558
་མྱ
ཙ་ན་ཀ། [ལགས་སྦྱར] སྲན་མ་ཆུང་ངུ་ཞིག་སྟེ། རྒྱ་གར་ཡུལ་སྐད་དུ། ཅ་ན་ཟེར་བ་དེ་ཡིན་ནོ། །
ཙ་མུཎྜི། [ལེགས་སྦྱར](4)གཤིན་རྗེའི་ཆུང་མ། (2)ཁ་ཅིག་གིས་འདི་དབང་ཕྱུག་གི་ཆུང་མ་ཡིན་པར་ཡང་སྨྲ། ཞེས་
རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། (8) དམ་ཅ་ན་ཆོས་རྒྱལ་གྱི་ཡུམ།
ཙ་རི་ཏྲ། [ལེགས་སྦྱར] རྒྱ་གར་ལྷོ་ཕྱོགས་སམ་ཤར་ལྷོ་ན་འབྲས་སྭ་ལུ་བཟང་པོ་སྐྱེ་བ་ཞིག་ཡོད་པ་ལ་བཞེད་།
ཙཀྵུ། [ལེགས་སྦྱར] མིག
ཙན་དན་འདམ། ཙ་ན་དན་གྱི་ལྡེ་གུས་བསྒོམ་པ།
ཙ་ན་ད་ན་ལྟ་བུའི་གང་ཟག རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལྔའི་ཡ་གྱལ་ཏ། ཐོས་པ་ཉུང་ལ་ང་རྒྱལ་ཆེ་བ། ལུང་
རིགས་ཀྱི་དོན་ལེགས་པར་མ་ངེས་ཤིང་རྩོད་པ་མང་བ། སྐྱོན་དེ་རྣམས་བསལ་ནས་རྗེས་སུ་གཟུང་བར་
དཀའ་བའི་གང་ཟག་གི་རིགས་ཤིག་ག་གོ། སྒྲ་བཤད་ནི། དཔེར་ན། ཙན་དན་དེ་འབྲས་བུ་མེད་པ། ཚེར་མ་
མང་བ། དུག་སྦྲུལ་གདུག་པ་ཅན་གྱིས་ད་ཀྲིས་པས། དྲུང་དུ་ཉེ་བར་འགྲོ་མི་རུང་བ་དང་འདྲ་བས་དེ་སྐད་
ཅིས་བཏགས་སོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད།
ཙན་དན་གྱི་ལྡེ་གུ། ཙན་དན་གྱི་ཁུ་བ་གར་པོ། ཙན་དན་སྦང་ས་པའི་ཆུ།
ཙཎྜ། [ལེགས་སྦྱར] གཏུམ་པོ།
ཙཎྜ་ལཱི། [ལེགས་སྦྱར] གཏུམོ།
ཙནྡ་གོ་མི། [ལེགས་སྦྱར] དུས་རབས་བདུན་པའི་སྐབས་བྱུང་བའི་རྒྱ་གར་གྱི་སློབ་དཔོན་དགེ་བསྙེན་ཟླ་བ་ཞེས་བྱ་བ་
ནི། ཤར་ཕྱོགས་བྷཾ་གར་འཁྲུང་ས་ཤིང་། གཞོན་ནུའི་དུས་ནས་མཁས་པར་གྱུར་ཏེ། བ་རེདྲའི་རྒྱལ་པོའི་
སྲས་མོ་ཏ་ར་ཞེས་བྱ་བ་བག་མར་བཞེས་ཏེ་འདུག་པ་ན། སྐབས་ཤིག་ན་འཁོར་གཡོག་མོ་ཞིག་གིས་ཏྰ་ར་
ཞེས་འབོད་པ་ཐོས་ཏེ་བསམས་པ་ན། དེ་ཡི་དམ་གྱི་མཚན་དང་མཐུན་པས་མི་རུང་བར་དགོང་ས་ཏེ་བཟོད་
པ་གསོལ་ཞིང་འགྲོ་བར་ཆས་པ་ན། འཁོར་རྣམས་ཀྱིས་བཟུང་སྟེ་ཅིའི་ཕྱིར་འགྲོ་ཞེས་འདྲི་བ་ལ་རྦུ་མཆན་
བརྗོད་ད་དོ། །དེ་རྒྱལ་པོས་ཐོས་པ་ན་ཁྲོས་ཏེ་ང་འི་བུ་མོ་དང་ལྷན་ཅིག་མི་འདུག་ན་གངྒཱ་ལ་སྐྱུར་ཅིག་ཅེས་
བཀའ་བཏང་། གཤེད་མ་ད་ག་གིས་གངྒཱ་ལ་བསྐྱུར་བ་ན། སློབ་དཔོན་གྱིས་སྒྲོལ་མ་ལ་གསོལ་བ་བཏབ་པས་
སྒྲོལ་མས་ཆུ་དབུས་སུ་གླིང་སྤྲལ། ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླབས་པས་དེང་སང་ཡ་ང་