|
84 དབེ་བ་ལ་སྤྲོ་བཞིན་དུའཇུག་པ། ཚེ་སྔོན་མར་བསོད་ནམས་བགྱིས་པས་མཐོ་རིས་ཀྱི་ཡོན་བདུན་དང་ལྡན་ པ་སྟེ་བཞིའོ། །འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། ། སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་ པོ་བཞི་ཡང་ཁྱོད་ལ་མངའ] །ཞེས་གསུངས། དངུལ་ཆུའི་གསུང་ལ་གཞི་བྱས། འཁོར་ལོ་གསུམ། (4) བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་གསུམ། (2) ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་ བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་སྟེ་གསྟེ་གསུམ། འཁོར་ལོའི་ལག་པ། ཁྱབ་འཇུག ་འཁོར་གསུ ། (4) སྦྱིན་པ་ལྟ་བུ་ལ་སྦྱར་ན། སྦྱིན་བྱའི་རྫས། སྲིན་པ་གཏོང་བའི་ཡུལ། སྦྱིན་པ་གཏོང་བ་པོ་ད་ང་ གསུམ་ལ་སྦྱིན་པའི་འཁོར་གསུམ་ཟེར་ཏེ། དབུ་མ་ལ་འཇུག་པ་ལས། སྦྱིན་པ་སྦྱིན་བྱ་[རྫས0ལེན་པོ་[སློང་མོ་ བགཏོང་པོས་[སྦྱིན་པ་པོ]སྟོང་། །ཞེས་གསུངས་པ་ལྟར་རོ །(8) ཁས་བླངས་ནང་འགལ་གྱི་སྟོབས་ཀྱིས་ རྟགས་གསལ་ཁྱབ་གསུམ་གང་ལའང་ལན་འདེབས་མི་ནུས་པར་གྱུར་པ་ལ་ཟེར་ཏེ། དཔེར་ན། སྒྲ་བྱས་པར་ ཁས་ལེན། བྱས་ན་མི་རྟག་པས་ཁྱབ་པ་ཁས་ལེན། སྒྲ་རྟག་པར་ཁས་ལེན་པའི་གང་ཟག་དེ་ལ། སྒྲ་ཆོས་ཅ་ན། མ་བྱས་པ་ཨིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་ན། རྒོལ་བ་དེས་སྒྲ་བྱས་ པར་ཁས་བླངས་པས། གསལ་བ་ལ་འདོད་ལན་འདེབས་མི་ནུས། རྟག་ན་མ་བྱས་པས་ཁྱབ་པ་ཁས་བླངས་ པས། ཁྱབ་པ་མ་གྲུབ་ཀྱི་ལན་འདེབས་མི་ནུས། སྒྲ་རྟག་པར་ཁས་བླངས་པས། རྟགས་མ་གྲུབ་ཀྱི་ལན་ འདེབས་མི་ནུས་པས་འཁོར་གསུམ་ཁས་བླངས་ཟེར་བ་དེ་ལ་ཟེར་བ་ཡིན་ནོ། །(8) མཚན་ཉིད་ཀྱི་རྩོད་ གྲྭའི་སྐབས་འཁོར་གསུམ་ཞེས་པ་རྩོད་པ་ལ་ལན་འདེབས་མི་ནུས་པར་མགོ་རྨོངས་ནས་འདུག་ཅེས་པའི་ དོ་ན། (8) འཁོར་གསུམ་ཞེས་བྱ་བ་ནི་ལྟེ་བའི་དཀྱིལ་འཁོར་དང་པུས་མོའི་ལྷ་ངའི་ཚིགས་གཉིས་སོ། །ཞེས་ མདོ་རྩ་རང་འགྲེལ་ལས་གསུང་ས། (5) མཚོན་ཆ་མདའ་གྲི་གདུང་གསུམ། དགེ་བཤེས་འབན་གྱི་གསུང་ གྲོས་ལམ་རིམ་རྣམ་གྲོལ་ལག་བཅ་ངས་སུ་དྲངས་པ་ལས། ང་མི་སྐྱའི་དུས་འཁོར་གསུམ་ཚེར་མ་འདྲ་བ་ བཏགས་ཀྱང་དགྲ་མང་གཉེན་ཉུཇ་། ཞེས་གསུང་ས་པ་ལྟ་བུ། འཁོར་གསུམ་ཁེབས་པའི་གོས། ལྟེ་བ་དང་བུས་མོའི་ལྷ་ང་གཉིས་ཏེ་གསུམ་ཁེབས་པའི་གོས། འབྲིག་ཁྱིམ། ད་བྱར་ཀྱི་དུས། སྒྲ་བཤད་ནི། དུད་འགྲོ་རྣམས་འཁྲིག་པ་སྤྱོད་པའི་དུས་ཡིན་པས་དེ་སྐད་ཅེས་བརྗོད། * * * * * * * * * * * * * * * * * * * * * * * * * |