www.dharmabook.ru tibetan OCR


308 Lesson Fifteen
ཕ་ཡུལ་ནས་ཐོན་ཏེ་དུས་ཡུན་ཟླ་བ་དྲུག་ཙམ་གྱི་རིང་ལ་དགོན་སྡེ་དང་གནས་ཆེན་བཞི་བཅུ་ཙམ་བསྐོར་ཟིན་པ་དང་། ད་ནི་ལྷ་མོ་
ཁྱེད་ཀྱི་སྐུ་གམ་དུ་ལྷགས[ སང་ཉིན་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔ་ལ་ཇོ་བོའི་ཞལ་རས་མཇལ་རྒྱུའི་དུས་ཟཐུ་སླེབས་པ།ལྷེ་
མོ་ཁྭ
ད་ཀྱིས་ང་གཉིས་ཕ་བུ་གཉིས་ལ་དེའི་བར་དུ་བར་ཆད་མི་ཡོང་བའི་སྐྱབས་འཇུག་ཅི་ནས་ཀྱང་ཡོད་པ་ཞུ་ཞེས་སྨོན་ལམ་བཏབ་
རྗེས[
ལྷ་ཁང་གི་ཕྱི་རོལ་དུ་ཐོན། དེ་མ་ཐག་ཏུ་འབྲུཁ།་སྐད་ལྡིར་ལྡིར་དུ་སྒྲོག་ཅིང་ནམ་མཁའ་ནས་གློག་འཁྱུགས[ རྒད་པོ་ཕུན་
ཚོགས་ཀྱིས་
གནམ་ལ་བལྟས་པས་སྤྲིན་ནག་ལང་ལོང་དུ་གཡོ་བཞིན་པ་མཐོང་ནས་འཕྲལ་དུ་དྲག་ཆར་ཞིག་འབབ་རྒྱུར་ངེས་3 སོ་
བསམས་
ཏེ་ཉི་འགྲམ་དུ་མི་ཚང་ཞིག་ཡོད་པ་དེའི་སྒོའི་འོག་ཏུ་འཛུལ་ནས་བསྡད། ཕ་རྒན་ཕུན་ཚོགས་ཀྱིས་ལག་པ་གཡས་པས་
ཕྲེང་
བ་གཏོང་བཞིན་དུ་ཁ་ནས་མ་ཎི་འདོན། མ་ཎི་ཕྲེང་སྐོར་གཅིག་མ་འཁོར་གོང་ནས་4 དྲག་ཆར་ཆེན་པོ་ཞིག་བབས་པས་
མགྱོགས་
མྱུར་བུ་ཆུང་དེ་པང་དུ་ཉར་ནས་ཕྱི་སྒོའི་ཐོག་5 འོག་ཏུ་མ་ཎི་འདོན་བཞིན་དུ་ཆར་དྲག་འདི་གང་མགྱོགས་ཆད་ན་ཅི་མ་རུང་6
སྙམ་པའི་སྐབས་ཟུ་མི་ཚང་དེའི་ཁྱིམ་འཛིན་མ་སྟེ།7 ན་ཚོད་དར་ལ་བབས་པའི་8 བུད་མེད་ཅིག་གིས་རང་གི་ཕྱི་སྒོའི་ཐོག་འོག་ཏུ་
ཕྱི་མི་ཡོད་པ་ཤེས་ནས་ལྟ་བར་ཡོང་དུས་བཀྲེས་སྐོམ་དང་ངལ་དུབ་ཀྱིས་མནར་བས་མདོག་སྐྱོ་9 ལ་ཤ་རིད་པའི་རྒད་པོ་ཞིག་གིས་པང་
དུ་
བུ་ཆུང་ངུ་ཞིག་ཉར་ནས་ཕ་བུ་གཉིས་གཅིག་གིས་གཅིག་ལ་འཐམས་ནས་བསྡད་ཡོད་པ་མཐོང་།
དེ་ནས་ཁྱིམ་འཛིན་མ་དེས་ཁོ་གཉིས་གང་ནས་ཡོང་བ་དང་། གང་དུ་འགྲོ་བ། དོན་ཅི་བསྒྲབ་ཕྱིར་ཡོང་བ་སོགས་ཞིབ་ཕྲ་
དྲི
