལྟར་རོ། བསྟན་དར་ལྷ་ར་མས་པའི་གསུང་ལ་གཞི་
བྱས།
ཁ་ནྭཱཾ་ག། ལེགས་སྦྱར བོད་སྐད་དུ་བསྒུར་ན་ཡན་ལག་དྲུག་པ་ཞེས་བྱ་བ་ལྷ་ཡི་ཕྱག་མཆན་ཞིག། ལུས་གཅིག་ལ་
ཡན་ལག་དྲུག་ཡོད་པ་ལྟ་བུ་སྟེ། ཡུ་བ་ལུས་ལྟ་བུ་ལ། རྡོ་རྗེ་རྩེ་ལྔ་པ། མི་མགོ་གསུམ་ཡན་ལག་རེ་རེ། སྣ་
ཚོགས་རྡོ་རྗེ།
བུམ་པ་སྟེ་ཡན་ལག་དྲུག་གོ། རྒྱས་པར་བཤད་ན། ཤིང་གི་ཡུ་བ་དཀར་པོ་ཟུར་བརྒྱད་པས་
དུར་ཁྲོད་
བརྒྱད། ཡུ་བའི་མར་རྩེ་རྡོ་རྗེ་རྩེ་གཅིག་པས་སྲུང་འཁོར་མེ་རི་ད་ང་བཅ་ས་པ། གསེར་གྱི་བུམ་པས་
གཞལ་ཡས་ཁང་། བུམ་པའི་རྩ་བར་བཏགས་པའི་སྣ་ཚོགས་པའི་བ་དན་གྱིས་ཐུགས་ཀྱི་གསང་བ། དྲིལ་
ཆུང་
པིས་གསུང་བི་གསང་བ། དེ་དག་གང་ལ་ལྡན་པའི་ཁ་ཊཾ་གས་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ།
བུམ་པའི་སྟེང་བི་སྣ་ཚོགས་རྡོ་རྗེས་ད་མ་ཚིག་གི་འཁོར་ལོའི་སྒོ་མཆམས་མ་བརྒྱད། དེའི་སྟེང་གི་མི་མི་མགོ་
{00000073.tif};

རློན་པ་ནག་པོས་ཐུགས་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག། དེའི་སྟེང་གི་མི་མགོ་རྙིང་པ་ད་མར་པོས་
གསུང་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག། དེའི་སྟེང་གི་མི་མགོ་སྐམ་པོ་དཀར་པོས་སྲུ་འཁོར་གྱི་དཔའ་
བོ་དཔའ་མོ་
བཅུ་དྲུག། རྗེའི་འདོད་འཛོ་ལས། དཀར་དམར་གནག་པའི་མི་མགོ་གསུམ་གྱིས་རིམ་བཞིན་རྒྱལ་བའི་སྐུ་གསུང་
ཐུགས་
གསུམ་མཚོན་པར་གསུངས། དེའི་སྟེང་པི་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ཕྱོགས་ར་སྟེང་མ་བཞིས་བདེ་ཆེན་གྱི་
འཁོར་ལོའི་
ཡུམ་བཞི་དང་འོག་མ་བཞིས་ཡབ་བཞི། དབུས་ར་སྟེང་མས་ཡབ། འོག་མས་ཡུམ་སྟ མདོར་
ན་བདེ་
མཆོག་ལྷ་དྲུག་ཅུ་རྩ་གཉིས་པའི་རྟེན་ད་ང་བརྟེན་པའི་དཀྱིལ་འཁོར་ཐམས་ཅ་ད་མཚོན། དེ་ཐམས་
ཅད་ཀྱང་གཙོ་བོ
འི་ཡེ་ཤེས་ཀྱི་ཆ་ལས་གྲུབ་པ་ཨིན་པའི་ཕྱིར་གཙོ་བོ་ལ་འདུས་པས་ན་ཡབ་མཚོན་ཞིང་སྦས་
པའི་ཚུལ་གྱིས་
འཛིན་ཅིང་ཐབས་ཤེས་སྦྱོར་བ་མཚོན་ན་ནོ། རིང་ཐུང་གི་ཆད་ནི་ཁྲུ་གང་ནས་ལུས་ཆད་ཀྱི་
བར་གང་
བྱས་ཀྱང་རུང་བར་བ་ཤད། དངུལ་ཆུའི་གསུང་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་དང་།
རྗེའི་འདོད་འདོད་འཇོ། ཀློང་རྡོལ་བླ་མའི་གསུང་བཅ་ས་ལ་གཞི་བྱས།
ཁ་ད་ཆ་ད། ཁ་དང་མཉམ་པ་ཞེས་པའི་དོན། དཔེར་ན་འབྲུ་རིགས་ཀྱིས་བང་མཛོད་ཁ་ད་ཆད་དུ་གང་ལྟ་བུ།
ཁ་དུམ་པའི་ཆུང་ ཆུང་མ་དྲུག་གི་ཡ་གྱལ་ཏེ། ང་ས་ཁྱོད་ཀྱི་ཉེ་གནས་སམ་འཁོར་བྱེད་དོ་ཞེས་ཆུང་མར་གྱུར་
པའོ།
ཁ་དོག་འཆང་བ། གུར་གུམ་དང་། ག་བུར་ལ་སོགས་པས་རང་གི་ལུས་ལ་རི་མོ་བྱེད་པ།
ཁ་དྲག་པ། ཞུམ་པ་མེད་པར་སྨྲ་བ།
ཁ་ན་མ་ཐོ་བ། སྡིག་པ། མི་དགེ་བའི་ལས། ཉེས་ལྟུང་། སྒྲ་བཤད་ནི། ད་མ་པ་རྣམས་ཀྱི་སྤྱན་སྔར་ཁ་ནས་སྨྲ་མི་
ནུས་པའི་ལས་ཡིན་པས་ན་ཁ་ན་མ་ཐོ་བ་ཞེས་བརྗོད་ད་དོ།

ཁ་ན་མ་ཐོ་བའི་ཟས། གཞན་ལ་གནོད་པ་བྱས་སམ་བྱེད་དུ་བཅུག་པ་ལ་བྱུང་བའི་ཤ་ལ་ཟེར།
ཁ་ཕོ། འབོར་ཤོབ། འུད་ཤོབ། དཔེར་ན། ཟབ་ཁྱད་ཀྱི་ཁ་ཕོ་འབྲུག་ལྟར་སྒྲོག་ཅེས་པ་ལྟ་བུ།
ཁ་འཕངས་པ། གཞུང་གཞན་དུ་ཡོད་ཚུལ་བཤད་པ། དཔེར་ན་རྒྱས་པར་ལམ་རིམ་ཆེན་མོ་ལས་ཤེས་པར་
བྱའོ།
ཞེས་པ་ལྟ་བུ་ལ་ཁ་འཕངས་པ་ཟེར།
ཁ་བའི་རི། (4) ཧི་མ་ལ་ཡ་ཞེས་པ་གངས་ཅ་ན་ཏེ། ཏི་སེ་ན་རྡོའི་ལིང་ག་ཁྲུ་གང་ཙམ་ཞིག་ལ་ཆུ་འབབ་པ་ལ་བཞེད།
(8)ཁ་ཅིག་བོད་སྤྱི་ལ་འདོད་ད་དོ།

{00000074.tif};
62
ཁ་སྤྱར། (4) ཁ་དང་ཁ་སྦྱར་བ། འོ་བྱེད་པ། (2) ད་ངོས་པོ་གཉིས་གཅིག་ཏུ་སྦྱར་བ། (8) རླུང་ཁ་སྦྱར་ཏེ། རླུང་བུམ་
པ་ཅན་དང་
འདྲའོ།
ཁ་སྦྱོར། དབྱེར་མེད་དུ་བྱེད་པ། དཔེར་ན། ལྷག་མོས་ལུས་ལ་སྡུད་པའི་སྐབས་སུ་ཁ་སྦྱོར་ཞེས་གསུངས་པའི་དོན་
གཉིས་
སུ་མེད་པར་སྦྱོར་བ་སྟེ་དབྱེར་མེད་དུ་བྱེད་པའི་དོན་ཡིན་ལ། དབྱེར་མེད་རྒྱུ་ནི་རང་གི་ཕུང་ཁམས་
བསྐྱེད་
མཆེད་དང་ལྷ་རྣམས་སོ། དེ་ལྟར་ན་རང་གི་གཟུགས་ཕུང་དང་རྣམ་སྣང་གཉིས་ཁ་བྱོར་བ་སྟེ་ངོ་བོ་
དབྱེར་མེད་དུ་མོས་པའོ།
ཁ་སྦྱོར་ཡན་ལག་བདུན། སློབ་དཔོན་ང་ག་གི་དགི་དགང་ཕྱུག་གྲགས་པས། ལོང་ས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་
རང་བཞིན་མེད།
སྙིང་རྗེ་ཡོང་ས་གང་རྒྱུན་མི་ཆད་དང་འགོག་པ་མེད། ཡན་ལག་བདན་བཤད་དོན་དང་
ལྡན་པ་བསྒྲུབ་བྱ་
འད་ར། བད་ག་འདོད་ཆད་མས་ཡོངས་སྒོམ་བློ་ཆེན་གྱིས་ཀྱང་སྔགས། ཞེས་གསུང་ས་
པ་ལྟར།
མཆན་དཔེས་བརྒྱན་པའི་ལོང་ས་སྤྱོད་རྫོགས་པའི་སྐུའི་ཡན་ལག་དང་། རང་སྣང་གི་ལྷ་མོ་
དང་
མཉམ་པར་སྦྱོར་བའི་ཁ་སྦྱོར་གྱི་ཡན་ལག་དང་། གྱ་ནོམ་པ་དང་། ཟག་པ་མེད་པ་དང་། འཁོར་
བ་ཇི་སྲིད་པའི་
བདེ་བ་སྟེ་བདེ་བ་ཆེན་པོའི་ཡན་ལག་དང་། ནམ་མཁའི་པདྨོ་ལྟར་ཡེ་མེད་ཀྱི་སྟོང་པ་
མ་ཡིན།
བུམ་པ་བདེན་སྟོང་ལྟར་ཐབས་དང་བྲལ་བའི་སྟོང་པ་མ་ཨིན་པའི རང་བཞིན་མེད་པའི་ཡན་
ལག་དང་།
དམིགས་པ་མེད་པའི་བརྩེ་བ་ཆེན་པོས་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་
བྱེད་པའི་སྙིང་རྗེ
ས་ཡོང་ས་སུ་གང་བའི་ཡན་ལག་དང་། སྲིད་ཞིའི་མཐའ་ལ་མི་གནས་པས་རྒྱུན་མི་
ཆད་པའི་
ཡན་ལག་དང་། སྐུ་གཅིག་པུ་དེའི་རྣམ་པ་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་མྱ་ངན་ལས་
འདའ་ཚུལ་མི་སྟོན་པར་བཞུགས་པའི་
འགོག་པ་མེད་པའི་ཡན་ལག་བདུན་དང་ལྡན་པའི་གོ་འཕང་མངོན་
དུ་
བྱེད་པའོ།
ཁ་བླན་པ། ཁ་བསྒུར་བ།
ཁ་བླ་ན་ད་ཀའ་བ། ༿ ཁ་བསྒྱུར་བར་དཀའ་བ། ༿ གདུལ་བར་དཀའ་བ།
ཁ་མ། ཆབ།
ཁ་མ་བསྒྱུར་བར་གོས་གྱོན་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་ང་བརྒྱད་པ། རང་གི་གོས་ཁ་མ་བསྒུར་བ་
དཀར་པོ་སོགས་ལ་ལོང་ས་སྤྱད་པའོ།
ཁ་མི་དལ་བ། ཁ་མང་པོ། སྐད་ཆ་མང་པོ་ཤོད་མཁན། གཞན་ལ་ཁ་གཏོང་མཁན།
{00000075.tif};
ཁ་ཙ་ར། ངཁཅུར» བད་པ་དང་བལ་པོ་འདུས་པ་ལས་བྱུང་བའི་མི་རིགས་ལ་ཟེར། རྒྱ་གར་ཡུལ་སྐད་དུ་
ཚཞ
ཞེས་པ་དྲེལ་གྱི་མིང་ཡིན་ལ། དྲེལ་ནི་རྟ་དང་བོང་བུ་འདུས་པ་ལས་བྱུང་བའི་དུད་འགྲོའི་རིགས་
ལ་ཟེར་བས། དེ་དང་འདྲ་ང་མི་རིགས་མི་འདྲ་བ་གཉིས་འདུས་ལའང་། དེའི་མིང་གིས་བཏགས་པ་
འདྲའོ། དབྱིན་སྐད་དུ་དྲེལ་ལ། 1ཐཟེར།
ཁ་ཚ་ར། ཁ་ཙ་དང་འདྲ། བོད་རྒྱ་ཚིག་མཛོད་ཆེན་མོར་ཁ་ཚ་ར་ཞེས་བྲིས་སྣང་།
ཁ་ཚོན་གཅོད་པ། ཐག་གཅོད་པ། ངེས་པར་བྱེད་པ།
ཁ་ཚོན་ཆོད་པ། ཐག་ཆོད་པ། ངེས་པ། དཔེར་ན་ཤེས་བྱ་ལ་རྟག་མི་རྟག་གཉིས་སུ་ཁ་ཚོན་ཆོད། ཅེས་པ་ལྟ་བུ།
ཁ་འཛིན། (4) ཕྱོགས་འཛིན། ད་པེར་ན། ཆོས་ལུགས་ཀྱི་ཁ་འཇིན། ཞེས་པ་ལྟ་བུ། (2) འཚོ་འཇིན། ཁྱིམ་གྱི་ཁ་
འཇིན།
ཞེས་པ་ལྟ་བུ། (8) སྡོང་གྲོགས། དཔེར་ན། གཡུལ་ལས་རྣམ་པར་རྒྱལ་བའི་ཁ་འཛིན་མཛོད།
ཅེས་པ་ལྟ་བུ། ཁ་ཟིན་དང་དོན་འདྲ།
ཁ་ཟིན། ཁ་འཛིན་དང་འདྲ། དཔེར་ན། བུ་སྟོན་གྱིས། ཆོས་ཁ་ཟིན་གྱིས་ཕུང་། ར་ཚིལ་གྱིས་ཕུང་བྱ་བ་ལགས།
ཞེས་གསུངས་པ་ལྟར་རོ། ཆོས་ཀྱི་ཁ་ཟིན་ནི། ངེད་ཀྱི་ཆོས་འདི་ཟབ། ཁྱེད་ཀྱི་དེ་མི་ཟབ། ཅེས་བྱ་བ་ལ་
སོགས་པ་ལྟ་བུའོ།

