www.dharmabook.ru tibetan OCR



པར་བརྗོད་པར་བྱ་ཞེ་ན། རིགས་ལས་དང་ཁ་དོག་ལས་དང་དབྱིབས་ལས་ཏེ།
ཇི་ལྟར་རིགས་ལས་ཤེ་[༡]ན་ཤིང་རྟ་མཁན་དང་གདོལ་པ་དང་གཡུང་པོའི་རིགས་
ལས་གོ།
ཇི་ལྟར་རིགས་དང་དབྱིབས་ལས་ཤེ་[༢]ན་སྐྲ་སེར་ཞེས་བྱ་བ་ལ་སོགས་་
པ་འདིར་སྨོས་ས་སོ།
དུ་མ་མཁན་པོ་ག་ཅིག་པས་གསུམ་མན་ཆད་ཚིག་ག་ཅིག་གིས་
བསྙེན་པར་རྫོགས་པར་བྱར་རུང་ངོ་ཞེས་བྱ་བ་ལ།
དུ་མ་ཞེས་བྱ་བ་ནི་གཉིས་ལ་
སོགས་པའོ།
མཁན་པོ་ག་ཅིག་པ་འདི་ལ་ཡོད་པས་ན་མཁན་པོ་ག་ཅིག་པ་སྟེ་དེ་
ལ་འོ༑
ཚིག་ག་ཅིག་གིས་ཞེས་བྱ་བ་ནི་གསོལ་བ་ག་ཅིག་གིས་ས་སོ། དུ་མ་ཇི་་་་་་་
ཙམ་གྱིས་ཤེས་ཤེ་ན།
འདིར་གསུམ་མན་ཆད་ཅེས་སྨོས་ཏེ་གསུམ་མན་ཆད་་་་
རིགས་པ་ཡིན་གྱི་[༢]གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ།
ལུང་ལས་ཀྱང་།
ཚོགས་ཀྱིས་ཚོགས་ཀྱི་ལས་རྣམས་མི་བྱའོ་ཞེས་གསུངས་པ་[༤]ལ། ཁ་ཅིག་ནི་་
མཁན་པོའི་བྱེ་བྲག་ཁས་བླངས་པའི་གཞུང་འདི་ལ་བྱེད་པ་ཡིན་ན་ནོ།
ཉེ་བ་འཁོར་
གྱིས་ཞུས་པ་ལས་ཀྱང་།
བཙུན་པ་དུས་ག་ཅིག་དང་སྐད་ཅིག་ཉིད་ལ་ལས་བྱེད་པ་
པོ་ག་ཅིག་ཅིག་[༨]གིས་གསོལ་བ་ག་ཅིག་གིས་ལས་གཉིས་བགྱི་བ་དང་བགྱིས་པར་་་་་་་
བརྗོད་པ་དང་།
དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་
སས་མ༑
ཉེ་བ་འཁོར་ཡོད་དེ། དེ་[༦]ལས་བྱེད་པ་པོའི་དགེ་སློང་སྟོབས་དང་ལྡན་
པར་གྱུར་ན་མཁན་པོ་རྣམས་དང་།
བསྙེན་པར་རྫོགས་པར་འདོད་པ་རྣམས་ཀྱི་
མིང་ཡོངས་སུ་བརྗོད་ནུས་ཤིང་གསོལ་བ་ཉམས་པར་མི་འགྱུར་བ་[༧]ལས་ཀྱང་བྱེད་
ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།
འཕགས་པ་ཉེ་བ་འཁོར་དགེ་ཚུལ་སྦྱིན་
བྱེད་དང་སྐྱོང་བྱེད་མཉེས་གཤིན་པ་དང་བཅས་པ་དེ་གཉིས་ཕན་ཚུན་སེམས་རྗེས་
སུ་བསྲུངས་པས་ཅིག་ཅར་བསྙེན་པར་རྫོགས་པར་བྱ་བ་ཡིན་ཏེ།
དེ་བས་ན་སོ་་
སོར་བསྙེན་པར་རྫོགས་པར་མི་བྱའོ།
རྒྱུ་འདིས་མཁན་པོ་ག་ཅིག་གིས་དུ་མ་
89 --63

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*