ས་པ་ལ་ཕ་རྒན་ཕུན་ཚོགས་ཀྱིས་ལན་ཇི་མ་ཇི་བཞིན་ 10 དྲང་པོར་སྨྲས་པས་གནས་ལུགས་རྣམས་རྟོགས་ཤིང་། ཁོ་གཉིས་ལ་
མགོ་ནས་མཇུག་བར་ཞིབ་པར་ལྟ་དུས་ཕ་རྒན་གྱི་ཕྱུ་པ་ནི་ལྷན་པས་ཁེང་ས་ཤིང་རྐང་པའི་པུས་མོ་གཉིས་དོར་མའི་ཕྱི་ལ་ཕྱུང་། ལྷམ་
མཐིལ་
ཟད་ནས་རྐང་མཐིལ་ས་ལ་རེག། བུ་དེ་ནི་རྐང་ལྷམ་གྱོན་རྒྱུ་ལྟ་ཅི། ཐ་ན་དོར་མའང་མེད་པར་རས་གོས་ཐུང་ཐུང་ཟད་
ཧྲུ
ལ་ཞིག་གོན། སྐྲ་ལོ་ནི་འཕྱིང་ས་ནས་རལ་པར་གྱུར། གདོང་ལ་སོལ་བ་བསྐུས་པ་ལྟར་གྱི་དྲེག་པ་ཆགས་བཞིན་འདུག
་བ
དོག་དངོས་ཀྱི་ཆ་ནས་མཚོན་ན་ ll ཕ་རྒན་གྱི་ཨམ་ཕྲག་ཏུ་ཕོར་པ་ཁ་ཆག་གཅིག་དང་། ཕྱུ་པའི་གོང་བར་ལྕགས་ཁབ་གཉིས་
དང་།
ལག་པར་འཁར་བ་དང་ཁྱི་སྲུང་གཅིག་ལྕོགས་ 12 ཀྱི་དབྱུག་པ་ཞིག་ལས་ཅི་ཡང་མེད་པ་མཐོང་། ཚུལ་དེ་མཐོང་བས་ཁྱིམ་
འཛིན་མའི་སེམས་ལ་སྙིང་རྗེ་དབང་མེད་དུ་སྐྱེས་པ་དང་། ཁོང་གི་བསམ་པར་འདི་ནས་ལྷ་སར་ཕྱིན་ཏེ་ཇོ་བོའི་ཞལ་མཇལ་ཞུ་བར་
ཞོགས་ལས་གཅིག་གི་དུས་ཚོད་ལས་མི་འགོར་ཡང་། ང་ནི་ད་བར་མཆོད་མཇལ་ཐེངས་གཉིས་ལས་ཞུ་མ་མྱོང་། ཕ་བུ་འདི་
གཉིས་ནི་
ཇོ་བོའི་ཞལ་མཇལ་ཐཱེངས་གཅིག་འཐོབ་ཕྱིར་ཟླ་བ་དྲུག་ཙམ་གྱི་རིང་དཀའ་བ་སྤྱད་ནས་ཡོང་བའི་སྙིང་རུས་དེ་ལྟ་བུ་བསྐྱེད་
པའི་རྒྱུ་
ནི་དམ་པའི་ཆོས་ཁོ་ན་ཡིན་པས[ གནས་སྐོར་བ་ཕ་བ་ཕ་བུ་འདི་གཉིས་ལ་བྱིན་པ་བཏང་ན་རང་ཉིད་ཕྱིན་པ་དང་ཁྱད་པར་མ་
མཆིས་
བསམས་ནས་ཕ་བུ་གཉིས་རང་ཁྱིམ་དུ་ཡར་ཤོག་13 ྀ་ཅེས་བརྗོད་ནས་ཇ་དང་། རྩམ་པ། ཐུཁ་པ་སོགས་ཚིམས་པར་
14 བིུན།
དེའི་ཚེ་ཉི་མ་བཞུད་ཟིན་པས་ན་ཁོ་གཉིས་ལ་དོ་ནུབ་འདིར་ཉོལ་ཅིག་ 15 ཅེས་སྨྲས་ཏེ་གཟན་ཁང་དུ་ཁྲིད་ཐོག་ཉལ་གཟན་
རྙིང་པ་
ཞིག་ཀྱང་གཡར་པོ་བཏང་། དེའི་དགོང་མོ་ཕ་བུ་གཉིས་ཁ་ངོམ་། གྲོད་པ་རྒྱགསགཟན་པ་གདན་དུ་བཏིང་ནས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*