|
རྟ་གདོང་གི་མ། རྒོད་མ་ཁའི་མེ་ངང་འདྲ་། རྒོད་མ་ཁའི་མེ་ལ་གཟིགས། རྟ་ནག་འགོས། རྗེ་འགོས། རྟ་ནག་འགོས་ཁུག་པ་ལྷ་བཙས། འགོས་ཁུག་པ་ལྷ་བཙ་ས། འགོས་ལོ་ཙཱ་བ། འགོས་ལོ་ ཙཱ་བ་ཁུག་པ་ལྷ་བཙ་ས་བཅ་ས་ཀྱང་ཟེར། རྗེ་ཙོང་ཁ་པའི་རིམ་ལྔ་གསལ་སྒྲོན་ལས། རབ་འབྱམས་གཞུང་ལ་ མཁས་པའི་སྒྲ་སྐྱུར་མཆོག །རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཆལ་ལོ། །ཞེས་གསུང་ས་པ་འང་འགོས་ལོ་ཅཱ་ བ་ཁུག་པ་ལྷ་བཙས་ལ་ཞུ་བ་ཡིན། འགོས་ཁུག་པ་ལྷ་བཙས་ལ་གཟིགས། རྟ་ནག་འགོས་ཁུག་པ་ལྷ་བཙ་ས། རྟ་ནག་འགོས་དང་འདྲ། རྟ་བབས། ཕོ་བྲང་སོགས་ཀྱི་ཕྱི་རོལ་གྱི་རྒྱལ་སྒོ་ཆེན་པོ། དེ་ལ་སྒོ་དང་པོ་ཡང་ཟེར། སྒྲ་བཤད་ནི། སྔར་སྲོལ་ལ་ རྒྱལ་པོ་དང་མི་ཆེན་སོགས་ལ་གུས་ཞབས་མཚོན་པའི་ཆེད་ཕྱི་རོལ་གྱི་རྒྱལ་སྒོ་ཆེན་པོ་དེ་ནས་རྟ་ལས་ བབས་ཏེ་འགྲོ་བས་དེ་སྐད་ཅེས་བཏགས། རྟག་གཅིག་རང་དབང་ཅན་གྱི་བདག མུ་སྟེགས་པས་བཏགས་པའི་བདག་སྟེ། གཏན་ནས་མི་འཇིག་པའི་རྟག་པ། ཆ་ལ་མ་ལྟོས་པའི་གཅིག་པུ། རྒྱུ་རྐྱེན་ལ་མ་ལྟོས་པའི་རང་དབང་བའི་བདག་ཅིག་ལ་ཟེ ། རྟག་གཅིག་རང་དབང་ཅན་གྱི་བད་ག་གིས་སྟོང་པའི་བདག་མེད། གཏན་ནས་མི་འཇིག་པའི་རྟག་པ། ཆ་ལ་མ་ ལྟོས་པའི་གཅིག་པུ། རྒྱུ་རྐྱེན་ལ་མ་ལྷོས་པའི་རང་དབང་བ་སྟེ་གསུམ་གྱིས་སྟོང་པའི་རགས་པའི་བདག་མེད་ ལ་ཟེར། རྟག་གཏོར། རྒྱུན་པར་མ་ཆགས་པར་འབུལ་རྒྱུའི་གཏོར་མ། རྟག་སྤྱོར། བརྩོན་འགྲུས། རྒྱུན་སྦྱོར་དང་དོན་གཅིག རྟག་ཞི་བ། ལྷ་དབང་ཕྱུག་ཆེན་པོ། རྟག་ཞི་བ་ཞེས་པ་གཞན་ལ་སྦྱོར་ཚུལ་འདུག་ཀྱང་མ་བཀོད། རྟགས་གསལ་ཁྱབ་གསུམ། སྒྲ་ཆོས་ཅ་ན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་ལྟ་བུར་མཚོན་ན། བྱས་ པ་རྟགས། མི་རྟག་པ་གསལ་བའམ་བསྒྲུབ་བྱའི་ཆོས། བྱས་པ་ཡིན་ན་མི་རྟག་པ་ཡིན་དགོས་པ་ནི་ཁྱབ་ པའོ། ། རྟགས་ཆོས་དོན་གསུམ། རྟགས་ནི་སྒྲུབ་བ་བྱ་ད། ཆོས་ནི་བསྒྲུབ་བྱའི་ཆོས། དོན་ནི་རྩོད་གཞི་སྟེ་གསུམ། རྟགས་ཚིག་ཡང་དག སྒྲུབ་ང་ག་ཡང་དག་ལ་ཟེར། སྒྲུབ་ང་ག་ཡང་དག། རྟགས་ཚིག་ཡ་ང་དག། གཞན་དོན་རྗེས་ ད་པག་རྣམས་མིང་གི་རྣམ་གྲང་ས་སུ་སྡེ་བདུན་ཡིད་ཀྱི་མུན་སེལ་དུ་གསུངས། * * * * * * * * * * * * * * * * * * * * * * * * * |