[78 Iesson Seven
Please give this l etter to Dorje.
7.14. Readi ng exercises
7.14.lReading number one" A gu dönba and a Rich Man"
7. I4.1. ITibetan text
ཨ་ཁུ་སྟོན་པ་དང་མི་ཕྱུག་པོ།
ཨ་ཁུ་སྟོན་པའི་ཁྱིམ་གྱི་རྩམ་པ་རྫོགས་རྐྱེན་ཁོས་ཡུལ་དེར་དུད་ཚང་ཕྱུག་པོ་ཞིག་ཡོད་པ་དེའི་སར་རྩམ་པ་གཡར་དུ་སོང་། འོན་
ཀྱང་ཕྱུག་པོ་
དེ་སེར་སྣ་ཆེན་པོ་ཡིན་ ་ཙང་དེས་ཨ་ཁུར་རྩམ་པ་སྦར་མོ་གང་ཙམ་ཡང་གཡར་པོ་མ་བྱ་ དེ་ནས་ཉིན་ཤས་སོང་རྗེས་
ཨ་ཁུས་སླར་ཡང་ཕྱུག་པོ་དེའི་ཁྱིམ་དུ་ཕྱིན་ནས་སླ་ང་ཆེན་པོ་ཞིག་གཡར་བ་དང་སྦྲགས་དེང་སང་ལྷ་སར་རྩམ་པ་གོང་ཆེན་པོ་ཡོད་ཙང་
ང་
སང་ཉིན་རྩམ་པ་བཙོང་བར་འགྲོ་རྩིས་ཡོད་ཅེས་བཤད། སྐད་ཆ་དེ་ཕྱུག་པོས་ཐོས་མ་ཐག་ཞུམ་བུས་ཙི་ཙི་མཐོང་བ་ལྟར་དགའ་
སྣང་ཚད་མེད་བྱུང་སྟེ་ད་ནི་ཁེ་བཟང་ཆེན་པོ་ཞིག་ཐོབ་པ་བྱེད་དགོས་བསམས་ཏེ་ཁོས་ཨ་ཁུར་ལྷ་སའི་གྲོམ་རའི་ཟོག་གོང་དང་།
བྲིན་ཚོང་གི་སྐོར་སོགས་ཞིབ་པར་དྲིས་རྗེས་ཁོ་དགའ་ཐག་ཆོད་ནས་བྱས་ན་ས་ང་ཉིན་ང་ཡང་ཁྱོད་མཉམ་དུ་ལྷ་སར་རྩམ་པ་བཙོང་བར་
འགྲོ་ཡི་
ཡིན་ཞེས་བཤད། ཕྱི་ཉིན་ཕྱུག་པོ་དེ་ས་ཞོགས་པ་སྔ་པོ་ནས་ལངས་ཏེ་ཁལ་གཡག་ལ་རྩམ་པ་ཁལ་རྒྱབ་གཅིག་བཀལ་ནས་ལྷ་
སར་ཐོན་
རྒྱུའི་གྲ་སྒྲིག་བྱས་ཚར་ནས་ཨ་བུ་བསྒུགས་ན་ ས་བསྡད། ཨ་ཁུ་སྟོན་པས་རྩམ་སྐྱེ་སྟོང་པ་གཉིས་ཀྱི་ན་ ང་གཟན་རྩ་བརྒྱངས་ཏེ་
རྩམ་པ་
ཡིན་ཁུལ་གྱིས་བོང་བུར་བཀལ་ནས་དེ་གར་སླེབས་རྗེས་ཁོང་གཉིས་མཉམ་དུ་ལྷ་སར་ཐོན་ དེ་ཉིན་ཨ་ཁུ་སྟོན་པ་དང་ཕྱུག་
པོ་ཁོང་གཉིས་ཉིན་གང་བསྐྱོད་ནས་དགོན་ཧྲུལ་ཆུང་ཆུང་ཞིག་གི་འགྲམ་དུ་སླེབས་པས་ཁོང་གཉིས་དོ་ནུབ་དགོན་པ་དེའི་ནང་ཞག་སྡོད་
བྱ་
རྒྱུར་ཁ་འཆམ། ཉིན་གང་བསྐྱོད་པའི་ངལ་དུབ་ཀྱིས་ཕྱུག་པོ་ནི་ཉལ་མ་ཐག་གཉིད་ལ་ཤོར་ནས་ཤི་བ་ལྟར་དུ་གྱུར་། ནམ་
