527
མ་དྲངས་དྲོལ་བ། (4) སྐྱེ་བོ་རྒོད་བག་ཅ་ན། (2) ཕྲུ་གུ་ཅིད་མོ་རྩེ་བའི་གནས། སྒྲ་བཤད་ནི། མ་དྲང་ས་པ་ནི་མ་
དུལ་བ་དང་། མཉམ་པར་མ་བཞག་པའམ་མ་བསྡམས་པ། དོལ་བ་ནི་བྱུང་རྒྱལ་བག་མེད་དད་མ། རོང་ཡ་ན་
དུ་སོང་བ། དཔེར་ན། སྤྱོད་འཇུག་ལས། མ་དྲང་ས་དྲོལ་བའི་ཁྲོད་གནས་ན། །སྒྲིམས་ཏེ་རྨ་ཡི་བག་བྱེད་
བཞིན། །སྐྱེ་བོང་ན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །ཞེས་གསུང་ས་པ་ལྟར་རོ། །
མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྟོན་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲང་ས་ཤིག་སྟེ། སྤྱིར་འཇིག་རྟེན་ན་
རང་ད་ང་འགྲོགས་འདྲིས་ཆེ་བའི་ཕ་མ་ད་ང་ཉེ་དུ་སོགས་ལ་བློ་ཉེ་བས་མཛའ་བཤེས་ད་ང་། དེ་མིན་གྱི་མ་
འདྲིས་པའི་བར་མའི་སེམས་ཅན་ལྟ་བུ་ཡལ་བར་དོར་ལ། སྟོན་པ་སངས་རྒྱས་ནི་འདྲིས་པ་ད་ང་མ་འདྲིས་
པའི་སེམས་ཅན་ཐམས་ཅ་ད་ཀྱི་གཉེན་དང་མཛའ་བཤེས་ཡིན་ནོ་ཞེས་པའོ། །
མ་འདྲེས་པ། ༿༡༾གཞན་ལས་ངོ་བོ་ཐ་དད་དུ་གནས་པ། ༿༢༾ གཞན་དང་ཐུན་མོང་མ་ཡིན་པ།
མ་ནིང་། ཕོ་མིན་མོ་མིན། ཕོ་ལིང་མོ་ལིང་། འདོད་པ་བསྟེན་པ་ལ་སྐྱོན་དང་ལྡན་པའི་གང་ཟག་ལ་ཟེ ། མ་ནིང་
ལ་རིགས་མི་འདྲ་བ་ལྔ་ཡོད་ད་དེ། སྐྱེས་ནས་མ་ནིང་། ཟླ་ཕྱེད་མ་ནིང་། འཁྱུད་ལྡང་མ་ནིང་། ཕྲག་དོག་མ་
ནིང་། ཉམས་པ་མ་ནིང་དང་ལྔའོ། །
མ་ནིང་གི་གོ་འཕང་། [སྔགས] མི་གནས་པའི་མྱང་འདས། སྒྲ་བཤད་ནི། ཉན་རང་གི་མང་འདས་ལྟ་བུ་ཤེས་
རབ་དང་ལྡན་ཡང་ཐབས་སྙིང་རྗེ་ཆེན་པོ་དང་བྲལ་བ་ལྟ་བུ་མ་ཡིན་པར། ཐབས་ཤེས་གཉིས་ཀ་ཚོགས་པས་
མ་ནིང་གི་གོ་འཕང་ཞེས་བྱ་སྟེ། དཔེར་ན། འཇིག་རྟེན་ན་མཆན་གཉིས་ཀ་རྟེན་གཅིག་ལ་མཉམ་དུ་ཚོགས་
པ་ལ་མ་ནིང་ཞེས་བརྗོད་པ་བཞིན་ནོ། །མཁས་གྲུབ་རྗེའི་གསུང་ལ་གཞི་བྱས།
མ་ནིང་ལྔ། སྐྱེས་ནས་མ་ནིང་། ཟླ་ཕྱེད་མ་ནིང་། འཁྱུད་ལྡང་མ་ནིང་། ཕྲག་དོག་མ་ནིང་། ཉམས་པ་མ་ནིང་དང་
ལྔའོ། །
མ་དཔྱད་པའི་ཤེས་པ། ཐ་སྙད་པའི་ཤེས་པ་དང་དོན་གཅིག། འཇིག་རྟེན་པའི་གྲགས་པའི་ཤེས་པ་ཞེས་ཀྱང་
བྱའོ། །
མ་ཕམ་གཡུ་མཚོ། མཚོ་མ་དྲོས་པ། མཚོ་མ་ཕམ། མ་ཕམ་གཡུ་མཚོ་རྣམས་དོན་གཅིག། མཚོ་མ་ཕམ་ལ་གཟིགས།
མ་བག་མར་ལེན་པའི་བསྟན་བཅོས། དགོས་པ་ཡོད་ཀྱང་ཉིང་དགོས་གྱ་ནོམ་པ་མེད་པའི་བསྟན་བཅོས་ཤིག་སྟེ།
སྔགས་བསྒྲུབས་ནས་རྫས་ལ་བཏབ་སྟེ་མེ་ལ་གཏོར་བས་མེའི་ནང་ནས་རུང་ཞེས་པའི་སྒྲ་འབྱུང་བ་དང་།
ཡང་ས་ཆ་འདིར་མི་རུང་ཞེས་པའི་སྒྲ་འབྱུང་བ་ལྟ་བུའི་རིག་སྔགས་བསྒྲུབ་ཚུལ་སྟོན་པའི་གཞུང་ཞིག་ཡིན་