ཁ་ཟེར་བ། ཁ་གཏོང་བ། འཕྱ་སྨོད་བྱེད་པ།
ཁ་གཟར། ལྕགས་ཁེམ་མམ་ཐུར་མའོ།
ཁ་ལོ་སྒུར་བ། ༿ཁ་ཕྱོགས་སྒུར་བ། ༿ འདུལ་བར་མཛད་པ།
ཁ་སཔེཎི། ལགས་སྦྱར (1) མཁའ་སྤྱོད། (2) སྤྱན་རས་གཟིགས་ཀྱི་མཆན། ཞེས་འཕགས་བོད་སྐད་གཉིས་ཤན་སྦྱར་
ན་གསལ།
ཁ་སཔིཎ་ཞེས་ཀྱང་སྣང་།
ཁ་སུ། ཁ་སུར་ལ་གཟིགས།
ཁ་སུར།
ངཁརྫུར» རྒྱ་གར་གྱི་ཤིང་ཏོག་ཅིག་སྟེ། ཁརྫུ་ར་ཟུར་ཆག། བོད་སྐད་དུ་བསྒུར་ན། གཟིར་བྱེད་དམ་དབྲ
གོ་ཞེས་བྱ།
བོད་མིས་ཁ་སུཞེས་འབོད་པ་དང་། རྒྱ་གར་བའི་ཡུལ་སྐད་ལ་ཁ་ཇཱར། ཕྱི་རྒྱལ་བས། 3
ཟེར་བ་དའོ།

{00000076.tif};
64
ཁ་གསག (4) ལོག་འཚོ་ལྔའི་ཡ་གྱལ་ཞིག རྙེད་བཀུར་གྱི་ཕྱིར་གཞན་གྱི་མདུན་དུ་ཚིག་སྙན་པོ་སྨྲ་བའོ། (2) འདུལ་
བ་ལུང་ཕྲན་ཆེགས་
ཀྱི་འགྲེལ་པ་ལས། ཁ་གསག་ནི་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི་བསམ་པ་
ཅ་ན་གྱིས་སྙན་པར་སྨྲ་བ་དང་། བདག་པི་ཡོན་ཏན་བརྗོད་པ་དང་། ཆོས་སྨྲ་བའོ། ཞེས་གསུངས་པ་ལྟར་རོ།
ཁང་ཆེན་གྱི་ལྷག་མ། ལྷག་མ་བཅུ་གསུམ་གྱི་བདུན་པ་ནི། ས་གཞི་མ་དག་པར་དགེ་འདུན་ལ་གནང་བ་མ་གསོལ་
བར་
དཀོན་མཆོག་པི་ཆེད་དུ་ཁང་ཆེན་རྩིག་སྟེ་ཕལ་ཆེར་ཟིན་པའོ།
ཁང་ཆེན། (4)ཁང་པ་ཆེན་པོ། (8) ལྷ་ཁང་། དཀོན་མཆོག་གསུམ་གྱི་ཆེད་དུ་བརྩིགས་པའི་གནས་ལ་ཟེར།
ཁང་པ་ད་ང་ཁང་ཆེན། ཁྱིམ་པའམ་རབ་བྱུང་གང་ཟག་གི་དོན་དུ་བྱེད་པའི་གནས་ནི་ཁང་པ་དང་། དཀོན་མཆོག་
གསུམ་གྱི་ཆེད་དུ་
བརྩིགས་པའི་གནས་ལ་ཁང་ཆེན་ཟེར།
ཁང་པ་བཇཱགས་པའི་གནས། གཙུག་ལག་ཁང་།
ཁང་པའི་ལྷག་མ། ལྷག་མ་བཅུ་གསུམ་གྱི་དྲུག་པ་ནི། ཆུ་དང་སྲོག་ཆགས་རྩོད་པ་དང་ལྡན་པའི་ས་གཞི་མ་དག་པ་
ལ་
དབེ་འདུན་ལ་གནང་བ་མ་གསོལ་བར་སྲིད་དུ་ཁྲུ་བཅོ་བརྒྱད། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་བཅ་ས་ཀྱི་
ཆད་
ལས་ལྷག་པའི་ཁང་པ་རྩིག་སྟེ་ཕལ་ཆེར་ཟིན་པའོ།
ཁད། (1) བར་ཐག། ས་ཁད་རིང་བ་ཞེས་པ་ལྟ་བུ། (2) དལ་བུའམ་ག་ལེ། རིམ་གྱིས། (8) དུས་ཐག་ཉེ་བ། འགྲོ་
ལ་ཁད།
ཉི་མ་འཆར་ལ་ཁད་། ཅེས་པ་ལྟ་བུ།
ཁད་ཀྱིས་ཁད་ཀྱིས། རིམ་གྱིས་རིམ་གྱིས། ག་ལེ་ག་ལེར། ད་པེར་ན། བཀའ་གདམས་པའི་དབེ་བཤེས་ཀ་མ་བའི་
ཞལ་ནས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བ་དྲགས། དུས་གཅིག་ལ་འོང་ན་བསྲན་ཐབས་མེད། ཅེས་
གསུང་ས་པ་ལྟ་བུའོ།

ཁཎྜ་རོ་ཧི། ལེགས་སྦྱར དུམ་སྐྱེས་མ།
ཁབ་རལ་འཆོས་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གྱ་བཞི་པ། རང་དོན་དུ་ཁབ་རལ་བྱེད་ད་མ་བྱེད་དུ་
བཅུག་པའོ།
ཁབ་རལ་ནི་ཁབ་བླུག་སའི་ཤུབས་ལ་ཟེ
ཁམ་གྱི་ནགས།
ནས་ཀྱི་ཞིང་།
ཁམ་ཟས། ལུས་ཀྱི་སྟོབས་གསོ་བར་བྱེད་པའི་ཡོང་ས་གྲགས་ཀྱི་ཟས་སྤྱིའི་མིང་ངོ་། དཔེར་ན། ཤ། རྩམ་པ།
འབྲས། ཕྱུ་ར་དང་། མར། སྦྲང་རྩི་ལ་སོགས་པ་ལྟ་བུའོ། སྒྲ་བཤད་ནི། ཁམ་དུ་བཅ་ད་ཅིང་ཟ་བའི་ཕྱིར་དེ་
ལྟར་བཏགས་ས་སོ།
{00000077.tif};

