466
བགས་ཀྱིས་ཕྲ་བ། རིམ་གྱིས་ཕྲ་བ། བྱིན་གྱིས་ཕྲ་བ། རྗེའི་འཇམ་དབྱང་ས་བསྟོད་སྤྲིན་རྒྱ་མཚོ་ལས། བགས་ཀྱིས་
ཕྲ་ཞིང་ཟླུམ་པའི་བྱིན་པ་ལེགས། །ཞེས་གསུངས་པ་ལྟ་བུ།
བནྡེ། [ལེགས་སྦྱར] (1) བཅུན་པ། བན་དེ། གྲྭ་པ། (2) བསྙེན་བཀུར་གྱི་ཡུལ། ཕྱག་མཆོད་ཀྱི་གནས། (8) ཕྱག་
འཆལ་བ། གོང་དུ་བཀུར་ ། བསྙེན་བཀུར།
བན་དེ། [ལེགས་སྦྱར] བནྡེ་དང་འདྲ།
བཛྲ། [ལེགས་སྦྱར] (1) རྡོ་རྗེ། (8) མི་ཆོད་པ། (8) མི་ཕྱེད་པ། (1) སྲ་བ། (5) བརྟན་པ། (6) མི་ཤིགས་པ། (7)
གཞོམ་དུ་མེད་པ། (8)ཁོང་སྟོང་མིན་པ་རྣམས་མིང་གི་རྣམ་གྲངས་སུ་གསུངས།
བཛྲ་འིཀ། [ལེགས་སྦྱར] མི་བསྐྱོད་པ། ངེས་ཚིག་ནི། བཛྲ་ནི་རྡོ་རྗེ། དྷཱིཀ་ནི་འཇིན་པའམ་འཆང་བའི་དོན་ནོ། ། འོ་
ན་མི་བསྐྱོད་པ་ཡིན་ན་དེ་རྡོ་རྗེ་འཆང་དུ་ཇི་ལྟར་རིགས་སྙམ་ན། སྐྱོན་མེད་དེ། དེ་ལ་བཛྲ་ཅྭཱིཀ་འམ་རྡོ་རྗེ་
འཆང་ཞེས་པ་ནི་སྒྲ་བཤད་པའི་རྒྱུ་མཆན་ཡོད་པ་ཙ་མ་ཡིན་གྱི། རིགས་དྲུག་པ་རྡོ་རྗེ་འཆང་ནི་མིན་
ནོ། །དཔེར་ན། མཚོ་ནང་གི་སྦལ་པ་ལ་མཚོ་སྐྱེས་ཀྱི་སྒྲ་བཤད་པའི་རྒྱུ་མཆན་ཡོད་ཀྱང་མཚོ་སྐྱེས་མིན་པ་
བཞིན་ནོ། །ཞེས་རྣམ་གཞག་རིམ་པའི་རྣམ་བཤད་ད་དང་། འགྲེལ་པ་བཞི་སྦྲགས་ནའང་དེ་དང་འདྲ་བར་
གསུང་ས། སྐུ་མདོག་སྔོན་པོ། ཞལ་གསུམ། [རྩ་ཞལ་ནག་པོ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ] ཕྱག་དྲུག་
པ། ཡུམ་དང་བཅ་ས་པ་ཞིག་གོ། སྒྲ་བཤད་ནི། ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་ཕྱག་མཚན་དུ་འཛིན་
པར་མཛད་པས་ན་རྡོ་རྗེ་འཆང་སྟེ། དྲང་དོན་གྱི་བཤད་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་
འཇུག་གི་རྡོ་རྗེའི་ཡེ་ཤེས་རང་གི་ངོ་བོ་ཉིད་དུ་འཛིན་པར་མཛད་པས་རྡོ་རྗེ་འཆང་སྟེ། ངེས་པའི་དོན་ནོ། །
བཛྲ་ཝ་ར་ཧི། [ལེགས་སྦྱར] རྡོ་རྗེ་ཕག་། (4) དཔལ་འཁོར་ལོ་སྡོམ་པའམ་བདེ་མཆོག་གི་ཡུམ་གྱི་མཆན། དེ་ལ་
རྡོ་རྗེ་མཁའ་འགྲོ་མ། རྡོ་རྗེ་རྣམ་པར་སྣང་མཛད་མ་ཞེས་ཀྱང་བྱའོ། །(2) [བཀའ་བརྒྱུད] ཀྱེ་རྡོར་གྱི་ཡུམ། རྡོ་
རྗེ་ཕག་མོའི་མཚན་དོན་བཛྲ་ཝ་ར་ཧི་སྟེ། གྲུབ་ཆེན་ནག་པོ་པས། ཝ་གའི་སྒྲ་ནི་ངག་ལས་
འདས། །ར་ནི་དྲི་མ་རྣམ་པར་སྤངས། །ཧི་ནི་རྒྱུ་ནི་རྣམ་འཇིག་པ། །ཕག་མོའི་སྒྲར་ནི་རབ་ཏུ་འཇུག །དི་
ཡང་ཝ་གའི་དོན་ནི་སྔར་དང་འདྲ་ལ། ར་ཧི་ཏ་དྲི་མ་དང་བྲལ་བ། ཧི་ཏུ་རྒྱུའི་ངེས་ཚིག་དང་ལྡན་པའོ། །
ཞེས་ཀྱེ་རྡོར་གྱི་འགྲེལ་པར་གསུངས།