ལ་ཚུལ་བཞིན་སྦྱོར་བས་ན་དད་པ་ལ་སྤྱོད་པ་ཞེས་བྱའོ། དེ་བས་ན་འདོད་
ཆགས་དང་།
སྲེད་པ་དང་། དད་པ་ལ་སྤྱོད་པ་གཅིག་ཏུ་རབ་ཏུ༐སྐྱེས་པ་[༡]
ཡིན་པའི་ཕྱིར་དང་།
འབྱར་བའི་བད་ག་ཉིད་ཅན་ཡིན་པའི་ཕྱིར་གཅིག་པ་ཉིད་
ཅེས་བྱའོ།
དེ་བཞིན་དུ་བྲལ་བའི་བད་ག་ཉིད་ཅན་ནི་ཞེ་སྡང་སྟེ། དེ་ཞེ་སྡང་
བའི་སྒོ་ནས་འབྲལ་བར་འགྱུར་བས་ན་ཞེ་སྡང་ཞེས་བྱའོ།
བདག་ལ་བསྟོད་པའི་
སྒོ༐
ནས་འབྲལ་[༢]བར་བྱེད་པས་ང་རྒྱལ་ཞེས་བྱའོ། དེའི་བདག་ཉིད་ཅན་གྱི་གང་
ཟག་ནི་སྐྱེ་བ་མང་བ་ཡིན།
ཁམས་གསུམ་པོ་དང་བྲལ་[༨]བར་བྱེད་པས་ན་ཤེས་་་་
རབ་ཀྱི་སྒོ་ནས་བློ་ཞེས་བཤད་ད་དོ།
དེ་བས་ན་འདི་དག་ཀྱང་གཅིག་པ་ཉིད་ཡིན་
ན་ནོ༑
དེ་བཞིན་དུ་རྟོག་[༤]པ་མེད་པའི་བདག་ཉིད་ཅན་ནི་གཏི་མུག་སྟེ། དེ་ནི་
རྣམ་པ་ཐམས་ཅད་དུ་རྟོག་པ་མེད་པས་ན་རྨོངས་པ་ཞེས་བྱ་བྱ་བའོ།
ལོག་པར་་
རྟོག་པས་ན་ལྟ་བ་ཞེས་བྱའོ།
དེའི་བདག་ཉིད་ཅན་གྱི་[༦]གང་ཟག་ནི་ཚུལ་བཞིན་
ཡིད་ལ་བྱེད་པས་འཇུག་པ་ཡིན་དུ་ཟིན་ཀྱང་རྣམ་པར་རྟོག་པ་མང་བར་འགྱུར་ཞིང་
མ་ངེས་པའི་བློ་ཅན་ཡིན་ཏེ།
དེ་བས་ན་འདི་དག་ཀྱང་གཅིག་པ་ཉིད་ཡིན་ན་ནོ།
ཡང་ན་འདོད་ཆགས་དང་། སྲེད་པ་དང་། དད་པ་ནི་རྩེ་ཞིང་[༧]ཡོན་ཏན་ཚོལ་
ལ་ཡོངས་སུ་མི་སྤོང་བའི་རང་བཞིན་ཅན་ཡིན་པས་འདོད་པ་ལ་ཆགས་པ་ནི་[༨]སྲེད་
པ་ཞེས་བྱ་ལ།
དགེ་བ་ད་ང་[༩]དགའ་བ་ནི་དད་པ་ཞེས་བྱའོ། འདོད་ཆགས་་་་
དང་སྲིད་པའི་ཡོན་ཏན་ཚོལ་བའི་བདག་ཉིད་ཅན་ནི་འདོད་ཆགས་དང་།
སྲེད་
པ་ཞེས་བྱ་ལ།
དགེ་བ་ཚོལ་བའི་བདག་ཉིད་ཅན་ནི་དད་པ་ཡིན་ན་ནོ། ཕན་པ་
མ་ཡིན་པ་ཡོངས་སུ་མི་འདོར་བའི་མཚན་ཉིད་ནི་འདོད་ཆགས་དང་སྲེད་པ་ཡིན་ལ་
ཕན་པ་ཡོངས་སུ་མི་འདོར་བའི་མཚན་ཉིད་ནི་དད་པ་ཡིན་ཏེ།
དེ་ལྟར་ན་འདི་་
ད་ག་ཀྱང་གཅིག་པ་ཉིད་ཡིན་ན་ནོ།
དེ་ལས་གོ་[༡༠]བཟློག་པའི་སྤྱིའི་མཚན་ཉིད་ཀྱི་
96---617


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*