|
231 བརྗེད་ངས། དགེ་བའི་མི་མཐུན་ཕྱོགས་ལ་སེམས་གཡེང་ཞིང་དགེ་བ་ལ་སེམས་མི་གསལ་བར་བྱེད་པས་ཆ་ནས་ བཞག་པའི་སེམས་བྱུང་ཞིག་ལ་ཟེར། སྒྲ་བཤད་ནི། བློ་ངོར་མི་གསལ་བས་ན་བརྗེད། ཐལ་བའམ་ཐལ་ ཆེས་པས་ན་ངས་ཞེས་ད་ག་ཡིག་འགར་གསལ། བརྗེད་བྱང་། བརྗེད་ཐོ། སྒྲ་བཤད་ནི། བརྗེད་པ་བྱང་བ་སྟེ་སེལ་བར་བྱ་བའི་ཕྱིར་གྲིས་པའི་ཐོ་ཡིག་ཡིན་པས་དེ་ སྐད་ཅེས་བརྗོད། བརྗེད་བྱེད། རླུང་མཁྲིས་བད་ཀན་གསུམ་འཁྲུགས་པ་ལས་དྲན་པ་ཉམས་པའི་ནད་དམ། གདོན་གྱིས་བརླམས་ པའི་རྣམ་པར་འགྱུར་བའོ། ། བརྗོད་པ་གསུམ། [འདུལ་བ] གསོལ་གཞིའི་ལས་ཞེས་པའི་ཐད་དུ་གཟིགས། བརྗོད་བྲལ། སྟོང་ཉིད་ཀྱི་མིང་པི་རྣམ་གྲང་ས་ཤིག། སྒྲ་བཤད་ནི། བུ་རམ་གྱི་རོ་མང་ར་བ་ལྕེ་ཤེས་ཀྱིས་ཇི་ལྟར་མོང་ བ་བཞིན་ཚིག་གིས་བརྗོད་དུ་མེད་པ་བཞིན། འདི་ཡང་མཉམ་གཞག་གི་བློས་ཇི་ལྟར་གཟིགས་པ་བཞིན་ཚིག་ གི་ལམ་ནས་བརྗོད་དུ་མེད་པས་དེ་སྐད་ཅེས་བྱ། ལྗོང་ས། (4) རང་བཞིན་གྱིས་ཆགས་པའི་ས་ཆའི་མིང་། ཡུལ་ལྗོངས། སྨན་ལྗོངས་ཞེས་པ་ལྟ་བུ། (4)མི་རིགས་ བཞི་ཡོད་པའི་ས་ཕྱོགས་ཀྱི་མིང་པར་མཚོ་ཊིཀ་ལས་གསུང་ས། ཉ། (4)ཆུ་ལ་གནས་པའི་སྲོག་ཆགས་ཤིག (2)ཆེས་བཅོ་ལྔ། 2། ཉ་ཡིག་དང་རྣམ་པ་འདྲ་བའི་ལེགས་སྦྱར་གྱི་ཡི་གེ་གསུམ་འཁྱོག་ཅ་ན་འདི་ལ། པ྄ུ་ཏ་ཟེར། ཤིན་ཏུ་རིང་བའི་ཡི་ གའི་གྲས་ཤིག་སྟེ། མིག་འཇུམ་པ་གསུམ་གྱི་ཡུན་ལྟ་བུར། སྐད་གད་ངས་རིང་པོར་བཀླག་དགོས་པའི་དོན་ཏེ། དཔེར་ན། ཤུདྡྷོ2་ཧཾ། ཨམ་ཀོཉཧཾ། ཞེས་པ་ལྟ་བུའོ། ། ཉ་ཁྱིམ། དཔྱིད་ཀྱི་དུས། སྒྲ་བཤད་ནི། ཉ་རྣམས་ཆུ་ལ་རྒྱུ་བའི་དུས་ཡིན་པས་དེ་སྐད་ཅེས་བཆོད། ཉ་ལྕིབས། ཉ་ཕྱིས། ལྕིབས་ཞེས་པ་ཤུན་ལྤགས། ཤུབས། ཕྱི་ཐུམ་ལ་ཟེར། དཔེར་ན། ལག་ལྕིབས་ཞེས་པ་ལྟ་བུ། ཉ་ལྟར་བརྡུང་བ། གཎྜི་བརྡུང་ཚུལ་ཞིག་སྟི། ཟླ་བའི་འཕེལ་འགྲིབ་ཀྱི་ཚུལ་རྟར་བརྔུང་པའི་དོན་ཏེ། རྒྱུད་གཅིག་ ནས་བཅོ་བརྒྱད་བར་ཇེ་ཆེ་དང་། དེ་ནས་བཅུ་བདུན་ཇེ་ཆུང་དུ་བརྔུང་བའི་དོན་ཡིན། གཎྚི་བདྲུང་ཚུལ་སྐོར་རྒྱས་ པར། གོང་དུ་གཎྜི་བདྲུང་ཚུལ་ཞེས་པར་གཟིགས། * * * * * * * * * * * * * * * * * * * * * * * * * |