ཁམ་ཟ་ས་ཕྲ་བ། བཤང་གཅི་འཐོན་རྒྱུ་མེད་པའི་ཟས་ལ་ཟེར། དཔེར་ན། བར་སིུད་པས་ལོང་ས་སྤྱད་བྱ་དྲི་དང་།
འདོད་ལྷ་དང་། བསྐལ་པ་དང་པོའི་མི་རྣམས་ཀྱིས་ལོང་ས་སྤྱད་བྱ་ཕྲ་བའི་བདུད་རྩི་ལ་བུ་དེ་རྣམས་ཀྱིས་
ལོང་ས་སྤྱད་པ་ན།
ཞིང་ལ་ཆུ་སིམ་པ་ལྟར་ལུས་ལ་ཐིམ་ནས་བཤང་གཅི་སོགས་མི་འབྱུང་བར་བཤད་དོ།
ཁམ་ཟས་རགས་པ། བཤང་གཅི་འཐོན་རྒྱུ་ཡོད་པའི་ཟས་ལ་ཟེར། དཔེར་ན། ཤ་དང་། རྩམ་པ། འབྲས་སོགས་
ཡོང་ས་གྲགས་ཀྱི་ཟས་རགས་པ་ཐམས་ཅ་ད་དོ།
ཁམས། ངདྷཱ་ཏུ་» (4) རང་པི་མཆན་ཉིད་འཛིན་པ། འབྱུང་བ། དཔེར་ན། མེའི་མཆན་ཉིད་འཇིན་པས་ན། མེ་
ཁམས་
ཞེས་པ་ལྟ་བུ། ཡང་། མེའི་འབྱུང་བ་ལ་མེའི་ཁམས་ཞེས་པ་ལྟ་བུ། (2) རིས་སམ་རིགས། གནས།
དཔེར་ན། ཁམས་གསུམ་ཞེས་པ་ལྟ་བུ། (8) རང་བཞིན། དཔེར་ན། ཁམས་བཅོ་བརྒྱད་ཅེས་པ་ལྟ་བུ། (1)
རྒྱུ། འབྱུང་ཁུངས། དཔེར་ན། ཁམས་བདེ་བར་གཤེགས་པའི་སྙིང་ པོ། ཞེས་པ་ལྟ་བུ། (5) བསམ་པ། དེ་
ལ་འཇུག་པ་ནི།
ཁམས་སྣ་ཚོགས། ཞེས་པ་ལྟ་བུ། སྒྲ་བཤད་ནི། རང་གི་མཆན་ཉིད་འཛིན་པས་ན་ཁམས་
ཞེས་བྱའོ།
དཔེར་ན། སའི་མཆན་ཉིད་འཛིན་པས་ན་སའི་ཁམས། ཆུའི་མཚུ་ན་ཉིད་འཛིན་པས་ན་ཆུའི་
ཁམས་ཞེས་བྱ་བ་
ལ་སོགས་པ་ལྟ་བུའོ། ཕུང་པོ་ལྔའི་ར་བ་བྱེད་ལ་གཞི་བྱས་ཏེ་བཀོད། ཁམས་ཀྱི་སྐད་དོད།
དྷཱ་ཏུ་ལ་དྷཱ་ར་ཎ་འཛིན་པ་སྟེ། རང་བི་མཆན་ཉིད་འཛིན་པ་སྟེ། ཞེས་དང་། རྒྱལ་ཆེན་རིས་བཞི་ལ་སོགས་
པ་འདོད་པའི་ལྷ་རྣམས་སོ། དེ་རྣམས་འཇིན་པས་ཁམས་ཏེ་གནས་སོ། ཞེས་འགྲེལ་པ་བཞི་སྦྲགས་ན་
གསལ།
(6) ཆོལ་ཁ་གསུམ་གྱི་ཡ་གྱལ། ཁམས་པའི་ཡུལ། (7) ཁམས་དང་ཨ་མདོ་བསྡོམས་པའི་ཤར་
ཕྱོགས་ཀྱི་ཡུལ་
བྱིང་ས་ལ་ཁམས་ཞེས་གྲགས། ཁམས་ནི་ས་མཐའ་ལ་བྱེད་པ་སྟེ། མཐའི་རྒྱལ་ཕྲན་ལ་
ཁམས་ཀྱི་རྒྱལ་
ཕྲན་དུ་འབོད་པ་ལྟ་བུའོ། རྒྱལ་རབས་དེབ་ཐེར་དཀར་པོར་གསལ།
ཁམས་དཀར་ཆའི་དངས་མ། དཀར་ཆའི་དང་སམ་ད--་འདྲ།
ཁམས་བཅོ་བརྒྱད། རྟེན་དབང་པོའི་ཁམས་དྲུག། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག། དམིགས་པ་ཡུལ་གྱི་ཁམས་
དྲུག་སྟེ་བཅོ་བརྒྱད་ད་དོ།
སྒྲ་བཤད་ནི། ཁམས་ནི་འདིར་རང་བཞིན་ལ་འཇུག་པས་རང་བཞིན་མི་འདྲ་བ་བཅོ་
བརྒྱད་
ཅེས་པའི་དོན་ནོ།
ཁམས་འཆོས་སུ་འོངས། ནད་འཆོས་སུ་འོང་ས། སྨན་བཅོས་བྱེད་དུ་འོང་ས།
ཁམས་དང་མོས་པ་སྣ་ཚོགས། བསམ་པ་དང་འདོད་པ་མི་འདྲ་བ་ཞེས་པའི་དོན།
{00000078.tif};
06
ཁམས་དྲུག (1) རྒྱུད་ཀྱིས་བསྡུས་པའི་འབྱུང་བ་བཞི་ད་ང་། རྩ་དང་ཐིག་ལེ་སྟེ་དྲུག (2) འབྱུང་བ་བཞི་དང་། ནམ་
མཁའ་རྣམ་ཤེས་
དང་དྲུག (8) ཡང་ན། ཕ་ལས་ཐོབ་པའི་རུས་པ་རྐང་ཁུ་བ་གསུམ་ད་ང་། མ་ལས་ཐོབ་
པའི་
ཤ་པགས་ཁྲག་གསུམ་སྟེ་ཁམས་དྲུག། ཅེས་དབྱང་ས་ཅན་ད་གའ་བློའི་བརྗེད་བྱང་ན་གསལ། (1) བཀའ་
བརྒྱུད
འབྱུང་བ་བཞི། ཁུ་བའི་ཁམས། ནམ་མཁའི་ཁམས་དང་དྲུག་ལ་འཇོག
ཁམས་སྣ་ཚོགས། བསམ་པ་དང་རང་བཞིན་སྣ་ཚོགས། སློབ་དཔོན་ཚུལ་ཁྲིམས་བསྐྱངས་གསུང་།
ཁམས་མ་འཚོ། ཤི་བའི་མིང་།
ཁམས་དམར་ཆའི་དང་ས་མ། དམར་ཆའི་དང་ས་མ་ད་ང་འདྲ།
ཁམས་གསུམ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་དང་གསུམ། སྒྲ་བཤད་ནི། ཁམས་ནི་
འདིར་
རིགས་སམ་རིས་ལ་འཇུག་པས་སེམས་ཅན་གྱི་རིས་མི་འདྲ་བ་གསུམ་ཞེས་པའི་དོན།
ཁས་ལེན། མིང་ཚིག (4) ད་མ་བཅ་འ། (2) ངོས་ལེན་བྱེད་པའི་མིང་། དཔེར་ན། སྐྱོན་ལ་ཁས་ལེན་བྱེད་། ཅེས་པ་
ལྟ་བུ།
(8) བསྐུལ་བ་དང་དུ་ལེན་པའི་མིང་།
ཁས་ལེན་དང་ད་མ་བཅ་འི་ཁྱད་པར། སྤྱིར་ཁས་ལེན་དང་དམ་བཅའ་དོན་གཅིག་ཀྱང་། ནང་གསེས་ཀྱི་ཁྱད་པར་
ནི།
ཚིག་ཏུ་ཐཱོན་པ་ལ་ཁས་ལེན། མ་ཐོན་པ་ཡིད་ངོར་ཡོད་པ་ལ་དམ་བཅ་འ་ཟེར།
ཁས་ལེན་པ། (1) དམ་བཅའ་བ། (2) ངོས་ལེན་བྱེད་པ། (8) བསྐུལ་བ་དང་དུ་ལེན་པ། (1) ད་ང་བླང་པ། ཁས་
ལེན་པ་པོ།
དཔེར་ན། ཁས་ལེན་པ་དོན་ཤོག་ཅེས་པ་ལྟ་བུ།
ཁུ་རྔོག་འབྲོམ་གསུམ། ཇོ་བོ་རྗེའི་སློབ་མ་གྲགས་ཆེ་བའི་གྲས། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོག་ལེགས་
པའི་ཤེས་རབ།
འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ད་ང་གསུམ་ལ་ཟེར།
ཁུ་འཕྲིག དོགས་པའམ་རྣམ་རྟོག་
ཁུ་བ་འབྱིན་པའི་ལྷག་མ། ལྷག་མ་བཅུ་གསུམ་གྱི་དང་པོ། རང་གི་ཡན་ལག་ལ་དབྱུང་སེམས་ཀྱིས་འབྱིན་བྱེད་
མཆན་ཉིད་དང་ལྡན་པས་རེག་ཅིང་བརྩལ་བས་ཁུ་བ་དང་པོའི་གནས་ནས་འཕོས་པའི་ལྟུང་བ་དངོས་
གཞིའོ།
མཚོ་ཊིཀ་ལྟར་བཀོད། བརྩལ་བ་ནི། མཉེ་བ། མཉེས་པ། འཕུར་འཕྱུར་གཏང་བའམ། འཕུར་
འཕུར་བཏང་བའི་དོན་ཡིན། ཁུ་བ་དང་པོའི་གནས་ནས་འཔོས་ཞེས་པའི་དོན་ནི། ཁུ་བའམ་ཐིག་ལེ་ནི་འབྲུ་
དང་
འབྲུ་མར་བཞིན་དུ་ལུས་ཀྱི་ཆ་ཐམས་ཅད་ལ་ཁྱབ་སྟེ་གནས་ལ། ཁུ་བ་ལུས་ཀྱི་ཆ་དེ་དག་ལས་རིམ་
བཞིན་འདུས་ཏེ་
ཙའི་པུབས་སུ་འོང་ས་པ་ལ་དང་པོའི་གནས་ནས་འཕོས་པ་ཟ་ར། མཚོ་ཊིཀ་ལྟར་ན་ཁུ་བ་
{00000079.tif};
འབྱིན་པའི་ལྷག་པ་འབྱུང་བ་ལ་ཁུ་བ་དབང་པོའི་ཕྱི་རོལ་ཏུ་ཕྱུང་དགོས་པའི་ངེས་པ་མ་ད། མཚོ་ཊིཀ་ལས་
གསུང་ས་པ་
འདི་འདུལ་བའི་ཁྲིམས་དོག་མཐའི་ཕྱོགས་བཟུང་བའི་དབང་དུ་བྱས་པ་ཡིན། འོ་ན། ཁུ་བ་དང་
པོའི་གནས་ནས་
ཕྱུང་བ་ཇི་ལྟར་ཤེས་ཤེ་ན། འདོད་ཆགས་ཤེས་ཆེར་རྒྱས་པ། བདེ་བའི་ཉམས་མོང་ཆེན་
པོ་སྐྱེ་བ།
སྙིང་འདར་བ་ལ་སོགས་པ་ལུས་ཀྱི་རེག་བྱའི་བདེ་བ་ཆེན་པོ་ཉམས་སུ་མོང་བ་ནའོ། འདུལ་
བའི་ཕྱག་ལེན་
བུ་ཡང་ས་པའི་དབང་དུ་བྱས་ན། ཁུ་བ་དབང་པོའི་ཕྱི་རོལ་དུ་ཕྱུང་བ་ན་འབྱིན་པའི་ལྷ་ག་མ་
འབྱུང་གི་དང་པོའི་གནས་ནས་འཔོས་པ་ཙམ་གྱིས་མི་ཆོག་སྟེ། དངུལ་ཆུའི་གསུང་དྲི་ལན་ལས། དབང་
གསུམ་པ་དང་
བསྐྱེད་རིམ་གྱི་རྗེས་ཆགས་སྐབས། ད་ངོས་སུ་ལུས་སེམས་ལ་འགྱུར་བ་ཐོན་པའི་བདེ་བ་
བསྐྱེད་
ནས་འདུལ་བའི་སྐབས་ཀྱི་ཉེས་པ་བསྐྱེད་མིན་ཇི་ལྟར་ཞེ་ན། འཕྲལ་གྱི་བདེ་བ་ལ་སྲེད་ཞེན་མེད་ཅིང་།
བྱང་སེམས་དབང་པོའི་ཕྱིར་མ་འཐོན་ན་ཉེས་པ་མི་འབྱུང་སྟ། དོན་འདི་ལ་དགོང་ས་ནས་ཡིད་ལ་ཆོས་ཀྱི་
འདུ་ཤེས་བྱ་བ་དང་། བྱང་སེམས་འཛིན་ད་ཀའ་ན་མཐོ་ས་ནས་བཟློག་འགྲེམས་བྱེད་པར་གསུང་ས་ས་སོ།
ཞེས་གསུངས། དང་པོའི་གནས་ལ་གཟིགས།
ཁུ་བོ། ཕའི་སྤུན།
ཁུ་ལེ་རི་མོ། སྲང་མདའི་ངོས་ཀྱི་གྲངས་ཚད་རི་། བློ་སྦྱོང་ལས། འདི་ནི་ཆོས་པ་སྲང་ལ་འཛལ་བའི་ཁུ་ལེ་རི་མོ་
བྱ
་བ་ཡིན་གསུང་ས་པ་ལྟ་བུ།
ཁུར་དུ་མི་འགྲོ་བར་རྒྱན་དུ་འཇན་པ། འཚེར་སྣང་མི་བྱེད་པར་ད་གའ་བཞིན་དུ་འཇུག་དགོས་པའི་དཔེ་སྟེ། རྒྱན་
དང་ཆས་གོས་
སོགས་ཇི་ཙམ་ལྕི་ཡང་རྒྱན་གྱི་འདུ་ཤེས་ལས་ཁུར་གྱི་འདུ་ཤེས་མེད་པས། ང་ལ་དུབ་ཀྱི་སྡུག་
བསྔལ་
བཟོད་ནུས་པ་ཙ་མ་དུ་མ་ཟད་ཀྱི་དང་དུ་ལེན་པ་བཞིན་ནོ་ཞེས་བྱ་བའི་དཔའོ། ཐ་སྙད་འདི་རྗེའི་ལམ་
རིམ་ཆེན་མོའི་ནང་བཞུགས།
ཁེ་ཙ་ར། ལེགས་སྦྱར མཁའ་སྤྱོད།
ཁེངས་བསྐྱུང་བ།
ང་རྒྱལ་སྤོང་བ། སྒྲ་བཤད་ནི། ཁེངས་ནི་ཁེང་ས་པ་སྟེ་ང་རྒྱལ། བསྐྱུང་བ་ནི་སྤོང་བའི་དོན་ཡིན་ཏེ།
ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། འཁོར་བསྐྱུངས་ཞེས་བྱ་བ་ནི་ཚོགས་སྤང་ས་པ་སྟེ། གཅིག་པུ་ཞེས་བྱ་
བའི་བར་དུའོ།
ཞེས་གསུངས། ནྡེ་བུང་ཐང་པའི་གསུང་ཟིན་བྲིས་ན་བསྐྱུང་བ་ནི་མགོ་གནོན་པའམ་ཉམས་
སྨད་པའི་དོན་ཡིན་པར་གསུངས།
{00000080.tif};
68
ཁོ་བོའི་མ་མོ་གཤམ་མོ། རང་ཚིག་སྔ་ཕྱི་འགལ་བའི་དཔེའམ། འགལ་འདུའི་དུའི་དཔེ། རང་གི་མ་མོ་གཤམ་ཡིན་པ་
དང་།
རང་ཉིད་དེའི་བུ་ཡིན་པ་གཉིས་དངོས་སུ་འགལ་བའི་ཕྱིར་རོ།
ཁོང་ཁྲོ། རྩ་ཉོན་དྲུག་གི་གཉིས་པ་ནི། ཆོས་གསུམ་གང་རུང་ལ་དམིགས་ནས་མི་བཟོད་ཅིང་གནོད་པ་བྱ་བར་འདོད་
པ་ཀུན་ནས་མནར་སེམས་པས་རབ་ཏུ་ཕྱེ་བའི་
རིག་པ། བྱེད་ལས་ནི། མི་འདོད་པ་ལ་དངོས་སུ་སྦྱོར་བ་
དང་།
དེའི་རྒྱུ་ལ་རྒྱུད་ནས་སྤྱོར་བའོ།
ཁོན་འཇིན། འཁོན་འཛིན་དང་འདྲ་།
ཁོབ་བལ། ལུག་གི་མགོ་དང་། རྐང་པ། རྟོ་བ་བཅ་ས་ཀྱི་བལ།
ཁོལ་འདོན། ཟུར་འདོན། ཟུར་དུ་འདོན་པ། ཟུར་བཀོལ་རྣམས་དོན་འདྲ།
ཁྱད་དུ་གསོད་པའི་ལྟུང་བྱེད། འབའ་ཞིག་པ་ད་བུ་བཅུའི་བཅུ་པ། འདུལ་བའི་ཚིག་ཁྱད་དུ་གསོད་པའི་ང་ག་དགེ་
སློང་གཞན་ལ་སྨྲས་པ་དོན་གོ་བའོ།

