|
རྟེན་འབྲེལ་བསྟོད་པའི་ཊི་ཀ། ཨ་ལག་ཤ་བསྟན་དར་ལྷ་རམས་པའི་རྟེན་འབྲེལ་བསྟོད་པའི་དོན་འགྲེལ་རིན་ ཆེན་ཕྲེང་ ། རིགས་སློབ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊི་ཀ། རྟེན་འབྲེལ་ཡན་ལག་བཅུ་གཉིས། ༡ མ་རིག་པ། ༣ འདུ་བྱེད་ཀྱི་ལས། ༣ རྣམ་ཤེས། [ད་གསུམ་ལ་འཕེན་བྱད་ཀྱི་ ཡན་ལཁ་ཟིར།] ༤ མིང་གཟུགས། ༥ སྐྱེ་མཆེད། ༦ རེག་པ། ༧ ཚོར་ ། [དེ་བཞིར་འཕངས་པའི་ཡན་ལག་ ཟིར།] ༨ སྲེད་པ། ༩ ལེན་པ། ༡༠ སྲིད་པ། [དེ་གསུམ་ལ་འགྲུབ་བྱེད་ཀྱི་ཡན་ལག་ཟིར།] ༡༡ སྐྱེ་བ། ༡༣ རྒ་ ཤི་བཅ་ས་ས་སོ། །[དེ་གཉིས་ལ་གྲུབ་པའི་ཡ་ན་ལག་གཉིས་ཟིར་རོ།] རྟེན་འབྲེལ་བཤིག་པའི་སྟོང་པ། བློས་བྱས་ཀྱི་སྟོང་པ་ལ་ཟེར། འདི་ལ་ཐ་སྙད་བཤིག་པའི་སྟོང་པ་ཡང་ཟེར། དེ་ ཡ་ང་བུམ་པ་ལྟ་བུའི་ཆ་ཤས་རེ་རེ་ནས་བསིལ་ནས་མཐར་བུམ་པ་མི་རྙེད་པའི་སྟོང་པ་ཙ་མ་པོ་དེ་ལ་ཟེར་ཏེ། རྗེའི་ལྷག་མཐོང་ཆེན་མོ་ལས། ཡུལ་དཔྱད་དེ་རིགས་པས་བསིལ་བ་ན་མི་འདུག་སྙམ་པ་དང་པོར་འབྱུང་ ཞིང་། དེ་ནས་དཔྱོད་མཁན་ལ་ཡང་དེ་དང་འདྲ་བར་མཐོང་ནས་མེད་པར་ངེས་མཁན་ཡང་ཡོད་པ་མིན་ པས་གང་ལ་ཡང་འདི་ཡིན་འདི་མིན་གྱི་ངེས་པ་བྱ་ས་མེད་པར་སོང་ནས་སྣང་བ་བན་བུན་དུ་སོང་བའི་སྣང་ བ་འཆར་བ་ཡང་། རང་བཞིན་ཡོད་མེད་ད་ང་ཡོད་མེད་ཙ་མ་མ་ཕྱེད་པར་རིགས་པས་ཐམས་ཅ་ད་བཀག་པ་ ལ་བརྟེན་ནས་བྱུང་བ་ཡིན་པས་དེ་འདྲའི་སྟོང་པ་ཡང་རྟེན་འབྲེལ་བཤིག་པའི་སྟོང་པ་ཡིན་ལ། ཞེས་ གསུངས་པ་ལྟར་རོ། །བློས་བྱས་ཉི་ཆེའི་སྟོང་པ་ལ་གཟིགས། རྟེའུ་ལོ། ཏེ་ལོ་ཡང་ཟེར། སེ་མོང་ལས་ཆེ་ཙ་མ་གྱི་སྲོག་ཆགས་དྲི་ང་ན་ཅ་ན་ཞིག་གི་མིང་། དེ་ནི་ཆད་འགོག་སྐབས། དཔེར་ན་དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན། བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མོང་གི་དུག་མ་ མོང་ང་ངོ་། །དེ་ལས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་པའི་ཆེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་། སྔར་གྱི་ཆེ་དུག་མ་མོང་བ་བཞྭིན་ནོ། །ཞེས་གསུང་ས་པའི་བྱི་བས་རྨུགས་ཡུལ་གྱི་ལུས་ནི། འགའ་ཞིག་གིས་ དོམ་གྱི་ལུས་ཡིན་ཟེར། འགའ་ཞིག་གིས་གོང་དུ་བཤད་པའི་རྟེའུ་ལོ་ཟེར་བའི་སྲོག་ཆགས་དེའི་ལུས་ཡིན་ པར་བཤད། ཡང་འགའ་ཞིག་གིས་བྱི་བ་རྨུགས་ཡུལ་བཞག་ནས་རྨུགས་མཁན་ནི་རྟེའུ་ལོ་ཟེར་བའི་སྲོག་ ཆགས་དེ་ཡིན་པར་ཡང་བཤད་དོ། ། རྟོག་གེ། (4) ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་རྟོག་པས་བཏགས་ཙ་མ་གྱིས་བཞག་པའི་གྲུབ་ མཐའ། (2) དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་བློ་ལ། རྟོག་པའམ་རྟོག་གེ་ཞེས་བྱ། * * * * * * * * * * * * * * * * * * * * * * * * * |