Lesson Fifteen 3 9
ཉལ་གཟན་ཞིག་ཀྱང་གོན་རྒྱུ་ཡོད་པས་བུ་ཆུང་དེ་ནི་ཉལ་བ་ཙམ་ནས་16 གཉིད་ལ་ཤོར། འོན་ཀྱང་ཕ་གན་ཕུན་ཚོགས་ནི་རང་གི་
ཚེ་གཅིག་གི་འདུན་པ་སྟེ་17 ཇོ་བོ་ཤཀྱ་མུ་ནིའི་ཞལ་མཇལ་རྒྱུའིཉིན་མོ་དེ་ནི་ཁ་འགྲམ་དུ་བཅར་བའི་དགའ་ཚོར་གྱིས་གཉིད་ནི་ག་ལ་
ཁུག།
རིམ་བཞིན་རང་གི་བཟའ་ཟླའི་གདོང་ཡང་མིག་གི་མདུན་དུ་ཁྲ་ལྷེམ་ལྷེམ་དུ་འཁོར་ནས་འདི་སྙམ་དུ་བསམས་18
ངའི་ཟླ་བོ་འཛོམས་པ་ནི་ལོ་བཙུ་དྲུག་ནས་ང་ད་ང་འགྲོགས་ཤིང་། ལོ་བཞི་བཙུ་ཙམ་གྱི་རིང་ལ་ཐོག་མཐའ་བར་གསུམ་
དུ་
བདག་ལ་གཡོ་མེད་དུ་བརྩེ་བ་དང་། ང་འི་སྙིང་གི་གཅོང་ནད་དེ་ཡང་ཡང་ལང་ས་བའི་སྐབས་སུ་འཛོམས་པ་ནི་མིག་གཉིས་མཆི་
མས་བེ
ངས་བཞིན་དུ་ང་འི་ཁ་ལ་ལྟོ་ཆས་ཐར་མ་རེ་རེ་བཞིན་དུ་བླུགས་པ་དང་ནད་གཡོག་གང་དགོས་བྱེད་ཅིང་། ཐ་ན་འཛོམས་པ་
ང་ཉིད་ན་ནིང་ནད་ཀྱིས་མནར་ནས་འདི་ཕྱི་གཉིས་ཀྱི་མཚམས་སུ་སླེབས་ནའང་ད་དུང་ངའི་ལག་པ་ནས་བཟུང་སྟེ་ང་ནི་གསོན་རེ་
བྲལ་
19 སོང་ཨ་ཕོ་ཕུན་ཚོགས[ ཁྱོད་ཀྱི་སྙིང་ལ་གཅོང་ནད་ཡོད་པས་གཟབ་གཟབ་གྱིས་ཨང་20 ཞེས་རང་གི་ན་ཟུག་ལས་ཀྱང་ང་
ལ་
དོ་འཁུར་ཆེ་བ་བྱེད་པ་དང་། འཛོམས་པའི་མི་ཚེ་ཧིལ་པོར་རང་སྒེར་གྱི་འདོད་རེ་གང་ཡང་འདོན་མ་མྱོང་རུང་འཆི་ཁར་བུའི་
འགྲམ་
པར་བྱིལ་བྱིལ་བྱས་ནས་ཁ་ཆེམས་སུ་ང་གཉིས་ཀྱི་བུ་གཅིག་པུ་དཔལ་ལྡན་འདི་ཁྲིད་ནས་ལྷ་སའི་ཇོ་བོ་ཐེང་ས་གཅིག་མཇལ་བ་
བྱེད་
21 རོགས་ཟེར་བཞིན་དུ་རང་གི་སྤྱི་གཙུག་ནས་གཙུག་གཡུ་གཅིག་རང་ཡོད་པ་དེ་བཀྲོལ་ནས་ང་འི་ལག་ཏུ་བླུགས་ཤིང་། མིག་
ནས་མཆི་མ་
དོག་ཁ་ཤས་ཤིག་བཏང་སྟེ་ཨ་ཕོ་ཕུན་ཚོགས་ཁྱོད་ཀྱིས་འདི་ཇོ་བོའི་སྐུ་མདུན་དུ་ཕུལ་ནས་ང་གཉིས་ཀྱི་བུ་དཔལ་ལྡན་སྐྱིད་
པོ་ཡོང་བའི་
སྨོན་ལམ་རྒྱག་རོགས་ཞེས་ཟེར་ནས་གྲོངས[ ད་ནི་སང་ཉིན་ཇོ་བོ་མཇལ་ཐུབ་ལ་རང་གི་བཟའ་ཟླ་འདས་པོ་འཛོམས་
པའི་
བསམ་འདུན་ཡང་འགྲུབ་ཐུབ་ངེས་རེད་བསམས་ཏེ་དགའ་ཚོར་ཆེན་པོ་སྐྱེ་ ཡུད་ཙམ་ཞིག་ནས་གློ་བུར་དུ་ཕུན་ཚོགས་ཀྱི་སྙིང་ཁ་འཕར་ཤུགས་ཇེ་ཆེར་22 སོང་ཞིང་
