www.dharmabook.ru tibetan OCR



བྱེད་མ་དང་། སྐྲག་བྱེ་ད་མ་སྟེ་རྣལ་འབྱོར་མ་དྲུག་གོ། རྣལ་འབྱོར་མ་དྲུག་ནི་
དངོས་གྲུབ་ཐམས་ཅད་ལ་སྩོལ་བར་བྱེད་པ་ཡིན་ནོ། མྱ་ངན་ཡུལ་ན་མ་མོ་རྣམས།
ཞེས་བྱ་བ་ནི་གཤིན་རྗེ་ཕོ་ཉ་མོ་[༡]དང་། གཤིན་རྗེ་བརྟན་མ་དང་། གཤིན་རྗེ་
འཇོམས་མ་དང་། གཤིན་རྗེ་མཆེ་བ་མ་དང་། ཁྭ་གདོང་མ་དང་། འུག་གདོང་
མ་དང་། ཁྱི་གདོང་མ་དང་། ཕག་གདོང་མའོ། དེ་ལ་ཡང་དག་པའི་ལས་ཀྱི་
མཐའ་ནི་ཁྭ་གདོང་མའོ། ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། ཡང་དག་
པའི་རྩོལ་བ་ནི་ཁྱི་གདོང་མའོ། ཡང་དག་པའི་དྲན་པ་ནི་ཕག་གདོང་མོའོ།
དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། དགེ་བའི་ཆོས་
སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། མི་དགེ་བའི་ཆོས་
སྐྱེས་པ་རྣམས་སྤངས་པ་ནི་གཤིན་རྗེ་མཆེ་བ་མའོ། མི་དགི་བའི་ཆོས་མ་སྐྱེས་པ་
རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཛོམས་མའོ། ཡང་དག་པའི་ཏིང་ངེ་འཛིན་ནི་རྡོ་
རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། འདི་དག་ནི་མ་མོ་རྣམས་ཏེ། ཐམས་ཅད་ཀྱང་
གདུག་པ་རྣམ་པར་རྨྲོངས་པར་བྱེད་པ་ཡིན་ནོ། སིནྡྷུའི་ཡུལ་ན་ལཱ་མ་སྟེ་ཞེས་བྱ་བ་
ནི་ཁྲོ་གཉེར་མ་དང་། མཆེ་བ་ཅན་མ་དང་། སྣ་ཆེན་མ་དང་། བ་ལང་གདོང་
དང་༑ བི་ལ་ཅན་དང་། གླང་པོ་ཆེའི་ལྕེ་དང་། བ་ལང་སྣ་དང་བཞིན་
བཟངས་[༢]མ་སྟེ་འདི་དག་ནི་ལཱ་མའི་རིགས་སེམས་ཅན་ཐམས་ཅད་དབང་དུ་བྱེད་
མའོ༑ རིགས་ཀྱི་གཙོ་མོ༐་ན་ག་རར་[༢]ཞེས་བྱ་བ་ནི་དཔལ་རྡོ་རྗེ་ཕག་མོ་དང་།
ནལ་འབྱོར་མ་སྒེག་མོ་དང་། མཚན་མོ་ཅན་དང་། སྐྲག་བྱེད་མ་དང་། ནགས་
ཚ་ལ་མ་དང་། ཤ་ཟ་མ་དང་། ཆང་དཔའ་མོ་དང་། ཆེན་མོ་དང་། སྡུག་
བྱེད་མའོ། གཽ་རཱཥྚར་རིགས་ཀྱི་ལྷ་རྣམས་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་
དཔའ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞི་དང་། གནོད་མཛེས་ཞལ་བཞི་པ་
988

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*