www.dharmabook.ru tibetan OCR


ད་མ་པ་དྲུག་ལྡན། སྦྱིན་པ་གཏོང་ཚུལ་ཞིག་སྟེ། རྟེན་དམ་པ་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ནས་གཏོང་བ།
དངོས་པོ་དམ་པ་དངོས་པོ་མ་ལུས་པར་གཏོང་བ། ཆེད་དུ་བྱ་བ་དམ་པ་སེམས་ཅ་ན་ཐམས་ཅད་ལ་གཏོང་
བ།
ཐབས་མཁས་དམ་པ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཏོང་བ། བསྔོ་བ་
དམ་
པ་རྫོགས་བྱང་དུ་བསྔོ་བ། རྣམ་པར་ད་ག་པ་དམ་པ་ཉོན་མོང་ས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་
འགོག་པའི་སྒོ་ནས་གཏོང་བ་དང་དྲུག། ཞིབ་པར་ལམ་རིམ་ཆེན་མོར་གཟིགས།
དམ་པ་རིགས་བརྒྱ། རིགས་བརྒྱ་དང་དོན་འདྲ།
དམ་པ་གསུམ་ལྡན། སྦྱོར་བ་དམ་པ་སེམས་བསྐྱད། དངོས་གཞི་དམ་པ་དམིགས་པ་མེད་པ་སྟེ་སྟོང་ཉིད། མཇུག་
དམ་པ་
བསྔོ་སྨོན་གྱིས་བརྒྱན་པ་དང་གསུམ།
ད་མ་པའི་ཆོས། སངས་རྒྱས་ཀྱི་ཆོས། སྒྲ་བཤད་ནི། དམ་པ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་
ཆོས་ཡིན་པས་
དེ་སྐད་ཅེས་བྱ་བའམ། ཡང་ན། སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་
པས་སས་མ།
ཡང་ན། དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་ས་སོ།
དམ་པས་བསྔགས་པའི་ལས། དགེ་བའི་ལས། མཆིམས་མཛོད་ལས། དགེ་མི་དགེའི་མཚན་ཉིད་ནི་རིམ་པ་
ལྟར་
དམ་པས་བསྔགས་ཤིང་གནོད་མེད་ཀྱི་འབྲས་བུ་སྐྱེད་པ་ད་ང་། དེ་ལས་བཟློག་པའོ། ཞེས་གསུངས།
དམ་པས་སྨད་པའི་ལ མི་དགེ་བའི་ལས།
དམ་ཚིག (4) མི་འདའ་བའམ་འདའ་བར་མི་བྱ་བའི་དོན་གྱིས་ན་དམ་ཚིག་ཅེས་བྱ་སྟེ། དམ་ཚིག་གི་སྐད་དོད་ས་
མ་ཡ
མ་ཞེས་པ་འདའ་བར་བྱ་བ་མ་ཡིན་པའི་དོན་དུ་བཤད་པ་ལྟར། ཇི་ལྟར་བཅས་པ་ལྟར་འདའ་བར་མི་
བྱ་བར་
ཉམས་སུ་བླངས་པ་ལ་དམ་ཚིག་ཅེས་བྱའོ། ཇེའི་གསང་སྔགས་ཀྱི་ཚུལ་ཁྲིམས་དངོས་གྲུབ་སྙེ་མ་ལ་
གཞི་བྱས། འོན་ཀྱིང་འགྲེལ་པ་བཞི་སྦྲགས་ལས། བོད་སྐད་ཀྱི་དམ་ཚིག་གི་ཚིག་དོན་ལ་མི་འདའ་བ་མེད་ཀྱིང་། དེའི་སྐད་དོད་ས་
མ་ཡའི་སྒྲ
འི་དོན་ལ་དེ་ལྐར་ཡོད་དོ། ཞེས་གས (2) བློ་སེམས་མཉམ་མཐུན། དམ་ཚིག་མཐུན་པོ་ཞེས་པ་ལྟ་བུ།
དམ་ཚིག་དང་སྡོམ་པ། དམ་ཚིག་གི་ ད་དོད་ས་མ་ཡ་ཞེས་པ་འདའ་བར་བྱ་བ་མ་ཡིན་པའི་དོན་དུ་བཤད་པ་
ལྟར།
ཇི་ལྟར་བཅ་ས་པ་ལྟར་འད་འ་བར་མི་བྱ་བར་ཉམས་སུ་བླངས་པ་ལ་དམ་ཚིག་ཅེས་བྱ་ལ། བྱ་རྒྱུ་མི་
བྱེད་
པ་དང་མི་བྱ་རྒྱུ་བྱེད་པ་འགོག་ཅིང་སྡོམ་པ་ལ་སྡོམ་པ་ཟེར། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་དངོས་
གྲུབ་སྙེ་མ་ལ་གཞི་བྱས། གཞན་ཡང་། སྡོམ་པ་ཐམས་ཅ་ད་ཀྱི་རྩ་བ་སོ་ཐར་ད་ང་། བྱང་སྡོམ་གྱི་བསླབ་པ་
བསྲུང་བ་གཉིས་ལ་སྒོ་གསུམ་ཉེས་སྤྱོད་ལས་སྡོམ་པའི་བྱེད་པ་གཙོ་ཆེ་བས་སྡོམ་པ་ཞེས་བརྗོད་ལ། རིག་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*