ཐིགས་པ་ཟགས
ཐིགས་པ་ཟགས[ དབུགས་ཀྱང་གཏོང་འཐཱེན་དཀའ་བའི་གནས་ཟཐུ་གྱར་བས་ཨུ་ཧུ་ལགསབསོད་ནམས་མེད་པའི་མི་ངའི་
སྙིང་གི་གཅོང་ནད་དེ་ཡང་ལངས་ཡོང་གི་འདུག། ད་ཅི་དྲག་བསམས་ནས་དངངས་འཚབ་ཆེན་པོ་སྐྱེ་བའི་སྐབས་དེར། གནས་
མོས་
མདང་ནུབ་ཀྱི་ཐུག་ལྷག་དེ་ཐབ་ལ་བཀབ[ ཇ་སྲུབ་མ་ཁོག་ལྡིར་གང་བཟོས་ནས་གཟན་ཁང་དུ་གནས་སྐོར་བ་གཉིས་འབོད་
པར་ཡོང་དུས་ཕུན་ཚོགས་ནི་ནད་མནར་གྱིས་དབུགས་ལྷེམ་ལྷེམ་དུ་བསྡད་ཡོད་པ་མཐོང་།གནས་མོས་འཕྲལ་དུ་མེ་ཁོག་གཅིག་
ཁྱེར་ནས་
ཕུན་ཚོགས་ཀྱི་མདུན་དུ་རྩམ་གསུར་བདུག་པ་དང་། མགྱོགས་མྱུར་ཐག་ལྷག་ཚ་པོ་གང་23 སྟེར་བས་རིམ་བཞིན་ཕུན་
ཚོགས་དྲན་པ་གསོས་པ་མ་ཟད། སྙིང་གི་འཕར་ཚད་ཀྱང་འཇག་། དེ་ནས་གནས་མོས་བུ་དཔལ་ལྡན་གཉིད་ལས་སད་དེ་ཁོ་
གཉིས་ལ་
ཇ་དང་སྲཁ།་རྒྱགས་ཚད་སྟེར་བས་ཨ་ཕ་ཕུན་ཚོགས་ནི་ནུས་པ་དང་ལྡན་པའི་སྨན་བཟས་པ་བཞིན་དུ་དྲག་སྐྱེད་བྱུང་བ་མཐོང་
ནས་གནས་མོས་
གལ་ཏེ་ཨ་ཕོ་རང་གཟུགས་པོ་ཨའུ་ཙམ་འདུག་ན། དེ་རིང་ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ལ་ཇོ་བོ་མཇལ་ཚེ་
དཔག་ཏུ་མེད་པའི་བསོད་ནམས་གསོག་
ཐབ། ད་ལྟ་བྱ་སྐད་གཉིས་པ་རྒྱག་རྒྱུ་རྒྱུ་རེད། ཁྱོད་གཉིས་ཐོན་ན་ཉི་མ་ཤར་མཚམས་ཟུ་
ཇོ་བོ་མཇལ་ཐབ་ཅེས་ལབ་པས་ཨ་ཕ་ཕུན་ཚོགས་ཀྱིས་་གནས་མོ་ཐུགས་རྗེ་ཆེ། ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བར་ཤོག།
ང་ས་ཇོ་བོའི་སྐུ་མདུན་དུ་སྨོན་ལམ་བརྒྱབ་ཆོག། ཁྱེད་སྐུ་ཚེ་རིང་ཞེས་བརྗོད་ནས་བུ་དཔལ་ལྡན་ཁྲིད་དེ་ལམ་ལ་ཞུགས་སོ[
---------------------------------------------------------------------------------------------------------------------------------------------------------------------------------------


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*