ཁྱད་པར། (4) རྣམ་དབྱེ། (2)ལྷག་པར། དཔེར་ན། རྗེའི་བྱམས་པའི་བསྟོད་ཆེན་ལས། བདེ་བར་འདོད་ནས་དེ་
ཡི་ཐབས་བསྒྲུབས་པས།
བདི་བ་ཐོབ་པ་དེ་ལས་ཆེས་ལྷག་པའི། ལུས་ཀྱི་སྡུག་བསྔལ་སེམས་ཀྱི་ཡིད་མི་
བདེ།
རྣམ་པ་དུ་མས་ཁྱད་པར་མནར་བར་འགྱུར། ཞེས་གསུང་ས་པ་ལྟར་རོ། དཔེ་ཁ་ཅིག་ཏུ། རྣམ་པ་
དུ་མས་ཀུན་ནས་མནར་བར་འགྱུ
ཞེས་འབྱུང་།
ཁྱད་པར་གྱི་སེམས་བསྐྱེད། སེམས་ཅ་ན་ཐམས་ཅ་ད་ཀྱི་དོན་དུ་སང་ས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ་སྙམ་དུ་
སེམས་
བསྐྱེད་པ་ཙམ་དུ་མ་ཟད། དེ་ཡང་མུར་བར་མུར་བ་སྟེ་སྙིགས་དུས་ཀྱི་ཚི་ཐུང་འདི་ཉིད་དམ་ལོ་
གསུ
མ་ཕྱོགས་གསུམ་ལྷ་བུར་ཐོབ་ན་ཅི་མ་རུང་། ཐོབ་པ་བདག་པིས་ཅིས་ནས་ཀྱང་བྱའོ་སྙམ་པའི་སེམས་
བསྐྱེད་ཁྱད་པར་བ་
ཞིག
་ཁྱད་པ་ར་ཅ་ན་གྱི་སྤྱོད་པ་
ལྔུ། གུས་པའི་བྱ་བ་བདག་བིར་མི་བྱེད་པ། མཉམ་པ་དང་ལྷག་པའི་བསམ་པ་སྤོང་བ།
དགེ་སྦྱོང་བླ་མའི་གནས་ལྟ་བུ་སྤོང་བ། ཆད་ལས་སུ་གཏོགས་པའི་བྱ་བ་སྤོང་བ། རྟེན་ཁྱད་པར་ཅ་ན་སྤོང་
ཞིང་ཉེས་པ་
རྣམས་སྤོང་བའོ།
ཁྱད་པར་འཕགས་བསྟོད། སློབ་དཔོན་མཐོ་བཅུན་གྲུབ་རྗེས་མཛད།
ཁྱད་པར་འཕགས་བསྟོད་ཀྱི་རྒྱ་ཆེར་བཤད་པ། སློབ་དཔོན་ཤེས་རབ་གོ་ཆས་མཛད།
{00000081.tif};
09
ཁྱབ་འཇག་མོ། ཁྱབ་འཇུག་གི་ཆུང་མ་ལ་ཟེར།
ཁྱབ་བདག རྒྱལ་བ་རྡོ་རྗེ་འཆང་། སྒྲ་བཤད་ནི། རིགས་བརྒྱ་རིགས་ལྔ་ལ་སོགས་པའི་རིགས་ཐམས་ཅད་ལ་ཁྱབ་
པས་ན་ཁྱབ་
བདག་ཅེས་བྱ།
ཁྱབ་བདག་འཁོར་ལོའི་མགོན་པོ། རྒྱལ་བ་རྡོ་རྗེ་འཆང་།
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ༿ སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ད་ང་བཅས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་
ལ་ཟེར།
རྗེའི་ལམ་རིམ་ཆེན་མོ་ལས། ཕྱུང་པོ་འདི་ལ་སྡུག་བསྔལ་དང་ཉོན་མོང་ས་ཀྱི་གནས་ངན་ལེན་
བརྟན་ཆགས་པར་ཡོད་པས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡོད་ན།
ཚོར་བའི་སྡུག་བསྔལ་ད་ལྟ་མེད་པའི་
སྐབས་རེ་བྱུང་ཡང་དེ་མ་ཐག་ཡང་སྒོ་སྣ་ཚོགས་ནས་སྡུག་བསྔལ་དུ་མ་བསྐྱེད་པས་ན།
འདུ་བྱེད་ཀྱི་སྡུག་
བསྔལ་ནི་སྡུག་བསྔལ་ཐམས་ཅ་ད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བ་ཡིན་པས་འདི་ལ་སྐྱོ་བ་
མང་དུ་བསྒོམ་།
ཞེས་གསུངས་སོ། འདུ་བྱེད་ཀྱི་སྡུག་བསྔལ་ནི་བྱིས་པ་རྣམས་ཀྱིས་སྡུག་བསྔལ་དུ་རྟོགས་
པར་
དཀའ་བ་ཡིན་ཏ། མཛོད་འགྲེལ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། དེ་ནི་མིག་ཏུ་སོང་བ་
ན།
མི་བདེ་བ་དང་སྡུག་བསྔལ་སྲེད། བྱིས་པ་ལག་མཐིལ་འདྲ་བ་ཡིས། འདུ་བྱེད་སྡུག་བསྔལ་སྤུ་མི་
རྟོགས། འཕགས་པ་མིག་དང་འདྲ་བ་ཡིས། འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། ཞེས་གསུངས་པ་ལྟར་
རོ།
སྒྲ་བཤད་ནི། སྲིད་རྩེ་ནས་མནར་མེད་ཀྱི་བར་ཁྱབ་པས་ན་ཁྱབ་པ། ཡང་ན་བདེ་སྡུག་བཏང་སྙོམས་ཀྱི་
སྐབས་ཐམས་ཅ་ད་དུ་
འབྱུང་བས་ན་ཁྱབ་པ། སྡུག་བསྔལ་གཞན་གཉིས་འདུ་བྱེད་པ་སྟེ་སྐྱེད་པར་བྱེད་པས་
འདུ་བྱད། ཚོར་བ་སྡུག་བསྔལ་དངོས་མིན་ཡང་དེའི་རང་བཞིན་དུ་གནས་པས་སྡུག་བསྔལ་ཞེས་བརྗོད་
དོ།
ཚོར་བ་སྡུག་བསྔལ་ནི་འདོད་ཁམས་ཁོ་ནར་ཡོད་ལ། ཚོར་བ་བདེ་བ་ནི་བསམ་གཏན་གསུམ་པའི་བར་
ཡོད་ཅིང་། ཚོར་བ་བཏང་སྙོམས་ནི་ཁམས་གསུམ་གར་ཡོད་པས་སྲིད་རྩེ་ནས་མནར་མེད་ཀྱི་བར་ཁྱབ་པ་
ཞེས་བརྗོད་
ཀྱང་རིགས། ༿ ལམ་རིམ་ཆེན་མོ་ལས། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་
ཐམས་ཅ་ད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་ར་རོ།
ཞེས་དོན་ཕལ་ཆེར་གོང་དང་འདྲ་བ་ལ་ཚིག་རིས་
ཅུང་མི་འདྲ་བར་ཡང་གསུངས།
ཁྱབ་པའི་དམིགས་པ། རྣལ་འབྱོར་པའི་དམིགས་པ་བཞིའི་དང་པོ། དེ་ལ་དབྱེ་ན། རྣམ་རྟོག་དང་བཅ་ས་པའི་
གཟུགས་བརྙན།
རྣམ་རྟོག་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོང་ས་སུ་གྲུབ་པའི་
ད་མིགས་པ་
སྟེ་བཞིའོ། གཟུགས་བརྙན་ནི་གང་ལ་དམིགས་པའི་དམིགས་པ་རང་མཆན་པ་དེ་དངོས་མིན་
{00000082.tif};
70
པར་དེའི་རྣམ་པ་བློ་ལ་སྣང་བའོ། དེ་ལ་དམིགས་ནས་ལྷག་མཐོང་གིས་དཔྱོད་པར་བྱེད་པའི་ཆེ་དཔྱོད་
པྱེད་ཀྱི་རྣམ་རྟོག་ཡོད་པས་རྣམ་རྟོག་དང་བཅ་ས་པའི་གཟུགས་བརྙན་ནོ། ཡང་དེ་ལ་ད་མིགས་ནས་ཞི་
གནས་ཀྱིས་མི་
དཔྱོད་པར་སེམས་འཇོག་པའི་ཆེ་ད་པྱོད་པྱེད་ཀྱི་རྟོག་པ་མེད་པས་རྣམ་རྟོག་མེད་པའི་
གཟུགས་བརྙན་ཞེས་བྱའོ།
གཟུགས་བརྙན་དེ་དམིགས་པ་གང་གི་གཟུགས་བརྙན་ཡིན་སྙམ་ན། སྤྱོད་པ་རྣམ་
སྦྱོང་གི་དམིགས་པ་ལྔ་དང་མཁས་པའི་དམིགས་པ་ལྔ་དང་ཉོན་མོངས་
རྣམ་སྦྱོང་གི་དམིགས་པ་གཉིས་ཀྱི་
གཟུགས་བརྙན་ནམ་རྣམ་པ་ཡིན་ནོ།
དངོས་པོའི་མཐའ་ནི། ཕུང་པོ་ལྔར་འདུས་བྱས་ཐམས་ཅ་ད་དང་།
བདེན་པ་བཞིར་གྲོལ་བ་དོན་གཉེར་གྱི་བླང་དོར་གྱི་གཞིར་གྱུར་པའི་ཤེས་བྱ་ཐམས་ཅ་ད་འདུས་ལུགས་
བསམས་ནས།
དེའི་རྗེས་སུ་དེར་གྲངས་ངེས་པར་ཐག་བཅད་ནས་དེ་ལ་སེམས་འཇོག་པ་ལྟ་བུའོ།
དགོས་པ་ཡོང་ས་སུ་གྲུབ་པ་ནི། དམིགས་པ་དེ་གོམས་པས་འདོད་བྱའི་དགོས་པའམ་འབྲས་བུ་ཤིན་བྱང་ས་
སྐྱེ་བ་
སོགས་ཡོང་ས་སུ་གྲུབ་པའོ། སྒྲ་བཤད་ནི། ཁྱབ་པའི་ད་མིགས་པ་བཞི་པོ་འདི་ཡང་། སྤྱད་པ་རྣམ་སྦྱོང་
དང་།
མཁས་པ་དང་། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་ལས་ལོགས་ན་མེད་ཅིང་དེ་ཐམས་ཅ་ད་ལ་ཁྱབ་
ས་ན་ཁྱབ་པའི་དམིགས་པ་ཞེས་བྱའོ།
ཁྱབ་བྱེད་ཀྱི་རླུང་། རྩ་བའི་རླུང་ལྔའི་ཡ་གྱལ་ཏེ། ལུས་ཀྱི་ཚིགས་ཐམས་ཅ་ད་ན་གནས་ཤིང་། བྱེད་ལས་འགྲོ་འོང་
བརྐྱང་བ་སྐུ
མ་སོགས་བྱེད་པའི་རླུང་ཞིག། སྒྲ་བཤད་ནི། ལུས་ཀྱི་ཚིགས་ཀུན་ལ་ཁྱབ་པས་ན་ཁྱབ་བྱེད་ཅེས་
བྱའོ།
རྒྱུད་རྡོ་རྗེ་འཕྲེང་བ་ལས། ཁྱབ་བྱེད་ཡན་ལག་ཀུན་ལ་ཁྱབ། ཅེས་གསུངས་པ་ལྟར་རོ།
ཁྱི་གུ། ཁྱི་ཕྲུག
ཁྱི་རྔོ་། གཡན་པ་དང་འདྲ་།
ཁྱི་ལྕེ་འབྲུག རྒྱལ་རབས་བཞི་བཅུ་ཞེ་གཅིག་པ་ཁྲི་རལ་ཅ་ན་གྱི་སྐུ་དུས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག། བོད་ཀྱི་ལོ་
ཙཱ་བ་གྲགས་
ཅ་ན་བརྒྱ་དང་གོ་གཉིས་ཀྱི་ནང་གསེས་ཨང་གྲངས་ཉི་ཤུ་རྩ་དགུ་པ་དེ་ཡིན། སྤྱི་ལོ།
ཡས་མས་ལ་བྱུང་། དེས་སྒྲའི་བསྟན་བཅོས གནས་བརྒྱད་རྩ་འགྲེལ་མཛད་པར་བུ་སྟོན་ཆོས་འབྱུང་ན་
གསལ།
ཁྱིམ་གྱི་བྱ་བ་ཆེ་ཆུང་། ཁྱིམ་གྱི་བྱ་བ་ཆེ་བ་ནི། ནོར་ད་ང་། འབྲུ་དང་། དབྱིག་དང་། གསེར་དང་དངུལ། རྟ་
དང་བ་ལང་།
གླང་པོ་ཆེ་ལ་སོགས་པ་མང་པོ་དག་གོ། བྱ་བ་ཆུང་བ་ནི། དེ་དག་ཉུང་བའོ།
{00000083.tif};
71
ཁྱིམ་བཅུ་གཉིས། བུམ་པ་དང་། ཉ། ལུག དབྱིད་ཀྱི་དུས གླང་། འཁྲིག་པ། ཀརྐཊ། དབྱར་གྱི་དུས སེང་གེ། བུ་
ོ། སྲང་། སྟོན་གྱི་དུས། སྡིག་པ། གཞུ། ཆུ་སྲིན་ད་ང་། དགུན་གྱི་དུས། ཁྱིམ་བཅུ་གཉིས་ས་སོ། གཞན་
ཡང་།
ཁྱིམ་བཅུ་གཉིས་དུས་བཞིར་བགོ་ཚུལ་སེ་ར་བྱེས་པའི་བྱ་སྡོམ་ནང་གོང་དང་ཅུང་མི་འདྲ་བ་འདི་
ལྟར།
གཞུ་དང་ཆུ་སྲིན་བུམ་པ་དགུན། ཉ་ཁྱིམ་ལུག་ཁྱིམ་གླང་ཁྱིམ་དཔྱིད། འཁྲིག་པ་ཀརཀྲོ་སེང་གི་
དབྱར།
བུ་མོ་སྲང་དང་སྡིག་ཁྱིམ་སྟོན། ཞེས་ཀྱང་གསུང་ས་སོ། ཁྱིམ་བཅུ་གཉིས་ལ་མིང་དེ་ལྟར་བཏགས་
པའི་
རྒྱུ་མཆན་ན་ནི། འཛམ་བུའི་གླིང་ན་གཞུ་སྲ་བའི་དུས་དང་། ཆུ་སྲིན་གྱི་ཁ་ཉི་མ་ལ་བསྟན་ནས་
འདུག་པའི་དུས་ད་ང་།
བུམ་པའི་ནང་གི་ཆང་རོ་ནུས་དང་ལྡན་པའི་དུས་དང་། ཉ་རྣམས་ཆུ་ལ་རྒྱུ་
བའི་དུས་དང་།
ལུ་གུ་སྐྱེ་བའི་དུས་དང་། གླང་རྣམས་ཀྱིས་ཞིང་རྨོ་བའི་དུས་དང་། དུད་འགྲོ་
རྣམས་
འདོད་ཆགས་ལངས་པའི་དུས་དང་། ཀརགྲ་ནི་སྦལ་པ་ཡིན་པས་སྦལ་པས་སྐད་འབྱིན་པའི་དུས་
དང་།
སེང་གེས་ཆགས་པ་སྤྱོད་པའི་དུས་དང་། བུ་མོ་རྣམས་མད་ང་ས་བཟང་བའི་དུས་དང་།
སྲང་ངམ་ཉ་ག་ལ་ཇ་མར་འདེགས་པའི་དུས་ད་ང་། སྡིག་པ་རྣམས་ཁུང་དུ་འགྲོ་བའི་དུས་དང་། ཁ་
ཅིག་འདི་མི་
རྣམས་དུད་འགྲོ་གསོད་པས་སྡིག་པའི་དུས་ཡང་ཟེར།
ཁྱིམ་ཐ ཁྱོ་ཤུག། བཟའ་
ཁྱིམ་པ་ཆོས་དྲུག་ལྡན། ཆོས་དྲུག་ནི། ཁྱིམ་པ་མཆན་ཉིད་དང་ལྡན་པ། ཐ་སྙད་ལྔ་ད་ང་ལྡན་པ། རང་དང་ནོར་ཐ་
དད་
ཡིན་པ། ལུས་ཐ་མ་ལ་དུ་གནས་པ། ཅི་བདེར་སྟོབས་པ་མ་ཡིན་པ། ཉེ་དུ་མ་ཡིན་པ་སྟེ་དྲུག
ཁྱིམ་པ་
རྡོ་རྗེ་འཛིན་པ། གསང་སྔགས་ཉམས་སུ་ལེན་མཁན་གྱི་ཁྱིམ་པ།
ཁྱིམ་པ་མོ་ལ་ཆོས་སྟོན་པའི་ལྟུང་བྱེད། འབའ་ཞིག་པ་དབུ་བཅུའི་ལྔ་པ་ནི། ཁྲིམས་གྲོགས་མེད་པར་ཁྱིམ་པ་མོ་
ལ་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པ་
བསྟན་ཏེ་དོན་གོ་བའོ།
ཁྱིམ་བྱ། (4) བྱ་དེ། (2) འཇིགས་བྱེད་ཀྱི་ཞབས་གནོན་ཏུ་ཡོད་པའི་ཁྱིམ་བྱ་ཞེས་པ་ནི། ལུས་ནག་ལ་ཤའི་སྐེ་སྐོར་
ཅ་ན་མི་སྐད་སྨྲ་བའི་བྱ་ཞིག་ལ་ཟེར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གསུང་།
ཁྱིམ་ཞག ཉི་མ་ཁྱིམ་རེར་འཕོ་བའི་ཡུན་ཆད་སུམ་ཅུར་བགོས་པའི་ཆ་ཤས་གཅིག སྒྲ་བཤད་ནི། ལོ་གཅིག་ལ་
ཁྱིམ་བཅུ་གཉིས་སུ་
ཕྱེ་ཞིང་། ཁྱིམ་རེ་རེ་ལ་ཞག་སུམ་ཅུར་ཕྱེ་བའི་ཞག་གཅིག་ཡིན་པས་དེ་ལྟར་བརྔོད།
ཁྱིམ་སུན་འཔྱིན་པའི་ལྷག་ ལྷག་མ་བཅུ་གསུམ་གྱི་བཅུ་གཉིས་པ་ནི། དགེ་སློང་བི་ས་ཁྱིམ་པ་སུན་འབྱིན་
པའི་
ཆེ་དགེ་འདུན་གྱིས་གནས་ད་བྱུང་བྱས་པ་ལ་སྒྲོད་བྱེད་དབེ་འདུན་རྣམས་ལ་སྐུར་བ་འདེབས་པ་ན་

