www.dharmabook.ru tibetan OCR



སྤུན་ནི་དཔའ་བོའོ། ཕ་ནི་དཔལ་ཧེ་རུ་ཀའོ། བདག་པོ་ཉིད་དུ་སྐད་ཅིག་
མཐོང་། ཞེས་པ་བདག་ཉིད་དུ་སྐད་ཅིག་གིས་ས་སོ། ལྕེ་སྦོམ་ཞེས་བྱ་བ་མཚ་ན་
ཉིད་དང་ལྡན་པའོ། དངོས་གྲུབ་ཀྱི་ཐུན་མོང་དུ་ཞེས་པ་ནི་[༡]ཐུན་མོང་དུ་འགྱུར་ར་རོ་
ཞེས་པའི་དོན་ཏོ། དྲན་པ་དང་ནི་ཡང་དག་ལྡན། ཕོ་ཉ་མོ་སོགས་གནས་དང་
བཅས། ཞེས་པ་རྒྱུན་མི་འཆད་པར་རྣལ་འབྱོར་ལ་བསླབས་ནས་ཕོ་ཉ་མོ་དང་ཡང་
དག་པར་ལྡན་པར་ར་རོ། ོསོགས་པའི་སྒྲས་བསྲུང་བར་བྱ་བ་དང་བཟ་འ་བར་བྱ་བའི་
དམ་ཚིག་ལ་གནས་པའི་སྔགས་པ་དེ་ལ་མཁའ་འགྲོ་མའི་གཙོ་མོ་ཉི་ཤུ་རྩ་བཞིས་སྤྱོད་
པ་དང་གྲོལ་བའི་འབྲས་བུ་སྟེར་བར་འགྱུར་རོ། སྤྱོད་པ་ཞེས་བྱ་བ་ནི་མཆོག་ཏུ་
མངོན་པར་མཐོ་བ་སྟེ། འཁོར་ལོས་སྒྱུར་བའི་གོ་འཕང་ཆེན་པོའོ། དེ་བས་ན་
གཅེས་སྤྲས་བྱེད་པ་དང་། སྟན་དང་། བཞོན་པ་དང་། མཇོད་ད་དང་། རྟོག་
ཆེན་ལ་སོགས་པ་དང་རྟག་ཏུ་རབ་ཏུ་ལྡན་ཞིང་ཡོན་ཏན་དམ་པ་ལ་གནས་པའི་རྒྱལ་
པོ་དང་རྣལ་འབྱོར་པ་ཡང་ཆ་མཐུན་པར་བཤད་ཀྱི། ཉན་ཐོས་ལ་སོགས་པ་གཞན་
དག་ལྟར་མྱ་ངན་ལས་འདས་པ་ཙ་མ་དོན་དུ་གཉེར་བ་ནི་མ་ཡིན་ནོ་ཞེས་བྱ་བར་
དགོངས་སོ། ་གྲོལ་བ་ནི་དངོས་པོའི་འཆིང་བ་ལས་ཐར་བ་ལ་བྱའི། ཐམས་ཅད་
རྒྱུན་ཆ་ད་པའི་མཚན་ཉིད་ཅན་ནི་མ་ཡིན་པར་ཤེས་པར་བྱའོ། དེ་བས་ན་བྱ་བ་ནི་
རྣལ་འབྱོར་གྱི་སྟོབས་ཅན་ཡིན་ནོ།ལེའུ་ཉི་ཤུ་རྩ་དགུ་པའི་བཤད་པོའོ།
དེ་ནས་རྫ་རྔ་བཅིང་བྱས་ཏེ། ཞེས་བྱ་བ་ནི་རྫ་རྔའི་དབྱིབས་ལྟ་བུའི་རེའུ་
མིག་བཞི་པཅུ་རྩ་དགུ་བྲིའོ་ཞེས་བྱ་བའི་དོན་ཏོ། རེའུ་མིག་གསུམ་པ་ཞེས་བྱ་བ་ནི་
ནང་གི་རེའུ་མིག་བཞི་ལ་ལྟོས་ནས་དེ་སྐད་སྨྲས་པ་ཡིན་ན་ནོ། དེ་ཡང་ཨུཥྨ་ཎ་འི་
967

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*