www.dharmabook.ru tibetan OCR


Lesson Fouurteen353
བཞེས་རོགས་གནང་ཞེས་ཞུས[ སྐད་ཆ་དེ་བཤད་ཚར་རྗེས་ཕོ་གཞོན་དེས་སོར་གདུབ་ཕར་ཕུལ་ནས་བློ་ཐག་ཆོད་པོའི་ངང་ཕྱིར་
ལོག་སོང་ཞིང་། བློན་པོ་རྣམས་ཧོན་ཐོར་ནས་གཡས་གཡོན་དུ་མིག་ཅེ་རེར་བལྟས་ཏེ་བསྡད། སྲས་མོས་གཟབ་གཟབ་བྱས་ཏེ་
ལྟ་སྐ
བས་ཕོ་གཞོན་དེ་ངོ་ཤེས་ཤིང་ཁོང་ནི་ཁོང་ནི་ཁོང་ནི་ང་ཡི་སྲོག་སྐྱོབ་མཁན་དྲིན་ཆེན་ངོ་མ་དེ་རེད་ཅེས་བསྟུད་མར་
བཤད།
རྒྱལ་པོ་ད་ང་བཙུན་མོ་བྲན་འཁོར། བློན་པོ་བཅས་ཚང་མ་ཧང་སང་ས་པ་དང་། དེར་ཡོད་ལྟད་མོ་ལྟ་མཁན་
གྱིས་ཀྱང་
སྐད་ཤུགས་ཆུང་ངུས་གཏམ་གླེང་སྣ་ཚོགས་བྱེད་བཞིན་ཡོད། རྒྱལ་པོས་ཕོ་གཞོན་དེ་འཕྲལ་དུ་ཡར་ཁྲིད་ཤོག་ཅེས་བཀའ་
བསྩལ་བ་དང་
བློན་པོར་བློ་རྡོར་ལ་གསོལ་རས་རྒྱ་དངུལ་རྟ་རྨིག་པ་བརྒྱ་ཐམ་པ་སྤྲོད་ཅེས་བཀའ་གནང་། དེས་ན་ཕོ་གཞོན་བློ་རྡོར་
གྱིས་མི་
མང་པོའི་གྲོད་དུ་སྐད་ཤུགས་ཆེན་པོས་རྒྱལ་པོས་ང་ལ་གསོལ་རས་གནང་བར་22 ཐཁ།ས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ང་ས་
སྲས་མོ་སྐྱོབ་པ་ནི་དངུལ་གྱི་དོན་དུ་མ་ཡིན་པར་རྒྱལ་པོའི་བཀའ་དྲིན་བསམ་ཤེས་དང་མི་དམངས་ཀྱི་དོན་དུ་གནོད་འཚེ་མེད་པ་བཟོ་
རྒྱུའི་
ཆེད་དུ་ཡིན་ཞེས་ཞུས་ནས་སླར་ཡང་ཕྱིར་ལོག་སོང་།
མཛེས་ལྡེན་སྲས་མོས་གློ་བུར་དུ་ཕོ་གཞོན་དེར་འཁྱུད་དེ་གུས་མོ་སྐྱོབ་མཁན་ཕོ་གཞོན་ཟཐུ་ཡིན་ལ་མ་ལྟོས་པ་ར་23 དེ་མག་
ར་བཞེས་རྒྱུའི་ཡབ་ཀྱི་བཀའ་ཡོད། ཁྱེད་ཕྱིར་ལོག་སོང་ན་ག་ནས་འགྲིག་ཅེས་ངུ་བཞིན་པར་བཤད། དེས་ན་བློན་པོ་འཁོར་
དང་བཅས་པ་དགའ་
སྤྲོ་ར་བ་ཏུ་འཕེལ་ཞིང་། ཕྱག་མཛོད་ཆེ་མོ་ནི་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱར། སྲས་མོས་དེ་བས་