{00000084.tif};
72
བཞམས་བསྒོ་དང་གསོལ་བཞིའི་ལས་ཏེ་ཟློག་པ་ལྔས་བཟློག་ཀྱང་མི་གཏོང་བ་ནའོ།
ཁྱིའུ། ཤིང་གཤག་པ་དང་། ཡོ་བྱད་དམ་པོར་བྱེད་པའི་ཤིང་བུ།
ཁྱུ་མཆོག། (4) གཙོ་བོ། དཔེར་ན། ཁྱིམ་ན་གནས་པའི་རྣམས་ཀྱི་ཁྱུ་མཆོག། ནགས་ན་གནས་པ་རྣམས་ཀྱི་སེང་གེ།
དགོན་པར་གནས་པ་རྣམས་ཀྱི་གླང་པོ་ཞེས་པ་ལྟ་བུ། (2) བ་ལང་གི་མཆོག། དཔེར་ན། རྗེའི་སྐབས་གསུམ་
མ་ལས།
བ་ལང་ཁྱུ་ཨི་ཐོག་མར་ཁྱུ་མཆོག་བཞིན། ཞེས་པ་ལྟར་དང་། སོ་ཐར་གྱི་མདོའི་འགྲེལ་པ་ལས།
སྐྱེ་བོ་མ་རབས་བསྟེན་ན་ན་ནི། མིག་གིས་བཟང་པོ་མཐོང་མི་འགྱུར། སེང་བེ་ཁྱུ་མཆོག་མཛའ་བ་ལ། ཝ་
ཡིས་ཐ་དད་ཕྱེ་ལ་ལ་ལྷོས།
ཞེས་དང་། ཡང་འདུལ་བ་ལུང་གཞི་ལས། ཁྱུ་མཆོག་བ་གླང་གི་ཚོགས་ཀྱིས་
བསྐོར་བ་ལྟ་བུ།
གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཞེས་གསུང་ས་པ་ལྟར་རོ།
ཁྱུ་རུ་རུ། གྱ་གྱུ་དང་འཛམ་ཤུག་ཤུག་ཏུ་འགྲོ་ཚུལ་ཞིག་སྟེ། དཔེར་ན། བྲུལ་ཆུ་ནང་དུ་ཁྱུ་རུ་རུ་འགྲོ། ལྟ་བུ།
ཁྱུར་ཁྱུར། ཁྱུ་རུ་རུ་དང་འདྲ།
ཁྱུང་པོ་ལྷས་པ། བུ་སྟོན་ཞབས་ཀྱི་སློབ་མ་དང་། རྗེ་ཙོང་ཁ་པ་ཆེན་པོས་གསང་འདུས་འཕགས་ལུགས་ཀྱི་ཆོས་
འཁོར་
གསན་ཡུལ་གྱི་བླ་མ་གལ་ཆེན་གསུམ་གྱི་ཡ་གྱལ་ཞིག་སྟེ། བླ་མ་གསུམ་ནི། རྗེའི་མཐའ་ད་པྱོད་རིན་
པོ་ཆེའི་
མུ་གུ་ལས། རྗེ་བཅུན་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་དང་། བུ་སྟོན་ཞབས་ཀྱི་སློབ་མ་རྗེ་བཅུན་
དམ་པ་ཁྱུང་པོ་
ལྷས་པའི་ཞལ་སྔ་ནས་དང་། རྗེ་བཅུན་ད་མ་པ་ཆོས་ཀྱི་དཔལ་བ་གསུམ་ག་བསྡོམས་པ་ལ་
བརྟེན་ནས་
འཕགས་སྐོར་གྱི་ཆོས་འཁོར་རྣམས་བདག་གིས་ཡོང་ས་སུ་རྫོགས་པར་མནོས། ཞེས་གསུངས་པ་
ལྟར་རོ།
ཁྱེའུ། མིའི་ཕྲུག་གུ་ཆུང་ཚུང་། དཔེར་ན། བྲམ་ཟེ་ཁྱེའུ་ཁ་ཆེ་སྣ་ཉག། ཅེས་པ་ལྟ་བུ།
ཁྱེད་མཁྱེན། ཁྱེད་ཤེས་དང་དོན་གཅིག
ཁྱེད་ཤེས།
ཕུར་ཚུགས་སུ་གསོལ་འདེབས་བྱེད་པ། ཁྱེད་ཤེས། ཁྱེད་མཁྱེན་ན་ནོ། ཞེས་པ་ལྟ་བུ།
ཁྱེད་ཤེས་ཀྱི་བསམ་པ། སྐྱབས་ཡུལ་ལ་བློ་ལིངས་འབེལ་གྱི་བསམ་པ།
ཁྱོགས། (4) འདིགས་པའི་ཁྲི་སྟེ། ཁྲི་སྟེང་གཡོགས་དང་ལྡན་པ་སྐྱེས་བུ་བཞིས་བཏེག་པར་གྱུར་པ་གང་ཡིན་པ།
(2) ལས་ཁྲི། འགྱོགས་ཁྲི་ཡང་ཟེར།
ཁྱོགས་ཀྱི་བཟླས་པ། ཁྱོགས་ཀྱི་བཟླས་པའམ་དོ་ལིའི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་
རྩ་སྔགས་
རང་གི་ཞལ་དུ་ཞུགས། སྐུའི་དབྱི་བས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདར་འཐོན། ཡུམ་གྱི་
{00000085.tif};
73
དབུ་མའི་ལམ་ནས་བརྒྱུད་དེ་ཞལ་ནས་བྱུང་། རང་གི་ཞལ་དུ་ཞུགས་པར་བསྒོམས་ནས་ཡི་གེ་ལྷོད་ཅིང་ཞི་
བའི་རྣམ་པར་
བཟླ་བའོ། ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་།
ཁྱོར་ཆུ་སྦྱིན་པ།
དབང་གི་སྐབས་དྲི་བཟང་གི་ཁྱོར་ཆུ་སྦྱིན་པ་ནི། ངག་གི་ཉེས་པ་དག་པའི་དོན་དུ་ཡིན་པར་རྗེའི་
སྔགས་རིམ་ཆེན་མོ
ར་གསལ། ཁྱོར་ཆུ་ལན་གསུམ་དུ་འཐུང་དུ་བཅུག་པ་ནི། ལུས་ང་ག་ཡིད་གསུམ་གྱི་སྡིག་
པ་དག་
པའི་ཆེད་དུ་ཡིན་པར། རྗེའི་དབང་དོན་དེ་ཉིད་རབ་གསལ་ན་གསལ།
ཁྱོར་བ། ལག་པ་ཡ་གཅིག་ཅུང་ཟད་འཁུམས་པའི་མིང་། དེ་ལ་ཡ་ཁྱོར་ཡང་ཟེར།
ཁྲི་ལ བརྡ་རྙང ཤིང་རྟ་བསྐྱོད་དུ་རུང་བའི་ལམ་པོ་ཆེ།
ཁྲིད་ཆེན་བརྒྱད།
བཀའ་བརྒྱུད སྟོད་འབྲུག་གི་ཁྲིད་ཆེན་བརྒྱད་དུ་གྲགས་པ་ནི། འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་
ཕྱག་ཆེན་འཁྲིད་ལུགས་ཀྱི་གདམས་པ་ཞིག་སྟེ། བླ་མ་སྐུ་གསུམ་གྱི་ཁྲིད་། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་
རྟེན་འབྲེལ་གྱི་ཁྲིད།
ལྔ་ལྡན་བདུད་རྩི་ཐིགས་པའི་ཁྲིཁྲིད། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད།
ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད། གསང་སྤྱོད་ལྡོག་སྒོམ་གྱི་ཁྲིད་རྣམས་སོ།
ཁྲི་རྐང་འཆོས་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གྱ་ལྔ་པ། དགེ་འདུན་དབང་བའི་ཤིང་གི་ཁྲིའི་རྐང་པ་ཁྲུ་
གང་ལས་ལྷག་པ་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་པའོ།

ཁྲུ་གང་། སོར་མོ་ཉི་ཤུ་རྩ་བཞིའི་ཚད། མཛོད་ལས་ཁྲུ་གང་ཞེས་པ་བརྐྱངས་ཁྲུའི་དབང་དུ་བྱས་པ་ཡིན། བསྐུམས་
ཁྲུ་ནི་སོར་ཉི་ཤུའི་ཚད་ད་དོ།
ཁྲུས་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དྲུག་ཅུ་པ། ཆ་བའི་དུས་མ་ཡིན་པར་ཟླ་ཕྱེད་ནང་དུ་ཁྲུས་བྱས་
ཏེ་ལུས་ཕྱེད་ཁྱབ་པའོ།

