www.dharmabook.ru tibetan OCR



བྱ་བ་ཐམས་ཅད་ལ་སྦྱར་རོ། དཔའ་བོ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀོའོ། ནམ་
མཁའི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མའོ། སེན་མོའི་ངོས་ཞེས་བྱ་བ་ནི་སོར་མོ་
ཐམས་ཅད་ཀྱིའོ། གཡོན་པ་ལས་བྱུང་རྒྱུ་ཡིན་ནོ། ཞེས་བྱ་བ་ནི་འདི་དག་ལག་
པ་གཡོན་པ་ར་བརྟེན་ཅིང་གནས་པའི་རྒྱུ་ཡིན་ནོ།་།ལག་མཐིལ་ཞེས་བྱ་བ་ལ་ལ་ལག་
པའི་མཐིལ་དུ་པདྨ་འདབ་མ་ལྔ་པ་བསམས་ལ། པདྨའི་གེ་སར་ལ་རྡོ་རྗེ་ཕག་མོ།
མདུན་དུ་ཡ་མི་ནི། གཡོན་དུ་མོ་ཧ་ནི། རྒྱབ་ཏུ་མྃ་ཙལ་ནི། གཡས་སུ་ཏྲཱ་
ས་ནི། རྒྱབ་ཏུ་ཤིན་ཏུ་ངེས་བྱས་ཏེ། ཞེས་བྱ་བ་ནི་ལག་པའི་མཐིལ་དུ་སྔགས་
ཀྱི་ས་བོན་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་
མོ་རྣམས་དགོད་པར་བསྟན་མོད་ཀྱི། འོད་[༡]ཀྱང་ལག་པའི་རྒྱབ་ཏུ་མེ་ལོང་གི་
ནང་དུ་གཟུགས་བརྙ་ན་སྣང་བ་ལྟར་ངེས་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།
དེ་ཉིད་ཀྱིས་ན། མཁས་པས་རྒྱབ་ཏུ་གཤེགཤེགས་སུ་གསོལ།་།ཞེས་འོག་ནས་
བཤད་པ་ཡིན་ནོ། སྒྲུབ་པ་པོས་བརྡ་རྣམ་པ་ལྔ་བསྟན་པར་བྱ་བ་ལས་ལྔ་ཞེས་
ཡང་སྨོས་པ་ནི་ལྷ་མོ་ལྔ་ལ་བྱ་[༢]ལ། སྤྱན་ལ་སོགས་པ་སྨོས་པ་ནི་མཁའ་འགྲོ་མ་ལ་
སོགས་པ་བཞི་ལ་བྱའོ། སྟོང་པ་ནི་ནམ་མཁའི་དབྱིངས་ས་སོ། དབུས་སུ་ཞེས་
བྱ་བ་ཡང་དེ་ཉིད་དོ། ལྷག་མ་རྣམས་ནི་གོ་སླའོ། ལེའུ་སུམ་ཅུ་རྩ་གཅིག་པའི་
བཤད་པའོ།
སྒྲུབ་པོས་སྔོན་གསུངས་རིམ་པ་ཡིས། ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་
བསྒོམ་པས་སོ། བཟང་པོ་ཞེས་བྱ་པ་གསུངས་ཏེ། སེན་མོ་ལྔ་པ་ནི་ཁྱི་དང་བྱི་ལ་
དང་རི་བོང་ལ་སོགས་པའོ། མི་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དོ། ཁ་དོག་
རྣམས་ཀྱི་ཞེས་པ་ནི་བྲམ་ཟེ་ལ་སོགས་པའི་ནང་ནའོ། བྱོལ་སོང་ཞེས་པ་ནི་གང་
974

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*