505
སྡོམ་པ་ལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས་ཏེ་བཀོད་།
དབང་པོའི་དགྲ། ལྷ་མ་ཡིན། མཆན་གཞི་ནི། ལྷ་མ་ཡིན་གྱི་གཙོ་བོ་ཐགས་བཟང་རིསལྟ་བུ། སྒྲ་བཤད་ནི། ལྷའི་
དབང་པོ་བརྒྱ་བྱིན་གྱི་དགྲ་ཡིན་པས་དབང་པོའི་དགྲ་ཞེས་བྱའོ། །
དབང་ཕྱུག (1) རང་དབང་། འདུལ་བ་ལུང་གཞིའི་རྒྱ་ཆེར་བཤད་པ་ལས་ལེགས་པ་དྲུག་འདྲེན་པ་ན། རང་དབང་
དང་ནི་རབ་སྤྱང་ས་ད་ང་། །གཟུགས་བཟང་བ་དང་གྲགས་པ་ད་ང་། །དཔལ་དང་ཆེ་བ་ཉིད་ཚོགས་པ། །དྲུག་
པོ་རྣམས་ལ་ལེགས་ཞེས་བཤད། །ཅེས་འབྱུང་བ་ལྟ་བུའོ། །ཞེས་གསུངས། དབང་བ། ད་བང་འབྱོར་བ།
དཔེར་ན། རིན་པོ་ཆེ་སྣ་བདུན་གྱི་དབང་ཕྱུག །ཅེས་པ་ལྟ་བུ། (2) དཔལ་ད་ང་ཕུན་ཚོགས། (8) འཇིག་རྟེན
་པའི་ལྷ་དབང་ཕྱུག་ཆེན་པོ།
དབང་ཕྱུག་བརྒྱད། དབང་ཕྱུག་བརྒྱད་ནི། སྐུ་དང་གསུང་དང་ཐུགས་ཀྱི་ད་བང་ཕྱུག་དང་། །རྫུ་འཕྲུལ་ཀུན་འགྲོ་
གནས་ཀྱི་དབང་ཕྱུག་ད་ང་། །ཅི་འདོད་བསྐྱེད་དང་ཡོན་ཏན་དབང་ཕྱུག་བརྒྱད། །ཅེས་གསུངས་པ་ལྟར་
རོ། །དབང་ཕྱུག་བརྒྱད་དང་དབང་ཕྱུག་པི་ཡོན་ཏན་བརྒྱད་གཉིས་མི་འདྲ་སྟེ། དབང་ཕྱུག་བརྒྱད་ནི་འབྲས་
བུའི་སྐབས་ཡིན་ལ། དེའི་ཡོན་ཏ་ན་བརྒྱད་ནི་སློབ་པའི་ཟུང་འཇུག་གི་སྐབས་སུ་འབྱུང་བར་གསུངས་པས།
ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
དབང་ཕྱུག་གི་ཡོན་ཏན་བརྒྱད། ད་བང་ཕྱུག་གི་ཡོན་ཏན་བརྒྱད་ནི།༡ །ཕྲ་རབ་ ༣ ཡང་ས་པ་ ༣ མཆོད་པར་
འོས། ༤ །བདག་པོར་གྱུར་དང་ ༥ དབང་དུ་གྱུར། ༦ །གར་ཡང་ཕྱིན་དང་ ༧ འདོད་རྒུར་ལྡན།
༨ །དེ་བཞིན་དགའ་མགུར་གནས་པའོ། །ཞེས་གསུང་ས་པ་ལྟར་རོ། །རྗེའི་འགྲེལ་པ་བཞི་སྦྲགས་ལས། དེ་
ལ་དབང་ཕྱུག་གིས་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པ་ཕྲ་བ་དང་། སྣོད་ཀྱི་འཇིག་རྟེན་སྐྱེད་པ་ཡང་
བ་དང་། དེ་གཉིས་ཀ་སྐྱེ་འཇིག་བྱེད་པ་བདག་པོར་གྱུར་པ་ཡིན་ལ། འདིརནི་རྣལ་འཔྱོར་པས་དེ་རྣམས་
སྤྲུལ་པ་དང་སྡུད་པ་བྱེད་ནུས་པའོ། །ཕྱི་མ་ནི་ཡང་དག་ཐོབ་པས་བསྟན་ཏོ། །ཡིད་ལུས་ཀྱིས་གང་བསམ་
པར་ཕྱིན་པ་ནི་གར་ཡང་ཁྱབ་པས་བསྟན་ཏོ། །འབྱུང་པོ་ཀུན་གྱིས་མཆོད་པ་བྱ་བ་ནི་འོད་དང་གཟི་བརྗིད་
ཀྱིས་གཞན་རྣམས་ཟིལ་གྱིས་གནོན་པའི་རབ་ཏུ་གསལ་བའམ་སྣང་བས་བསྟན་ཏོ། །སེམས་ཅན་རྣམས་ལ་
ཆར་བཅ་ད་དང་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡོན་ཏན་ལ་འདོད་དབུར་ད་བང་
བསྒུར་བ་ནི་འདོད་དགུར་ལྡན་པའོ། །གང་ཐོབ་པར་འདོད་པའི་དོན་དེ་ལྟར་ཐོབ་ནུས་པ་ནི་དགའ་དགུར་
གནས་པ་སྟེ་བརྟན་པས་བསྟན་ཏོ། །