ཁྲེལ་མེད་པ། (4) གཞན་ལ་འཛེམ་མེད་དུ་སྡིག་པ་ལ་འཇུག་པ། (2) ཉེ་ཉོན་ཉི་ཤུའི་བཅུ་གཉིས་པ་ནི། དུག་གསུམ་
གང་
རང་གི་ཆར་གཏོགས་གང་ཞིག། ཁ་ན་མ་ཐོ་བས་གཞན་ལ་མི་འཛེམས་པས་རབ་ཏུ་ཕྱེ་བའི་རིག་པའོ།
བྱེད་ལས་ནི། ཉོན་མོངས་དང་ཉེ་ཉོན་ཐམས་ཅད་སྐྱེད་པའི་ལས་ཅན་ནོ།
ཁྲེལ་ཡོད། དགེ་བ་བཅུ་གཅིག་གི་གསུམ་པ་ནི། གང་ཞིག་གཞན་ནམ་ཆོས་རྒྱུ་མཚན་དུ་བྱས་ནས། ཉེས་སྤྱོད་ལ་
འཛེམ་པས་རབ་ཏུ་ཕྱེ་བའི་
སེམས་བྱུང་ཞིག་ལ་ཟེར། བྱེད་ལས་ནི། སྒོ་གསུམ་ཉེས་སྤྱོད་ལས་སྡོམ་པའི་
ལས་ཅན་ནོ།
གཞན་ནམ་ཆོས་རྒྱུ་མཚན་དུ་བྱས་ཞེས་པ་ནི། དེ་འདྲ་བྱས་ན་བླ་མ་དཀོན་མཆོག་སོགས་
གཞན་གྱིས་ཤེས་ན་མི་རུང་། ཆོས་དང་འགལ་ན་མི་རུང་སྙམ་དུ་བསམས་ནས་ཉེས་སྤྱོད་ལས་ལྡོག་པའོ།
{00000086.tif};
ཁྲོ་བཅུ། ཁྲོ་བོ་བཅུ་དང་འདྲ།
ཁྲོ་ཕུ་བཀའ་བརྒྱུད། དཱགས་པ་བཀའ་བརྒྱུད་ཀྱི་ནང་གསེས་ཤིག་སྟེ། ཕག་མོ་གྲུ་པའི་སློབ་མ་རིན་པོ་ཆེ་རྒྱལ་ཚ་
དང་ཀུན་ལྡན་
རས་པ་སྐུ་མཆེད་ལས་བརྒྱུད་པའི་བཀའ་བརྒྱུད་པའི་གྲུབ་མཐའ་ཞིག
ཁྲོ་བ།
ཉེ་ཉོན་ཉི་ཤུའི་དང་པོ་ནི། ཁོང་ཁྲོའི་ཆར་གཏོགས་གང་ཞིག། གནོད་པར་བྱེད་པའི་རྒྱུ་ཀུན་ནས་མནར་
སེམས་ཀྱི་གཞི་ད་གུ་
གང་རུང་ཉེ་བར་གནས་ན་གནོད་པར་བྱ་བར་འདོད་པའི་ཀུན་ནས་མནར་སེམས་
པས་རབ་ཏུ་ཕྱེ་བའི་རིག་པའོ།
བྱེད་ལས་ནི། ད་ངོས་སུ་གནོད་པར་བྱེད་པ་དང་། གནོད་པའི་ཐབས་ལ་
སྤྱོད་པ་སོགས་ཀྱི་ལས་ཅན་ན་ནོ།
ཀུན་ནས་མནར་སེམས་ཀྱི་གཞི་ད་གུ་ནི། བད་ག་ལ་གནོད་པ་བྱས་སོ།
བྱེད་དོ། བྱེད་པར་འགྱུར་རོ། ཞེས་བདག་ལ་སྦྱར་བ་གསུམ། བདག་གི་གཉེན་ལ་གནོད་པ་བྱས་སོ།
བྱེད་དོ། བྱེད་པར་འགྱུར་རོ། ཞེས་གཉེན་ལ་སྦྱར་བ་གསུམ། བདག་གི་དགྲ་ལ་ཕན་བཏགས་སོ།
འདོགས་པར་བྱེད་དོ། འདོག་པར་འགྱུར་རོ། ཞེས་དགྲ་ལ་སྦྱར་བ་གསུམ་སྟེ་ད་གུའོ།
ཁྲོ་བོ་བཅུ། གཤིན་རྗེའི་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩི་འཁྱིལ་བ། འདོད་
རྒྱལ།
དབྱུག་སྔོན་ཅ་ན། སྟོབས་པོ་ཆེ། མི་གཡོ་བ། གཅུག་ཏོར་འཁོར་ལོས་བསྒུར་བ། о-
རྡོ་རྗེ་ས་འོག་བཅ་ས་སོ། བབེགས་རྣམས་ཕྱོགས་བཅུར་འདུ་བས་ཁྲོ་བ་ཡང་བཅུ་ཡིན་གསུང་།
ཁྲོ་བོ་བཅུ་གཅིག གནོད་མཛེས། གཤིན་རྗེའི་གཤེད་། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་
རྩི་འཁྱིལ་བ།
འདོད་རྒྱལ། དབྱུག་སྔོན་ཅ་ན། སྟོབས་པོ་ཆེ། མི་གཡོ་བ། གཅུག་ཏོར་
འཁོར་ལོས་བསྒུར་བ། རྡོ་རྗེ་ས་འོག་བཅ་ས་སོ།
ཁྲོ་བོ་འཇིག་རྟེན་གསུམ་རྒྱལ། རྟུཾ་མཛ་ད་དང་འདྲ།
ཁྲོ་བོ་བཞི། གསང་འདུས་ལྷ་སོ་གཉིས་ཀྱི་ཡ་གྱལ་ཏེ། གཤིན་རྗེའི་གཤེད། ངཡ་སཱནྟ་ཀྲྀཏ» གཞན་གྱིས་མི་
ཐུབ་པ།
ངཕྲཇུནྟ་ཀྲྀཏ» རྟ་མགྲིན། ངཔདྨམྦྷ་ཀྲྀཏ» བགོགས་མཐར་བྱེད་བཅས་ས་སོ། ངབིུསྣསྟ་
ཀྲྀཏ»
ཁྲོ་བོའི་རྡོ་རྡོ་རྗ། རྡོ་རྗེ་ནག་པོ་ར་རྩེ་རྣམས་སོ་སོར་གདེང་ས་པའི་རྡོ་རྗེ། དེ་ལ་རྩེ་གཅིག་པ་ནས་ད་གུ་པའི་བར་ཡོད་
པར།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གསུང་།
ཁྲོ་བོའི་བཟླས་པ། ཁྲོ་བོའི་བཟླ 1་པ་ནི། སྔགས་རྣམས་དྲག་ཏུ་བཟླ་བའོ།
ཁྲོན་པ། ཆུ་དོང་།
{00000087.tif};
75
(3)
ཁྲོས་པའི་བཟླས་པ། ཁྲོས་པའི་བཟླས་པའམ་དྲག་པོའི་བཟླས་པ་ནི། རྩ་སྔགས་རང་གི་ཞལ་དུ་ཞུགས། སྐུའི་
དབྱི་བས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་
པདར་འཐོན། ཡུམ་གྱི་དབུ་མའི་ལམ་ནས་བརྒྱུད་དེ་ཞལ་ནས་
བྱུང་།
རང་གི་ཞལ་དུ་ཞུགས་པར་བསྒོམས་ནས་ཡི་གེ་ཅུབ་ཅིང་དྲག་པའི་རྣམ་པ་ཅན་དུ་བོམ་པའོ། པཎ་
ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་
ལ་གཞི་བྱས།
མཁན་སློབ་ཆོས་གསུམ། མཁན་ཆེན་ཞི་བ་འཚོ་བ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་
བཙན་
གསུམ་ལ་ཟེར།
མཁན་པོ། ངཨུ་པ་ཅྭཱ་» སཾ་སྒྲ་ཏའི་སྐད་དུ། ཨུ་པ་རུ་ཞེས་པ་སྐད་ཀྱི་བྱིངས་ཡིན་ཏེ། དེ་ནི་མཁན་པོ་ཙམ་ལ་འཇུག་
གོ།
ཨུ་པ་ཅྭཱ་ཞེས་པ་དེ་ལ་སྒྲའི་རྐྱེན་བྱིན་པས། ཨུ་པ་ཅྭཱ་ར། ཨུ་པ་ཡ་ཧ་སྟི། ཨུ་པ་དེ་ཤ་ཏི་ཞེས་པ་སྟེ།
རིམ་པ་བཞིན། ཉེ་བར་འཛིན་པ། ཉེ་བར་སྦྱོར། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་
བྱའོ།
ཞེས་མཚོ་ཊིཀ་ལས་གསུངས་པ་ལྟར་བཀོད།
མཁའ་འགྲོ་གདོང་། (1) བྱ་ལེ། སྒྲ་བཤད་ནི། མཁའ་འགྲོ་ནི་བྱ་སྤྱིའམ་བྱ་རོག་གི་མིང་ཡིན་ལ། དེའི་གདོང་ང་མ་
མཆུ་
ཏོ་དང་འདྲ་བས་དེ་ལྟར་དུ་བཏགས། (2) བྱ་ཡི་མཆུ་ཏོ།
མཁའ་མཉམ་མ། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ་ཞེས་བྱ་བ། ས་སྐྱའི་མཁས་གྲུབ་ཆེན་པོ་རྗེ་
བཅུན་
རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཛད།
མཁའ་སྣང་། མཁའ་སྣང་མེ་ཁྱེར་དང་འདྲ།
མཁའ་སྣང་མེ་ཁྱེར།
སྲིན་བུ་མེ་ཁྱེར། ལུས་ལས་འོད་དམར་ཆེམ་ཆེམ་འཕྲོ་ཞིང་འཕུར་ཏེ་འགྲོ་བའི་སྲིན་འབུ་
ཞིག།
འདི་རྒྱ་གར་ལྷོ་ཕྱོགས་ན་མང་པོ་ཡོད་།
མཁའ་ད་བྱིང་ས། (1)ནམ་མཁའི་དབྱིངས། ནམ་མཁའི་དཀྱིལ། ནམ་མཁའི་ཀློང་། ནམ་མ་ འི་མཐོངས་རྣམས་
དོན་འདྲ།
(2) མོ་མཚན་ནམ། མོ་མཚན་གྱི་པུབས་སྟོང་། རྗེའི་གསང་འདུས་སྨོན་ལམ་ལས། མཁའ་
དབྱིངས་རྡོ་
ནྡེ་སྦྱར་བས་སྦར་བ་ཡིས། ཞེས་གསུངས་པ་ལྟ་བུ།
མཁས་གྲུ རྒྱལ་བའི་གསུང་རབ་ཀྱི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་ཆོད་ཅི་ང་། རང་རྒྱུད་དུལ་
ལ་ལྟ་སྒོམ་འཁྲུལ་བྲལ་གྱི་གདེང་ས་དང་ལྡན་པའི་སྐྱེས་བུ་ལ་ཟེར་ཏེ། ལྕང་སྐྱ་རོལ་པའི་རྡོ་རྗས། ཐོས་བསམ་
ཕྱོགས་སུ་མ་སོང་ཞིང་།
གཞུང་ལུགས་གདམས་པར་ཤར་བ་ཡིས། མཉན་འོས་རིགས་པའི་ལམ་སྨྲ་

{00000088.tif};
བ། དེ་ཉིད་ལ་ནི་མཁས་པ་ཟ་ར ཉོན་མོངས་དབལ་ནི་ཆོག་པ་དང་། རང་དང་གཞན་རྒྱུད་འདུལ་བར་
ནུས།
ལྟ་སྒོམ་འཁྲུལ་བྲལ་གདེངས་ལྡན་པ། དེ་ཉིད་ལ་ནི་གྲུབ་པ་ཟེར། ཞེས་གསུངས་པ་ལྟར་རོ
མཁས་གྲུབ་ཁྱུང་པོ་ལྷས་པ། ཁྱུང་པོ་ལྷས་པ་དང་དོན་གཅིག ཁྱུང་པོ་ལྷས་པ་ལ་ལྐོས།
མཁས་གྲུབ་སྨྲ་བའི་ཉི་མ་ད་གེ་ལེགས་དཔལ་བཟང་པོའི་གསུང་འབུམ་དཀར་ཆག ཚཀ་པརམྱ ཆད་མ་རྣམ་
འགྲེལ་གྱི་ཊི་ཀ་རིགས་པའི་རྒྱ་མཚོ། ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ། ཚད་འབྲས་ཀྱི་རྣམ་བཤད་ཆེན་
ོ།
མྱཁ་པརམྱ ཕར་ཕྱིན་རྟོག་གེའི་སྣང་བ། དབུ་མ་སྟོང་ཐུན་ཆེན་མོ་སྐལ་བཟང་མིག་འབྱེད་། འདུས་པའི་
བསྐྱེད་རིམ་ཟུར་བ་ཤ་ད།
ཀྱཻ་རྡོར་ལ་ལུས་དཀྱིལ་མེད་པ་ལས་འཕྲོས་པའི་རྩོད་ལན་གནམ་ལྕགས་འཁོར་ལོ་
ངོར་ལེན།
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས། གསང་བའི་རྣམ་ཐར་རིན་ཆེན་སྙེ་མ།
མཁས་གྲུབ་པ་རང་གི་རྣམ་ཐར་གཟིགས་པ་ལྔ་ལྡན། མཁས་གྲུབ་པའི་སློབ་མ་གསང་མདའ་བ་ཆོས་ལྗན་རབ་འབྱོར་
གྱིས་མཛད།
ངག་པརམྱ སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི་དོར། རྒྱུ་སྡེ་སྤྱི་ཡི་རྣམ་གཞག། གསང་འདུས་
བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ།
གསང་འདུས་ཀྱི་ཞི་རྒྱས་སྦྱིན་སྲེག། གསང་འདུས་འཇམ་རྡོར་རམ་ཡེ་
ཤེས་ཞབས་ལུགས་སུ་གྲགས་པའི་སྒྲུབ་ཐབས་
རྗེ་ཙོང་ཁ་པའི་མཛད་པ་འཇམ་དབྱངས་ད་གོངས་གསལ་གྱི་
ལྷན་ཐབས།
གསང་འདུས་འཕགས་ལུགས་ཀྱི་ཆོ་གའི་ལྷན་ཐབས། གསང་འདུས་རྫོགས་རིམ་དྲིས་ལ་ན།
བདེ་མཆོག་ལ་ཧི་པའི་ལུགས་ཀྱི་དཀྱིལ་ཆོག་བདེ་ཆེན་རོལ་མཚོ། འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོ་
མཇུག་རྗེ་བློ་གྲོས་ཆོས་སྐྱོང་གིས་ཁ་བསྐང་བ། ཡང་འཇིགས་བྱེད་ཀྱི་བསྐྱེད་རིམ་ཉུང་ངུ་ཟིན་གྲིས་སུ་མཛད་
པ།
འཇིགས་བྱེད་ཀྱི་རྒྱུད་རྟོག་པ་གསུམ་པའི་འགྲེལ་པ་རྒྱ་ཆེར་བཤད་པ་ཁམས་གསུམ་རྣམ་རྒྱལ། དེ་ལ་ཉེ་
བར་མཁོ་བའི་ཨ་ལོའི་ཡིག་ཆུང་སོགས་ལེ་ཚན་བཞི།
འཇིགས་བྱེད་ཀྱི་སྲུང་འཁོར་བསྡུས་པ་དང་སྦྱིན་སྲེག་
བསྡུས་པ་དང་།
འཇིགས་བྱེད་ཀྱི་ཕྱོགས་སྐྱོང་གི་དབྱེ་བ། སྤྱན་འདྲེན་འཇམ་དཔལ་རང་བཞིན་མའི་འགྲེལ་
པ།
དམ་ཅན་ཆོས་རྒྱལ་གྱི་ལས་གསུམ་རྣམ་གཞག། དེ་ཡི་གཏོར་ཆོག་བཅས་སོ། ངང་པརམྱ ཀྱཻ་རྡོ་རྗེའི་
རྒྱུད་བརྟག་པ་གཉིས་པའི་འགྲེལ་པ་མཁའ་
འགྲོའི་གསང་མཛོད། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ད་ང་དཀྱིལ་ཆོག་
སྦྲགས་པ་བདེ་ཆེན་འཇུག་ངོགས།
དེ་ཡི་མཆོད་འཕྲེང་། སྨོན་ཤིས་དང་བཅས་པ། ཚཅ་པརམྱ དཔལ་དུས་
ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་ཊིཀ་
ཆེད་དི་ཉིད་སྣང་བ་མཇུག་ཁམས་ནག་ཤོད་སྲུད་མདའ་
དགོན་ཆགས་འདེབས་པ་པོ་མངའ་རིས་ཞང་ཞུང་པ་ཆོས་དབང་གྲགས་ཕས་ཁ་བསྐང་བ་ཆར་གཅིག། ཡ་ང་
---རྗེ་བློ་གྲོས་ཆོས་སྐྱོང་གི་ཁ་བསྐང་བ་ཚར་གཅིག་དང་གཉིས་ཡོད། ད་པལ་དུས་ཀྱི་འཁོར་ལོའི་སྐུ་གསུང་
{00000089.tif};
77
ཐུགས་ཡོང་ས་རྫོགས་སྒྲུབ་ཐབས་པད་དཀར་ཞལ་ལུང་། མཆོད་པའི་ཆོ་ག་ཀུན་བཟང་མཆོད་སྤྲིན། དཀྱིལ་
མཆོག་
དགོངས་པ་རབ་གསལ། ཐིག་རྩ་དང་བཅས། ཚཆ་པརམྱ དུས་འཁོར་ལུགས་མདོ་སྔགས་བསྟན་
རྩིས།
རྣལ་འབྱོར་རྒྱུད་འཇམ་དཔལ་གསང་ལྡན་གྱི་སྒྲུབ་དཀྱིལ། གསུང་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་
དྲིལ་བ་
མཇུག་ཏུ་རྣལ་འབྱོར་རོལ་པའི་དགའ་སྟོན་ཞེས་པ་རྡོར་དྲིལ་སོགས་ཀྱི་ཆ་ཚད་བཤད་པ། གསུང་
ཐོར་བུ་པར་མའི་ནང་དུ་མ་ཆུད་པ་མཁས་གྲུབ་རང་གིས་ད་མ་བཅའ་མཛད་པ་བཅུ་པ་སོགས་ཤོག་
བུ་སོ་
གཉིས་ཙམ་ཡོད།
ཡང་པར་ལ་མེད་པར་སྔགས་རིམ་ལྷན་ཐབས་རྒྱུད་སྡེ་བཞིའི་རྣམ་གཞག་སྟོན་པ་རྣམས་
སོ།
དཔལ་མུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བེའུ་བུ་གསར་བསྒྲིགས་གནང་ཞིང་མན་ངག་ཐུན་
མོང་མ་ཡིན་པ་ཤོག་དྲིལ་བཅུ་གསུམ།
མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་ཆེ་ཆུང་གཉིས། དེ་
ཡི་གཏོར་ཆོག་བསྟོད་བསྐུལ་དང་བཅས་པའོ།
དེར་མ་ཆུད་པ་ཤོག་དྲིལ་རིམ་གཉིས་གསོ་ཐབས། གནོད་
སྦྱིན་
འེ་ཏྲ་པ་ལ་སྦྲགས་སྒྲུབ། ཕྱག་དྲུག་པའི་བརྒྱུད་འདེབས་རྣམས་ས་སོ། དཔལ་མགོན་ཞལ་བཞི་པའི་མཆོད་
གཏོར་འབུལ་ཚུལ་ཐུགས་
དམ་བསྐང་བའི་རིམ་པ་དང་། དེ་ཡི་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལ་མཆན་བུ་
དང་བཅས་པའོ།