སེམས་འགུལ་
ཐེབས་པའི་ང་ང་གཞོན་པར་ཡིད་སྨོན་དང་བརྩེ་གདུང་གི་སེམས་པ་འཆང་བཞིན་པར་གུས་མོས་ཁྱེད་ཀྱི་དཔའ་ང་ར་དང་།
ལྷག་བསམ་ཟོལ་མེད་དེར་དགའ་ཞེ་ན་ཞུ་བཞིན་ཡོད། ཁྱེད་ཀྱིས་གུས་མོའི་གཡོ་ལྷད་མེད་པའི་བསམ་པར་ཡིད་ཆེས་གནང་རྒྱུའི་རེ་
བ་ཡོད།
ཁྱེད་ཀྱི་རྣམ་པ་ཇི་ལྟར་ངན་པ་དང་ཁྱིམ་གཞི་ཇི་ལྟར་ཉམ་ཐག་ཡིན་རུང་གུས་མོ་བདག་ནི་ཁྱེད་དང་མཉམ་དུ་འགྲོ་བར་
འདོད་ཅེས་པའི་སྙིང་གཏམ་ཤོད་བཞིན་པར་ལག་གཉིས་པོས་ཕོ་གཞོན་གྱི་གདོང་ལ་བྱི་ལ་བྱིལ་ཡང་ཡང་བྱས[ སྲས་མོའི་ཕྱག་གིས་
བྱིལ་བུ
ིལ་བྱེད་སྐབས་ཕྱག་གང་དུ་རེག་སར་རྨ་ཁ་རྣམས་གསོས་ཏེ་ཕོ་གཞོན་གྱི་གདོང་པ་སྔར་ལྟར་འདྲ་ཆགས་པོར་གྱུར།
རྒྱལ་པོ་སྤྲོ་བ་རབ་ཏུ་འཕེལ་ནས་ཁོང་སྐུ་ངོ་མས་གཞོན་པ་དེ་ཁྲི་ཐོག་ཏུ་གདན་དྲངས་ནས་རང་ཉིད་དང་བཙུན་མོའི་དབུས་
ཟུ་བཞག། རྒྱལ་པོས་ཡར་བཞེང་ས་ནས་ཁོང་གྲོ་ཆེན་པོས་ཕྱག་གི་འཁར་བ་ཡར་བཏེགས་ནས་དྲག་དམག་ལ་གཡོ་སྒ་ཆེ་བའི་ཕྱག་
མཛོད་ཆེ་མོ་མར་ཁྲིད་དེ་མག་པའི་གྱོན་ཆས་རྣམས་འབུད་དགོས་པ་དང་གསོལ་རས་སྤྲད་པ་ནམས་ཚུར་བླང་ས་ནས་ཚང་མ་ཕོ་
ཞོན་དེར་སྤྲོད་དགོས་པའི་བཀའ་ཕབ། རྒྱལ་པོ་དང་བཙན་མོ་རྣམ་གཉིས་སྐུ་ངོ་མས་ཕོ་གཞོན་དང་སྲས་མོ་གཉིས་ཀྱི་གཉིན་སྒྲིག་
བག་སྟོན་གྱི་གཙོགཉིར་གནང་བ་དང་། གཉིན་སྒྲིག་བག་སྟོན་མཇུག་བསྒྲིལ་རྗེས་ཕོ་གཞོན་དེས་སྐུ་སྲུང་ཁྲིད་ནས་བྱམས་བརྩེ་ལྡན་
པའི་ཨ་མ་ཚེ་སྐྱིད་བསུ་བར་ཡོང་། དེ་ནས་བཟུང་སྲས་མོ་དང་ལྷན་དུ་བདེ་སྐྱིད་ཕུན་ཟཐུམ་ཚོགས་པའི་འཚོ་བ་བསྐྱལ་ནས་སྡོད་རྒྱུ་
བྱུང་བ་རེད[ ]


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*