|
འཁོར་གཏན། སྒོ་གླེགས་ཕྱིར་མི་ཕྱེད་པའི་ཐབས་སུ་གྱུར་པ་སྟ། སྒོ་གླེགས་ཀྱི་དབུས་ཀྱི་ཕྱོགས་སུ་ཁྲུ་གང་གི་ཆད་ཀྱི་ ཤིང་གཟེར་བུས་སྦྱར་བ་དེ་འཇིན་པའི་ཤིང་དེ་འཁོར་ལོ་བཞིན་ཡོང་ས་སུ་བསྐོར་ནས་གཟུང་བར་བྱ་བ་དེ་ལ་ འཇོག་པར་བྱེད་པའོ། ། འཁོར་དག་པ། ཚུལ་ཁྲིམས་དག་པ། བཤེས་གཉེན་ལ་གུས་པ། དབང་པོ་རྣོ་བ། དྲིན་ལན་ལོག་སྒྲུབ་མི་བྱེད་པ་ ཞིག་ལ་འཁོར་ཡོངས་སུ་དག་པ་ཟེར། ཇེ་ཅོང་ཁ་པ་ཆེན་པོའི་བྱམས་པའི་བསྟོད་ཆེན་ལས། ཐུབ་པས་ བཅ་ས་པའི་མཆམས་ལས་མི་འད་འ་ཞིང་། །རྒྱལ་བའི་གདུང་འཚོབ་དགེ་བའི་བཤེས་ལ་གུས། །དབང་པོ་ རབ་རྣོ་ལོག་སྒྲུབ་སྐྱོན་དང་བྲལ། །ཡོང་ས་སུ་དག་པའི་འཁོར་ད་ང་ལྡན་པར་ཤོག། ཅེས་གསུངས་པ་ལྟར་ རོ། ། འཁོར་དག་པ་རྣམ་བརྒྱད། རྗེ་ཙོང་ཁ་པའི་དངོས་སློབ་བརྒྱད་དེ། བླ་མ་འཇམ་ད་ཀར་བ། གནས་བརྟན་བཟང་ སྐྱོང་བ། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བྱང་སེང་བ་སྟེ་དབུས་པ་བཞི། རྟོགས་ལྡན་ འཇམ་དཔལ་རྒྱ་མཚོ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་ དཔལ་སྐྱོང་བ་སྟེ་མདོ་སྨད་པ་བཞི་ད་ང་བརྒྱད་དོ། །དེ་དག་ཐམས་ཅ་ད་ཀྱང་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ ཡས་ཤིང་ཡི་ད་མ་ལྷས་རྗེས་སུ་བཟུང་བ་ཤ་སྟག་གོ། འཁོར་འདབ། སློབ་མ། གཉེན་ཉེ་དུ། ས་སྐྱ་ལེགས་བཤད་ལས། དམ་པ་རྒྱང་ན་གནས་ན་ཡང་། །འཁོར་འད་བ་ ཕན་པས་རིང་ནས་སྐྱོང་། །མཁའ་ལ་སྤྲིན་ཚོགས་འཁྲིགས་པ་ཡིས། །ས་ཡི་ལོ་ཏོག་ཁྱད་པར་འཕེལ། །ལྟ་བུ། འཁོར་འདབས། ཉེ་འདབས། འཁོར་རྣམ་བཞི། སྟོན་པའི་འཁོར་རྣམ་པ་པཞི་ནི། དགེ་བསྙེན་ཕ་མ་གཉིས། དགེ་སློང་ཕ་མ་གཉིས་ཏེ་བཞི། འཁོར་བ། ལས་ཉོན་གྱི་ད་བང་གིས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕུང་པོ། ཟག་བཅ་ས་ཉེར་ལེན་གྱི་ཕུང་ པོ་ལྔ་ལྟ་བུ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། འདི་པཎྚི་ཏ་ངག་གི་དབང་ཕྱུག་གྲགས་པས་མཛད་པར་གསུངས།་ འཁོར་མོ་འཛིག ཝ་ར་ཎ་སཱི། ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་རྩོམ་ འཕྲོར་དྲངས་པ་ལས་གསུངས། འཁོར་ལོ་བཞི། ཐེག་མཆོག་འཁོར་ལོ་བཞི་དང་དོན་གཅིག། དབེ་བ་འཕེལ་བའི་ཡུལ་ན་གནས་པ། དགེ་བའི་ --་ བཤེས་གཉེན་ལ་བརྟེན་པ། བདག་ཉིད་ལས་དང་སྨོན་ལམ་བཟང་པོའི་འབྲས་བུར་ལུས་ངག་ཡིད་གསུམ་ * * * * * * * * * * * * * * * * * * * * * * * * * |