མཁས་གྲུབ་རིན་པོ་ཆེའི་དམ་བཅའ་བཅུ། ཆོས་ལྡན་གྱི་དམིགས་བསལ་རེ་རེ་ཙམ་མ་གཏོགས་པའི་སྐབས་
གང་དུ་ཡང་།
དམག་དང་། ཆོམ་རྐུན། རྒྱལ་པོའི་གཏམ་ལ་སོགས་པའི་འདུ་འཛིའི་གཏམ་གྱི་སྦྱོར་བ་ཅུང་
ཟད་ཀྱང་མི་བགྱི་བ་ནི།
དམ་བཅའ་དང་པོའོ། ཀུན་སློང་སྐྱོན་ཆགས་པའམ། ལུང་དུ་མ་བསྟན་པ་རྣམ་
པར་མ་བརྟགས་པའི་སེམས་ཀྱིས་བསླང་བ་ཡང་རུང་སྟེ།
དེ་ཉིད་ཀྱི་ཉེས་པ་སེལ་བའི་ཆོས་ལྡན་གྱི་ཆེད་དུ་
ཕན་པར་འདོད་པ་འབའ་ཞིག་གིས་བརྗོད་རིགས་པའི་ཚིག་གིས་བརྗོད་
པ་མ་གཏོགས། རང་ལས་རྒྱུད་ཐ་
དད་པའི་གང་ཟག་དམིགས་ཀྱིས་བསལ་བའི་མིང་གིས་སྨོས་ཏེ།
དེའི་སྒོ་གསུམ་གྱི་སློན་ཕྲ་མོ་ཙ་མ་ཡང་ཚིག་
ཏུ་བརྗོད་པ་མི་བགྱི་བ་ནི།
དམ་བཅའ་གཉིས་པའོ། གལ་ཏེ་རང་ལ་སེམས་རྒྱུད་ཅུང་ཟད་ཙམ་ཡ་ང་
འཁྲུག་པའི་ཉེས་པ་མི་འདྲེན་ཞིང་། གཞན་ལ་ཐབས་དེས་ངེས་པར་ཕན་ཞིང་ཡིད་ཆེས་པའི་སྐབས་མ་
གཏོགས་པ་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་དང་།
དེ་ལས་གཞན་སེམས་ཅ་ན་མ་ཡིན་པ་ཡུལ་དུ་
བྱས་
པའང་རུང་སྟེ། ཅུམ་མོའི་ཚིག་ཅུང་ཟད་ཙམ་ཡང་སྨྲ་བར་མི་བགྱིད་པ་ནི། དམ་བཅའ་གསུམ་པའོ།
གང་གི་ཆེ་ཆོས་ལྡན་གྱི་བྱ་བའི་ཆེད་དུ་དྲན་ཤེས་ཉེ་བར་བཞག་སྟེ་ངེས་པར་བརྟག་དགོས་པའི་གནས་ལ་
སེམས་པ་མ་གཏོགས་པ།
གཉེན་བཤེས་དང་རྙེད་བཀུར་འདུ་འཛི་ཆགས་སྡང་སོགས་ཀྱི་གནས་ལ་ཅུང་ཟད་

{00000090.tif};
78
ཀྱང་ཉོན་མོང་ས་པ་དང་འདྲེས་པའི་སེམས་ཀྱིས་བརྟག་པར་མི་བགྱི་བ་ནི། དམ་བཅ་འ་བཞི་པའོ། གང་
གི་ཆེ་ནད་
དང་ལམ་ལ་སོགས་པ་ཧ་ཅང་དུབ་པའི་སྐབས་མ་གཏོགས་པར་དགེ་བའི་སྦྱོར་བའི་སྐབས་གང་གི་
ཆེ་ཡ་ང་། ཉལ་བ་དང་། འཁྲེས་པ་དང་། བྲེ་མོའི་གཏམ་དང་། བཟའ་བཏུང་ཧ་ཅ་ང་བསྟེན་པ་སོགས་ཀྱིས།
ཆོས་ལྡན་གྱི་དགོས་པ་མེད་ཅིང་ལེ་ལོ་སྐྱེ་བ་མཐོང་བཞིན་དུ་འཕྲོ་མི་གཅོད་ཅི་ང་། དང་དུ་ལེན་པ་ཅུང་ཟད་
ཀྱང་མི་བྱ་བ་ནི།
དམ་བཅའ་ལྔ་པའོ། བདག་ལ་རྫས་དེ་བདོག་ཅིང་དེ་གང་ཟག་དེ་ཉིད་ལ་བྱིན་ན་བདག་
གི་དགེ་བའི་བྱ་བ་ཉམས་པའི་རྐྱེན་དང་།
འཕེལ་བའི་གེགས་སུ་འགྱུར་བ་འམ། ཡུལ་དེ་ལ་གནོད་པར་
འགྱུར་བར་ངེས་པའམ་ཆོས་ལྡན་གཞན་དང་ཡུལ་གཞན་ལ་
བསྔོས་ཟིན་པ་མ་གཏོགས། གང་ཡང་རུང་བས་
ཡོ་བྱད་བཟང་ངན་ཅི་འདྲ་ཞིག་སློང་ཡང་སེར་སྣའི་བློས་མི་སྟེར་བ་སྤངས་ཏེ།
དེ་མ་ཐག་ཏུ་ད་གའ་བའི་
སེམས་ཀྱིས་བྱིན་ནས་
རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི། དམ་བཅའ་དྲུག་པའོ། གང་གི་ཆེ་བདག་གམ་
གཉེན་བཤེས་ལོངས་སྤྱོད་འཁོར་གཡོག་སོགས་གང་ཡང་རུང་བ་ལ་སུ་ཡང་རུང་བས་ཅི་ཡང་རུང་བའི་
གནོད་པ་དང་།
མི་སྙན་པ་བཛོད་པ་དང་། མཆང་འབྲུ་བ་ད་ང་། སྲོག་གཅོད་པའི་བར་དུ་བྱེད་པ་ཐམས་
ཅ་ད་ལ་དང་པོ་ཁོང་འཁྲུག་པ་དང་།
རྗེས་སུ་འཁོན་དུ་འཇིན་པ། ལུས་ངག་གི་རྣ་མ་པར་འགྱུར་བ་ཕྲ་མོ་ཡན་
ཆད་འབད་པས་འགག་ཅིང་།
ཅུང་ཟད་ཀྱང་ད་ང་དུ་མི་ལེན་པ་ལ་ཅི་ནས་ཀྱང་དེ་ཉིད་ལ་ལན་དུ་དངོས་
བརྒྱུད་གང་ཡང་རུང་བའི་སྒོ་ནས་ཕན་གདགས་པའི་བློ་བསྐྱེད་ཅིང་སྨོན་ལམ་གདབ་པ་ནི།
དམ་བཅ་འ་བདུན་
པའོ།
བདག་ཉིད་ཀྱིས་དབང་ཁྲིད་ལུང་མན་ངག་བསྟན་པ། མདོ་རྒྱུད་སོགས་བཤད་པ། བདུན་ཚིགས་
རབ་གནས་སྦྱིན་སྲེག་རྣམས་ཀྱི་ཡོན་དང་།
ཆོས་ལ་དམིགས་ཏེ་གཞན་གྱིས་བྱིན་པ། འཕྲལ་དུ་ལོང་ས་སྤྱོད་
ལ་ཉེ་བའི་སྟ་གོན་
བྱས་པ། བཙེམས་ཤིང་དྲུབས་པའི་ཆོས་གོས་དང་། གཡོས་སུ་བྱས་སམ་དེ་ཉིད་ཀྱི་ཚི་
གཡོ
ས་སུ་བྱེད་པར་ཆས་པ་ལྟ་བུའི་ཟས་གོས་མ་གཏོགས་པ། ཡོ་བྱད་ཆེ་ཆུང་གང་བྱུང་ཡང་། བདག་ཉིད་
ཀྱིས་ཅུང་ཟད་ཀྱང་བདག་གིར་མི་འཛིན་ཅིང་།
བསོད་ནམས་གསག་པའི་ཐབས་འབའ་ཞིག་ལ་གཏོང་པ་
ད་ང་།
ཆོས་ཀྱི་སྦྱིན་པ་ཚིག་བཞི་པ་གཅིག་ཡན་ཆད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་བ་ནི། དམ་
བཅ་འ་བརྒྱད་པ་འོ།
བསྟན་པ་འབའ་ཞིག་བསམས་པའི་བློས་གསུང་རབ་ཀྱི་དོན་ལ་ལོག་པར་རྟོག་པ་
འགོག་པའི་ཡན་ལག་མ་གཏོགས་པ་ར།
བཤེས་གཉེན་སུ་ལ་ཡང་མི་བསྔགས་པ་ཅུང་ཟད་ཀྱང་མི་སྨྲ་ཞིང་།
-- ཡོན་ཏན་སྒྲོག་པ་ལྷུར་ལེན་པ་དང་། གང་ཟག་མཆོག་དམན་སུ་ལའང་། ཕུན་སུམ་ཚོགས་པའི་རྣམ་པ་ཆེ་
ཆུང་ཅི་འདུག་པ་དང་།
ཡོན་ཏ་ན་གྱི་ཁྱད་པར་ཆོས་དང་མཐུན་པ་ཅི་འདུག་པ་མཐོང་ངམ་ཐོས་པ་ན་ཡིད་
ལ་ཟུག་
རུ་ཅུང་ཟད་མི་སྐྱེད་ཅིང་དེ་མ་ཐག་ཏུ་སྙིང་ནས་དགའ་བའི་བློ་བྱོང་བ་ནི། དམ་བཅའ་ད་གུ་པའོ།

{00000091.tif};
79
ནད་དང་ཆོམ་རྐུན་སོགས་དྲ་ག་པོས་གཙེས་པས་གཞན་དབང་དུ་གྱུར་པས་སྒྲུབ་པར་མི་ནུས་པའི་སྐབས་བྱུང་
ན་མ་གཏོགས་པར།
ཇི་སྲིད་འཚོའི་བར་དུ་ཉིན་ཞག་རེའི་ནང་དུ་དབེ་སྦྱོར་བཅུ་པོ་ཆག་མེད་དུ་བགྱི་བ་སྟེ།
དེ་ཡང་འདི་ལྟར་སེམས་བསྐྱེད་ཆོག་ཉུང་ངུས་ཐུན་དྲུག་ཏུ་ལེན་ཅིང་།
ཁྱད་པར་སྔ་དྲོ་སྨོན་སེམས་ད་ང་།
བྱང་སེམས་ཀྱི་སྡོམ་པ་རང་གིས་བླང་བའི་ཚིག་རྒྱས་པ། བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་པའི་དམིགས་རྣམ་
དངོས་གཞི་ཐུན་བཞིའམ་གསུམ་དུ་ལེན་པར་བསྒོམས་ནས་སྤྱོད་ལམ་ཐམས་ཅད་དེ་ཉིད་ཀྱི་རྩིས་ཟིན་པའི་
དྲན་ཤེས་རྒྱ་ཡན་དུ་མ་
ཤོར་བར་ནར་མར་བསྟེན་པ་ལ་འབད་པ། འཁོར་བའི་སྣང་ཤས་ཟིལ་གྱིས་གནོན་
པའི་གཉེན་པོར།
སྐྱེས་བུ་ཆུང་འབྲིང་གི་ད་མིགས་རྣམ་གཙོ་བོ་གང་སྐབས་དང་འཚམ་པར་ཐུན་གསུམ་མམ་
བཞིར་བསྒོམས་ནས་སྔ་མ་ལྟར་དྲ་ན་ཤེས་བསྟེན་པ།
སྔགས་བླ་མེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་
བཅ་ས་པ་ཡོངས་སུ་རྫོགས་པ་ཐུན་བཞིའི་རྣལ་འབྱོར་རྣམས་ས་སོ།

མཁས་པ། (4) ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ལྡན་པ། རྣམ་དཔྱོད་ཅན། (2) ཡོན་ཏན་གྱིས་ཕྱུག་པ། (3)
བྱང་བ།
ལེགས་པར་ལོ་བས་པ། (4) གྲུང་པོ།
མཁས་པ་སྒོ་དྲུག སྔར་རྒྱ་གར་གྱི་བི་ཀྲ་མ་ཤྭི་ལའི་གཅུག་ལག་ཁང་གི་ཕུལ་དུ་བྱུ་བའི་མཁས་པ་དྲུག་གི་མཆན།
གཅུག་ལག་ཁང་དེ་ལ་མུ་སྟེགས་པ་ལ་སོགས་པའི་རྒོལ་བ་རིགས་པ་ད་ང་ནུས་པས་སྲུང་བ་པོ་སྟེ།
དེའང་ཤར་སྒོ་སྲུང་བ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རརཱ་ཀ་ར་བཱནྟི་པ། ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ཤེས་
རབ་འབྱུང་གནས།
ནུབ་སྒོ་སྲུང་བ་ང་ག་གི་དབང་ཕྱུག་གྲགས་པ། བྱང་སྒོ་སྲུང་བ་ནྰ་རོ་པ།
ད་བུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ད་ང་། གཉིས་པ་ཇུ་ན་བྲི་མི་ཏྲ་རྣམས་སོ། མཁས་པ་
དེ་ད་ག་གི་མ
དོ་སྔགས་ཀྱི་བསྟན་བཅོས་མང་པོ་རྩོམ་པ་དང་། ཆེས་ངོ་མཆར་བའི་མཛད་པ་མང་པོས་དེ་
སྐབས་ཀྱི་སྐྱེ་
བོ་དག་ཆོས་ལ་བཅུད་དེ་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོའི་
བསྟན་པ་
ཉི་མ་ལྟར་གསལ་བར་མཛད་པ་ཨིན་ནོ།
མཁས་པ་དག་གིས་ཡོངས་བཀང་སྟེ། ཞིང་འདིར་འཁོར་ལོ་རིན་པོ་ཆེས། མཁས་པ་དག་གིས་ཡོངས་བཀང་
སྟེ།
ད་ངོས་གྲུབ་འདོད་པ་སྦྱིན་པའི་ཕྱིཕྱིར། ཉིན་རེ་ཤེས་རབ་ཅན་གྱིས་དབུལ། ཞེས་པའི་མཁས་པ་ཞེས་པ།
བསོད་ནམས་དང་ཡེ་ཤེས་ཀྱི་གསོག་པ་ལ་མཁས་པས་ན་མཁས་པ་ཞེས་བམྲོད་དེ། རྗེའི་འགྲེལ་པ་བཞི་
སྦྲགས་ལས།
མཁས་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་མཁས་པས་ཉིན་རེ་བཞིན་
ད་བུལ་བར་བྱའོ། ཞེས་གསུང་ས།

