|
305 མཐོང་ན་མི་མཐུན་པ་མེད་པ། རྒྱལ་བའི་སྐུ་མཐོང་བ་ན་དེ་ལ་སྡུག་བསྔལ་དང་ཉོན་མོང་ས་སོགས་མི་མཐུན་ ཕྱོགས་གང་ཡང་བསྐྱེད་པ་མེད་ཅིང་མཐུན་ཕྱོགས་བདེ་བ་དང་དད་བུས་སོགས་བསྐྱེད་པའོ། །ལུང་གཞིའི་ འགྲེལ་པ་ལ་གཞི་བྱས། མཐོང་རེ་སྐན། མཐོང་བར་མི་འགྱུར་ཞེས་མནའ་སྐྱེལ་བའི་ཚིག མཐོལ་ ། བསྒྲག་པའི་མིང་། རང་ཉེས་མི་གསང་བར་དྲང་པོར་བརྗོད་པ། རྒྱལ་ཆབ་ཆོས་རྗེའི་སང་ས་རྒྱས་སོ་ ལྔའི་མཆན་གྱི་ཕན་ཡོན་ལས། སྔར་སྡིག་པ་བྱས་པ་རྣམས་ང་ག་ཏུ་བཇོད་པའི་སྒོ་ནས་མཐོལ་བ་དང་། ཞེས་ གསུང་ས། ཕན་ཡོན་ནི། མཚོ་ཊིཀ་ལས། ཉེས་པ་མཐོལ་བས་འཆབ་པའི་ཉེས་པ་མི་འབྱུང་ཞིང་། འཆབ་ པའི་ཉེས་པ་འཕེལ་བ་རྒྱུན་འཆད་པར་འགྱུར་བ་སྟེ། ལུང་གཞི་ལས། བཅབས་པ་ཆར་པ་བཞིན་དུ་འབབ།། མ་བཅབས་ཆར་བཞིན་དེ་མི་འབབ། །ཅེས་གསུང་ས་སོ། །ཞེས་འབྱུང་། ་མཐོལ་ཞིང་བཤགས། རང་ཉེས་མི་གསང་བར་དྲང་པོར་བརྗོད་ཅི་ང་། སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་ མི་བྱེད་སྙམ་པའི་སྡོམ་སེམས་ཤུགས་དྲག་བསྐྱེད་པའི་སྒོ་ནས་སྡིག་ལྟུང་འད་ག་པར་བྱེད་པ་ལ་ཟེར། འཐག་པ་བསྐྱེད་པའི་སྤང་ལྟུང་། སྤང་ལྟུང་སུམ་ཅུའི་ཉེར་བཞི་པ་ནི། རང་ལ་ཁྱིམ་པས་བསྔོས་པའི་གོས་རྒྱུ་ཐག་ པ་ལ་འཐག་ཏུ་བཅུག་སྟེ་བསྔོས་ཆད་ལས་ཞེང་དཀྱུས་ཆེར་བསྐྱེད་བཅུག་པའམ་འཐགས་བཟང་བ་བྱེད་དུ་ བཅུག་སྟེ་གྲོབ་པའོ། ། འཐད་པས་བསྒྲུབ་པའི་རིགས་པ། ཚད་མ་དང་མི་འགལ་བར་དོན་བསྒྲུབ་པའོ། །འདི་ཡང་། ཅི་འདི་ལ་མངོན་ སུམ་ད་ང་རྗེས་དཔག་ད་ང་ཨིད་ཆེས་པའི་ལུང་བི་ཆད་མ་གསུམ་པོ་ཡོད་ད་མ་མེད་སྙམ་དུ་འཚོལ་བའོ། ། འཐབ་བྲལ། ངཡསཱ» འདོད་ལྷ་རིགས་དྲུག་གི་ནང་གསེས། རི་རབ་ཀྱི་སྟེང་བི་ནམ་མཁར་གནས་ཤིང་། ལྷ་མིན་ གྱི་འཐབ་རྩོད་ད་ང་བྲལ་བའི་འཐབ་བ་བྲལ། འདི་ལ་ལྷ་གཉིས་ལྷན་ཅིག་ཏུ་རྫུས་ཏེ་སྐྱེ་བས་མཚི་མ་ཞེས་ཀྱང་བྱ། འཐབ་ཚིགས་བདུན། ཁྱོ་དང་ཆུང་མ་ཕན་ཚུན་འཐབ་མོ་བྱུང་སྟེ་ཁ་བྲལ་ནས་ཆུང་མ་མ་ཡིན་པར་ཐག་བཅ་ད་པ་ ལ་འཐབ་ཚིགས་ཞེས་བྱ། དེ་ལ་དབྱེ་ན། འཐབ་པ་ཉིད་ཀྱི་མོད་དང་། འཐབ་པའི་འོག། དུམ་པ་བཅ་ད་པ། རྡེའུ་གསུམ་གཏོར་བ། ཆོ་ག་བཏང་བ། ཆུང་མ་མ་ཡིན་པར་བསྒྲགས་པ། དྲིལ་བསྒྲགས་པ་དང་བདུན་ནོ། ། འཐུག་འབྱ ། གཉིད་འཐུག་པོ་ལ་འཐུག་འབྱམ་ཟེར། * * * * * * * * * * * * * * * * * * * * * * * * * |