www.dharmabook.ru tibetan OCR



བ་ནི་བཅུ་དྲུག་པ་དང་ཨོཾ་[༡]དུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། དབྱངས་ཡིག་
གསུམ་པ་དང་ལྡན་པའི། ཡི་གེ་བཅུ་བདུན་པ་རུ་འདོད། ཅེས་བྱ་བ་ལ་སོགས་
པ་ནི་གོ་སླའོ། མཁའ་འགྲོ་མའི་སྙིང་འཇོམས་པ་ཡིན། ཞེས་བྱ་བ་ནི་སྔགས་
འདི་བརྗོད་པ་ཙམ་གྱིས་འཇིགས་པ་རྣམས་ཀྱང་འཇིགས་པར་བྱེད་པའི་རྣལ་འབྱོར་
མ་ཐམས་ཅད་ཀྱང་རྣམ་པར་སྐྲག་པར་འགྱུར་རོ་ཞེས་སློབ་དཔོན་བཞེད་དོ། སྐལ་
ལྡན་གྲགས་པ་ནི་སྙིསྙིང་འཇོམས་པ་ནི་སྙིང་འདྲེན་ཞིང་མཆོག་ཏུ་དབང་བྱེད་པར་སྒྲུབ་
པ་ཡིན་ནོ་ཞེས་འདོད་དོ། ཨོཾ་ནས་ཧཱུཾཾ་ཧཱུཾ་ཕཊ་ཀྱི་བར་ནི་གོ་སླའོ། ལེའུ་བདུན་
པའི་བཤད་པའོ།
དེ་ནས་རང་གི་བདག་ཉིད་ཀྱི། ཞེས་པ་ནས། འཁོར་ལོ་བདེ་མཆོག་ཅེས་
བྱ་བའི་བར་ནི་དཔལ་ཧེ་རུ་ཀའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་སྔགས་ནི་འཁོར་
ལོ་གསུམ་ཆར་དུ་རྣམ་པར་གནས་ཏེ་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་
ཞེས་ཀོངྐ་ནའི་ཞལ་སྔ་ནས་བཞེད་དོ། སྐལ་ལྡན་གྲགས་པ་ནི་བདག་ཉིད་དཔའ་བོ་
ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མའི་དྲ་བ་ཡིན་ཏེ། བདེ་བ་ཞེས་
བྱ་བ་བདེ་བ་མཆོག་སྟེ་དམ་པ། དེ་འཛིན་པར་བྱེད་པས་སྔགས་འདི་ལ་བྱའོ་ཞེས་
འདོད་དོ། སྭྰ་ཧཱ་ཞེས་བྱ་བ་ལ་སོགས་པ་ལུགས་ལས་བཟློག་པའི་ཚུལ་གྱིས་[༢]ཡི་གེ་
ཉི་ཤུ་རྩ་གཉིས་པའི་སྔགས་གསུངས་པ་ཡིན་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་རྐོྃ་ཧཱུྃ་[༤]ྃཧཱུྃ་
ཕཊ༑ ཌཱ་ཀི་ནཱི་ཛཱ་ལ་མྃ་བ་རཾ་སྭཱ་ཧཱ། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་སྙིང་
པོའི་སྔགས་ནི་ཕཊ་ཧཱུྃ༐་ཧཱུྃ་ཧྲྃ་ཧྭྃ་[༥]ཨོཾ ཨོཾ་ཧུྃ་ཧྭྃ་[༦]ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་ཡིན་པར་ཁོང་
དུ་ཆུད་པར་བྱའོ། ཡི་གི་བོྃ་དང་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་འདི་
ཡིན་ཏེ། བོྃ་གྱི་ཐོག་མར་ཡི་གེ་ཨོཾ་སྦྱ་ར་བར་བྱའོ། ཨོཾཾ་གྱི་[༧]དང་པོར་ཧཾྃ་སྦྱར་བར་
9

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*