www.dharmabook.ru tibetan OCR



ལོན་པའི་ཚིག་བྱས་པ་དེ་ལ་གཞུང་ཕྱི་མ་དང་འགལ་བའི་ཕྱིར་ཉམས་པ་ཉིད་དུ་
ཤེས་པ་ཡིན་ཏེ།
གང་གི་ཕྱིར་འདིར་ནང་དུ་ཞག་ལོན་པ་བཟའ་བར་བྱ་བ་ཉིད་
བཀག་པ་ཡིན་ན་ནོ།
སྔ་མ་ལ་ཡང་དུས་ཀྱི་ཕྱིར་ཞེས་བྱ་བ་འདི་དང་སྦྱར་བས་ཀྱང་
ཉམས་པ་ཉིད་དུ་
ཤིས་པར་བྱའོ། གང་གི་ཕྱིར་སྔ་དྲོ་ནས་བརྩམས་ཏེ་ཉི་མ་ཡོལ་
བའི་མཐར་ཐུག་པ་དེ་དང་དེའི་འོག་ཏུ་དུས་གཞན་ཐུན་མཚམས་ཀྱི་མཐར་ཐུག་་་་་
པའི་དུས་འདི་དག་ལ་གང་དུ་ལག་ཉར་བླངས་པ་ལ་སོགས་པ་འདི་བྱས་པའི་དུས་
དེ་ཉིད་དུ་བཟའ་བར་བྱ་བ་ཡིན་གྱི།
དེ་ཚུན་ཆད་དུ་ནི་མ་ཡིན་ཞེས་བྱ་བ་ནི་དུས་
ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ།
ཉིན་མཚན་གྱི་ཆ་ཐ་མ་ལ་ཡང་གནས་པ་ཉིད་ནི་
ཞག་ལོན་པ་ཉིད་ཅེས་བྱ་བར་བརྗོད་ད་དོ།
གལ་ཏེ་དེ་ལྟར་ཡིན་ན་གཞུང་ཕྱི་མ་
ཡོངས་སུ་སྤངས་པས་[༡]དུས་ཀྱི་ཕྱིར་ཞེས་བྱ་བ་འདི་དང་མི་ལྡན་པ་ཡོངས་སུ་སྤངས་
ནས་ཞག་ལོན་པ་ཉིད་སྤངས་ཚིག་ལྷག་མ་མཛད་དོ་ཞེས་འདིར་མཉམ་པར་སྦྱར་
བའོ༑
འདིར་གཞུང་སྔ་མ་བཟུང་བ་ལས་ནང་དུ་བཙོས་པ་རྣམས་ལ་དེ་དག་་་
དགག་པ་མ་བསྡུས་པ་ཉིད་ཡིན་ན་ནོ།
དུས་ཀྱི་ཕྱིར་ཞེས་བྱ་བ་འདི་བསྟན་ཏོ།
ཕྱི་མ་ནི་འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་འདི་དང་རྗེན་པར་སྤངས་པ་ཡང་་
མཛད་པ་ཡིན་ཏེ་དེའི་དོན་ནི་འདི་ཡིན་ན་ནོ།
ལག་ཉར་བླངས་པ་ལ་སོགས་པ་་་་་
རྣམས་བཟའ་བར་བྱའི།
དུས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དུས་ཀྱི་ཕྱིར་་་་་་་
བཟའ་བ་དགག་པར་བྱས་པ་གང་ཡིན་པ་དེ་བཀག་པས་འཚོ་བའི་བར་དུ་བཅང་བ་
དག་བསྡུས་པ་[༢]ཡིན་ན་ནོ།
དེ་རྣམས་ཇི་སྐད་བསྟན་པའི་ཆོ་གས་ལག་ཏུ་བླངས་པ་
ཇི་སྲིད་
འཆོའི་[༢]བར་དུ་་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། ལྷག་པར་གནས་
པ་རྣམས་ལ་ནི་ཚུལ་འདི་ཡིན་ན་ནོ།
ལྷག་པར་མི་གནས་པ་རྣམས་ལ་ནི་དུས་ཀྱི་
ཕྱིར་བསྡུས་པ་ཉིད་ཡིན་ན་ནོ།
འབགས་པ་ནི་ཟས་ཀྱི་ཕྱེད་ཉིད་དོ་ཞེས་བྱ་བ་ལ།
8о-----ཏྲ50

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*