www.dharmabook.ru tibetan OCR



དབྱངས་ཀྱི་ཡི་གེ་གཉིས་པ་དང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། ཉི་ཤུ་བརྒྱད་
པ་ཉིད་དག་ནི། ཡི་གེ་བཅོ་ལྔ་པ་དང་སྦྱར། ཞེས་བྱ་བ་ནི་ཡི་གེ་ད་དང་ངར་
སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། གསུམ་པ་དང་པོར་ཡང་དག་ལྡན། འོག་
གི་ཆ་ནི་མེ་དང་བཅས། ཞེས་བྱ་བ་ནི་ཡི་གི་ཊའི་འོག་ཏུ་ར་བཏགས་པ་སྦྱར་བར་
བྱའོ༑ དེ་བཞིན་དབྱངས་ཡིག་གཉིས་པར་སྦྱ་ར། ཞེས་བྱ་བ་ནི་ཊ་དེ་ཡི་གེ་ཨཱ་
དང་སྦྱར་བར་བྱའོ། ཡི་གེ་ཉི་ཤུ་རྩ་དགུ་པ། ཞེས་བྱ་བ་ནི་ཥའི་འོག་ཏུ་སྦྱར་བར་
བྱའོ་ཞེས་བྱ་བའི་དོན་ཏོ། ལྷག་མ་ནི་གོ་སླ་བ་ཉིད་ཡིན་ནོ། ཉི་མ་ཞེས་བྱ་བ་ནི་
རའི་མིང་ཉིད་ཡིན་ནོ། ལྷག་མ་ནི་དེ་ཉིད་དུ་གོ་སླའོ། མཁའ་འགྲོའི་སྙིང་ནི་
འཇོམས་པ་ཡིན། ཞེས་བྱ་བ་ནི་སྔགས་འདི་བཟླས་པ་ཙམ་གྱིས་ཐམས་ཅད་
འཇིགས་པར་བྱེད་ཅིང་མཁའ་འགྲོ་མ་ལ་སོགས་པ་སྐྲག་པར་བྱེད་པ་ཡིན་ནོ། ཨོཾ་
ནི་དང་པོར་སྦྱར་བར༐་བྱའོ། ཧཱུྃ་[༡]ཧཱུྃ་ཕཊ་ནི་མཐར་སྦྱར་བ། ཞེས་བྱ་བ་ནི་གོ་
སླ་བ་ཉིད་དོ། ལེའུ་བདུན་པའོ།
དེ་ནས་རང་གི་བདག་ཉིད་ཀྱི། དབང་པོ་ཐམས་ཅད་མཉམ་སྦྱར་བ།
མཁའ་འགྲོ་མ་ཡི་དྲ་བའི་སྡོམ། འཁོར་ལོ་བདེ་མཆོག་ཡིན་པར་འདོད། ཅེས་བྱ་
བ་ནི་དཔལ་ཧེ་རུ་ཀ་ཉིད་ཅན་གྱི་སྔགས་འཁོར་ལོ་གསུམ་དུ་རྣམ་པར་གནས་པའི་
མཁའ་འགྲོ་མ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ཧ་ཞེས་བྱ་བ་
ལ་སོགས་པ་ནི་སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའི་གོ་རིམས་བཟློག་པའི་ཚུལ་
དུ་ཉེ་བར་གནས་པ་ཡིན་ཏེ། ཨོཾ་སི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛ་ལ་ ཾ་
པ་ར་སྭ་ཧཱ། ཞེས་བྱ་བས་ཤེས་པར་བྱོའོ། དེ་བཞིན་དུ་རྣལ་འབྱོར་མ་གང་དག་
ཡིན་པའི་སྙིང་པོ་ཡང་གོ་བཟློག་པའི་ཚུལ་གྱིས་གསུངས་པ་ཡིན་ཏེ། དེ་བས་ན་ཨོཾ་
92

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*