ཕྱེད་ཙམ་ལ་
ཨ་ཁུ་སྟོན་པས་ཁ་ཁར་ཡར་ལངས་ཏེ་རང་གི་རྩམ་སྒེའི་ནང་གི་གཟན་རྩ་ནམས་བོང་བུར་སྟེར་བ་དང་ཕྱུག་པའི་རྩམ་པ་
ལ་རྒྱབ་གཅིག་པོ་དེ་རང་གི་སྐྱེ་མོའི་ནང་དུ་བརྒྱ་ང་ དེ་ནས་ཨ་ཁུས་ཕྱུག་པོ་དེའི་རྩམ་སྐྱེ་སྟོང་པ་དེ་ལྷ་སྐུའི་ལག་ཏུ་བཞག་པ་དང་
ཡང་རྩམ་པ་སྦར་མོ་གང་ཁྱེར་ནས་ལྷ་སྐུ་དེའི་ཁ་ལ་བྱུགས་རྗེས་གཞི་ནས་སྔར་བཞིན་གཉིད་ཉལ་། ནམ་ལངས་རྗེས་ཕྱུག་པོ་དེས་རང་
ཉིད་ཀྱི་རྩམ་པ་དོ་པོ་བསྡད་མེད་པ་མཐོང་འཕྲལ་ཨ་བུ་བོས་ཏེ་གཉིད་ལས་སད། ཁོང་གཉིས་པོས་རྩམ་སྒེ་སྟོང་པ་ལྷ་སྐུའི་ལག་ཏུ་
ཡོད་པ་མཐོང་།
ཨ་ཁུ་སྟོན་པས་འཇིག་རྟེན་མི་ནམས་ཀྱིས་དུས་ཡུན་རིང་པོ་ལྷ་མ་གསོལ་བར་བརྟེན་ ་ལྷ་ཕལ་ཆེར་ལྟོགས་ནས་
ཐབས་ཤས་མ་བྱུང་སྟབས་ཁྱེད་ཀྱི་ཙམ་པ་འགམས་པ་རེད་ཅེས་བཤད། ཕྱུག་པོ་དེ་ས་ལྷ་འདིས་ངའི་རྩམ་པ་ཁོ་ན་བཟས་པ་ལས་
ཁྱོད་ཀྱི་
རྩམ་པ་དེ་མི་ཟ་བ་གང་ཡིན་ནམ་ཞེས་དྲིས་པར། ཨ་ཁུས་ལྷ་ཁྱེད་ལ་མཉིས་པོ་ཡོད་པས་རེད་ཅེས་ལན་བཏབ། དེས་ན་
ཕྱུག་པོ་དེས་དེས་དབུ
གས་རིང་གཏོང་བཞིན་པར་ང་ལྷ་སར་འགྲོ་ཡི་མིན་ ཁྱེད་རང་གཅིག་པུར་རྦུགས་ཤིག་ཅེས་བཤད། ཨ་ཁུ་སྟོན་
པས་
ང་གཅིག་པུར་འགྲོ་གི་མིན་ཅེས་བཤད་ནས་ཁོང་གཉིས་མཉམ་དུ་སླར་ཡང་ཁྱིམ་ལ་པིར་ལོག་སོང་།
--------------------------------------------------------------------------------------------------------------- ------------------------ ------------------ --------------- ---------------------------------------------------------------------------------------------------------------------------------ཨཽ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*