{00000092.tif};
80
མཁས་པར་བགྲང་བ། མཁས་པར་གྲགས་པ། མང་དུ་ཐོས་པར་གྲགས་པ། ཞེས་དགེ་ལེགས་བཤེས་གཉེན་གསུང་།
མཁས་པའི་དམིགས་པ། རྣལ་འབྱོར་པའི་དམིགས་པ་བཞིའི་གསུམ་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་
དང་རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པའོ།
འདི་དག་ལ་མཁས་པའི་དམིགས་པ་
ཞེས་པ་ནི།
འདི་དག་བསྒོམས་པས་མཁས་པར་འགྱུར་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་། ད་
ལྟ་འདི་དག་བསྒོམ་པ་པོའི་གང་ཟག་དེ་ནི་གཏི་མུག་
ཤས་ཆེ་བ་ཡིན་གྱི་མཁས་པ་ནི་མ་ཡིན་ནོ། འདི་དག་ལ་
མཁས་
ཚུལ་སོགས་རྒྱས་པར་ལམ་རིམ་ཆེན་མོར་གཟིགས་པར་བྱའོ།
མཁས་པའི་བྱ་བ་ྱ་བ་ནམ་གསུ འཆད་རྩོད་རྩོམ་གསུམ།
མཁས་པའི་དམིགས་པ་ལྔ་ལ་མཁས་ཚུལ། ཕུང་པོ་ལྔའི་སྟེང་དུ་དེ་ལྔ་པོ་དེར་མ་གཏོགས་པའི་བདག་ཡོད་པ་
འགོག་པ་དང་།
དེ་ལ་མེད་ཀྱང་ཁམས་བཅོ་བརྒྱད་ཀྱི་རྒྱུའི་ཁྲོད་ན་རང་དབང་བའི་བདག་ཡོད་དམ་སྙམ་པ་
ལ།
མིག་ལ་སོགས་པའི་ཁམས་རྣམས་རང་རང་གི་ས་བོན་ལས་བྱུང་བ་ཡིན་གྱི། དེ་ལས་དོན་གཞན་པའི་
བད་ག་མེད་པར་ཤེས་པ་དང་།
དེ་ལྟར་མེད་ཀྱང་ཀྱེན་གྱི་ཁྲོད་ན་བདག་ཡོད་དམ་སྙམ་པ་ལ་མིག་སོགས་སྐྱེ་
མཆེད་བཅུ་གཉིས་པོ་རྣམས་ཀྱི
ས་རྐྱེན་གསུམ་གྱི་རྣམ་གཞག་ཤེས་ནས་དེ་ལས་དོན་གཞན་པའི་བདག་མེད་
པར་ཤེས་པ་དང་།
དེ་བཞིན་དུ་རྟེན་འབྲེལ་བཅུ་གཉིས་ལ་མི་རྟག་སྡུག་བསྔལ་སོགས་སུ་ཤེས་ཀྱི། གང་ཟག་
གི་བདག་ཏུ་མེད་པ་དང་རྒྱུ་དགེ་སྡིག་
ལས་འབྲས་བུ་བདེ་སྡུག་འབྱུང་གི་དེ་ལས་དོན་གཞན་པའི་གང་ཟག་གི་
བདག་མེད་པར་ཤེས་ནས་དེ་ད
ག་ལ་སེམས་འཛིན་པ་ལ་དེ་ད་ག་ལ་མཁས་པ་ཞེས་བྱའོ།
མཁས་པའི་ཞལ་ལུང་། (4) མཁས་པའི་ཞལ་ལས་བྱུང་བའི་མན་ངག (2)སྐབས་རེར་མཁས་པའི་ཞལ་ལུང་ཞེས་
བྱ་བ།
མཁས་པའི་ཞལ་ལས་བྱུང་བ་བཞིན་བཀོད་ཀྱི་རང་སྟོབས་ཀྱིས་མ་ཡིན་ནོ་ཞེས་ཁེངས་སྐྱུང་པའི་ཚིག་
ཏུའང་
འགྲོ་སྟེ། དཔེར་ན། ཀུན་བཟང་བླ་མའི་ཞལ་ལུང་། མཁས་པའི་ཞལ་ལུང་ཞེས་པ་ལྟ་བུ།
མཁས་བཙུན་བཟང་གསུམ། རྒྱལ་བའི་གསུང་རབ་ལ་གྲོལ་བ་དོན་གཉེར་གྱི་བསམ་པས་ཐོས་པ་རྒྱ་ཆེན་པོ་བཙ་ལ་
བས་ན་མཁས་པ། ཐོས་པ་ཐོས་རྐྱང་དུ་མ་སོང་བར་ཐོས་དོན་རང་རྒྱུད་ལ་སྦྱར་བས་བཙུན་པ། དེ་ལྟར་རྒྱལ་
བའི་གསུང་རབ་
ལ་ཐོས་བསམ་བསྒོམ་གསུམ་བྱེད་པའི་དགེ་རྩ་གང་ཡོད་གཞན་དོན་འབའ་ཞིག་ཏུ་བསྔོ་བས་
བཟང་པོ་
ཞེས་བྱ་སྟེ། རྗེ་གུང་ཐང་པས། མང་དུ་ཐོས་པ་རྒྱ་ཆེར་བཙ་ལ་བས་མཁས། ཐོས་དོན་ཇི་བཞིན་
རྒྱུད་ལ་སྦྱར་བས་བཙུན།
ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། ཞེས་གསུངས་པ་ལྟར་རོ།
{00000093.tif};
མཁོས་སུ་ཕ བཞག་པ། སོ་སོའི་གནས་སུ་བཞག་པ། དཔེར་ན། ལྷུང་བཟེད་ད་ང་ཆོས་གོས་མཁོས་སུ་ཕབ།
ཅེས་པ་ལྟ་བུ།
མཁོསསུ་བབ་པ། མཁོས་སུ་ཕབ་དང་དོན་འདྲ།
མཁྱེན་པའི་གཏེར། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ཤིག། རྗེའི་སྔགས་རིམ་ཆེན་མོ་ལས།
རྒྱུན་མི་ཆད་དུ་ལྷག་པའི་ལྷར་བསྟེན་ཅིང་། ད་དུང་ཁྱོད་ཀྱི་ཞབས་པད་སྤང་ས་ནས་ནི། ནམ་ཡང་སྐྱབས་
གཞན་མེད་དོ་མཁྱེན་པའི་གཏེར།
བདག་གི་རེ་བ་འབྲས་བུ་མཆིས་པར་མཛོད། ཅེས་གསུང་ས།
མཁྲང་ཐང་། གྱོང་པོའམ་མཁྲེགས་པོ།
མཁྲང་ཐེང་། མཁྲང་ཐང་དང་འདྲ།
མཁྲིག་མ། མཁྲིག་མའི་དོན་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་དང་ད་ག་ཡིག་གསར་བསྒྲིགས་སོགས་སུ། ལག་མགོ་
དང་
ལག་ངར་འབྲེལ་བའི་ཚིགས་མཚམས། ཞེས་གསལ་ཡང་། དེ་ནི་ཁྱབ་ཆུང་པས་སྐྱོན་ཏེ། རྐང་པའི་
མཁྲིག་མ་
ཡང་ཡོད་པ་ནི། མཚོ་ཊིཀ་སྨད་ཆ་དགེ་སློང་མའི་རྣམ་འབྱེད་ཀྱི་ཐད་ཀྱི་མཆན་བུར། སྒྱིད་པ་ལ་
འཁྱུད་པའི་ཕྱག་ནི།
མདུན་དུ་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས། ཕ་རོལ་པོའི་རྐང་པའི་མཁྲིག་མ་
གཉིས་
ལ་ལག་མཐིལ་གཉིས་འཁྱུད་དེ་རྐང་པ་ལ་སྤྱི་བོས་གཏུགས་པའོ། ཞེས་ད་ང་། རྗེའི་འཇམ་དབྱངས་
བསྟོད་སྤྲིན་རྒྱ་མཚོ་ལས། བགས་ཀྱིས་ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས། ཞབས་ཀྱི་མཁྲིག་པ་ལོང་བུའི་
འབུར་གྱིས་དབེན། ཞེས་དང་། གང་དེར་སྒྲ་ལྡན་གདུ་བུས་མཁྲིག་མའི་ཕྱོགས། མཇེས་པའི་ཞབས་གཉིས་
རྡོ་རྗེ་སྐྱིལ་ཀྲུང་མཛད།
ཅེས་གསུངས་པས། ལག་མགོ་དང་ལག་ངར་དང་། རྐང་མགོ་དང་རྗེ་ངར་འབྲེལ་
བའི་ལྷུ་
ཚིགས་ཞེས་སྨྲ་དགོས།
འཁུམ་པ། (4) ཞུམ་པ། (2) རྨོངས་པ།
འཁར་གསིལ་གྱི་མཚོན་དོན། འཁར་གསིལ་གྱི་ཡས་མས་ཀྱི་ལྕགས། བར་གྱི་ཤིང་སྟེ་གསུམ་གྱིས་བསླབ་པ་
གསུམ།
སྟོད་ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། སྨད་ཟུར་བདུན་བྱང་ཆུབ་ཡན་ལག་བདུན། ར་
བཞི་བདེན་པ་བཞི།
ར་རེ་ལ་ཨ་ལོང་གསུམ་གསུམ་གསུང་རབ་ཡན་ལག་བཅུ་གཉིས། ར་ནང་རྩེ་མོའི་
མཆོད་རྟེན་གཉིས་ཀྱིས་ཆོས་སྐུ་གཟུགས་སྐུ རྟིང་པའི་རྒྱ་མདུད་ངན་སོང་གི་སྒོ་འགེགས། བར་གྱི་ལྕགས་
ཀྱུ
ས་ངན་སོང་གནས་ནས་འདྲེན་པ་མཚོན་པར་གསུང་།
{00000094.tif};
འཁུ་བ། ཐ་མི་དད་པ། (4) སྡང་ཞིང་ཁྲོ་བ། གནོད་ཅིང་འཆེ་བ། རྒོལ་བ། ལམ་རིམ་ཆེན་པོ་ལས། བརྡེག་པ་དང་
བསད་ན་ཅི་མ་རུང་སྙམ་པ་འཁུ་བའི་
སེམས་དང་། ཞེས་གསུངས་པ་ལྟ་བུ། (2) འདོད་རྔམ། དཔེར་ན།
བརྣབ་སེམས་བཤད་པའི་སྐབས་ཀྱི་ལམ་རིམ་ཆེན་མོ་ལས། གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་
ཅིག་སྙམ་པ་འཁུ་བའི་སེམས་དང་ལྡན་པ་ད་ང་།
ཞེས་གསུང་ས་པ་ལྟ་བུ།
འཁོན་དཀོན་མཆོག་རྒྱལ་པོ། དཔལ་ས་སྐྱ་པའི་གྲུབ་མཐའི་སྲོད་གཏོད་པ་པོའམ་ཕྱག་འདེབས་པ་པོ་ཨིན་ཞིང་།
རབ་བྱུང་དང་པོའི་ཤིང་ཁྱི་ལོ་ལ་འཁྲུངས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤས། འགོས་ལོ་ཙཱ་བ་ཁུག་པ་ལྷས་
བཙ་ས།
འདི་ལ་རྔེ་འགོས་ཀྱིང་ཟིར ཁ་ཆེའི་པཎྜི་ཏ་ཧང་ངུ་དཀར་པོ། རྨ་ལོ་ཙཱ་བ་རིན་ཆེན་མཆོག། འཇིམ་
པ་ལོ་
ཙཱ་བ་སོགས་མཁས་གྲུབ་བླ་མ་མང་དུ་བསྟེན། ས་དཀར་དབུས་ཀྱི་ལོགས་སུ་དགོན་པ་བཏབ་པས་དེ་
ས་བཟུང་དཔལ་ས་སྐྱ་པ་ཞེས་ཡོངས་སུ་གྲགས་སོ། རབ་བྱུང་གཉིས་པའི་ཆུ་རྟ་ལོར་འདས། འཁྲུང་ས་
འདས་
ལོ་ཚིགས། (1034 1102
འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། སེར་བྱེས་ཨེ་པ་འཁོན་སྟོན་མཁས་པ་ད་པལ་འབྱོར་ལྷུན་གྲུབ་ནི། རྒྱལ་
མཆོག་ལྔ་པ་ཆེན་པོའི་
ཡོང་ས་འཛིན་མཛད། ལྔ་པ་ཆེན་པོས་ཁོང་ལས་རྫོགས་ཆེན་གྱིས་གཙོས་པའི་གསང་
སྔགས་
རྙིང་མའི་ཆོས་འཁོར་སོགས་མང་དུ་གསན། ལྔ་པ་ཆེན་པོའི་རང་རྣམ་ནང་། རྗེ་ཕ་བོང་ཁ་པ་ཞེས་
ཡང་ཡང་གསུང་བ་
ཡང་རྗེ་དེ་ཉིད་ལ་ཞུ་བ་ཡིན། ཁོང་གིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་དང་།
ཕར་ཕྱིན་གྱི་ཊི་ཀ་འཁོན་སྟོན་འགྲེལ་ཊིཀ་ཞེས་པ་ཤིན་ཏུ་ལེགས་པ་ཞིག་ཀྱང་ཡོད། འགྲེལ་ཊིཀ་འདི་བཞིན་ཁོ་
བོའི་རྩ་བའི་བླ་མ་མཆན་བརྗོད་པར་དཀའ་བ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་
ནས་
ཡང་ཡང་ལུང་