www.dharmabook.ru tibetan OCR



མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། ལས་ཀྱི་ཁྱད་པར་རྣམས་ལ་སྦྱ་ར། ཇི་ལྟར་རྣམ་
པར་དབྱེ་བ་ཡིས། ཕྲེང་བ་ལ་སོགས་བྱ་བ་ཡིན། ཞེས་གསུངས་སོ། དུང་
ཆེན་པོ་ཡི་ངོ་བོར་བྱ། ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་ཉིད་དོ། ཡང་ན་རུས་སྦལ་
དག་གིའོ། ཞེས་བྱ་བ་ནི་གོ་སླའོ། ཕྱག་བཞི་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་
བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་སྟོན་པ་ཡིན་ནོ་ཞེས་ཀོངྐ་ནའི་
ཞལ་སྔ་ནས་བཞེད་ད་དོ། དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ནི་ཕྱག་བཞི་ནས་བརྩམས་
ཏེ་འབུམ་གྱི་བར་ཞེས་བྱ་བའི་བར་གྱིས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་ཕྱག་བཤད་
པ་ཡིན་ནོ། དེ་ཡི་སྐུ་མདོག་མཚོན་ཆ་འཆ་འཆང་། ཞེས་བྱ་བ་ནི་བཅོམ་ལྡན་འདས་
དེའི་ཕྱག་དང་ཕྱག་མཚན་བསྣམས་པའི་ངང་ཚུལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་
སྟེ༑ སྐུ་མོདོག་གནག་པ་དང་རྡོ་རྗེ་མཚོན་ཆ་བསྣམས་པ་ཞེས་བྱ་བའི་དོན་ཏོ།
མཚོན་ཆ་ཞེས་བྱ་བ་འདི་ནི་གཙོ་བོའི་མཚན་མར་གྱུར་པ་མ་ཡིན་པའི་ཕྱིར་སྤྱིའི་ཚིཚིག་
ཡིན་པས་རྡོ་རྗེ་ཉིད་ལ་བྱ་བར་བཤད་དོ། དེ་ཡང་ཕྱག་མཚན་དུ་མ་བསྣམས་ས་སུ་
ཟིན་ཡང་བཅོམ་ལྡན་འདས་ལ་རྡོ་རྗེ་འཆང་བ་ཞེས་བཏགས་པ་ཡིན་ནོ་ཞེས་ཀོངྐ་ནའི་
ཞལ་སྔ་ནས་བཞེད་ད་དོ། དཔལ་ཨུ་རྒྱན་པའི་ཞལ་སྔ་ནས་ནི་བཅོམ་ལྡན་འདས་ཀྱི་
སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ཅི་འདྲ་བ་ཡུམ་གྱི་ཡང་དེ་དང་འདྲའོ་ཞེས་
འཆད་དོ། གང་གི་ཚེ་བཅོམ་ལྡན་འདས་དཀར་བ་དེའི་ཚེ་བཅོམ་ལྡན་འདས་ཡུམ་
ཡང་དཀར་བ་ཡིན་ལ། གང་གི་ཚེ་བཅོམ་ལྡན་འདས་སེར་བ་དེའི་ཚེ་ཡུམ་ཡང་སེར་
བ་ཡིན་ནོ། གང་གི་ཚེ་བཅོམ་ལྡན་འདས་དམར་བ་དེའི་ཚེ་ཡུམ་ཡང་དམར་བ་
ཡིན་ལ་གང་གི་ཚེ་བཅོམ་ལྡན་འདས་ལང་བ་དེའི་ཚེ་ཡུམ་ཡང་ལང་བ་ཡིན། གང་
གི་ཚེ་བཅོམ་ལྡན་འདས་སྐུ་མདོག་གནག་པ་དེའི་ཚེ་བཅོམ་ལྡན་འདས་ཡུམ་ཡང་སྐུ་
མདོག་གནག་པ་ཡིན་ནོ་ཞེས་བྱ་བ་[༡]མན་ངག་ག་གོ། ཕྱག་རྒྱས་སྐུ་ནི་རྣམ་པར་
97

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*