|
334 ཉིན་མོ་ཞིང་ལས་གྱིས། ནུབ་མོ་རྐང་པ་འཁྲུད་པ་དང་སྐུ་མཉེ་སོགས་ཀྱིས། དེར་ཆང་ཉོ་དང་ཉལ་པོ་ལ་ འོངས་པའི་སྐྱེས་པ་ཀུན་གྱི་རྐང་པ་བཀྲུ་བ་ལ་སོགས་གྱིས། ནུབ་མོ་སྒྲུབ་པ་གྱིས། དེ་ལྟར་བྱས་ན་ལོ་བཅུ་ གཉིས་ན་བུད་མེད་སྟོང་ཕྲག་བཅུ་བཞི་དང་བཅ་ས་པ་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་གསུངས་ནས་བཏང་ ངོ་། །ཇི་ལྟར་གསུངས་པ་ལྟར་བསྒྲུབས་པས་གྲུབ་པ་ཐོབ་པ་ཞིག་བྱུང་སྟེ། བླ་མ་རྡོ་རྗེ་གད་ན་པས་ཀྱང་། རྒྱལ་ རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་ལྔ་བརྒྱ་མཁའ་ལ་གཤེགས། །དཱ་རི་ཀ་པ་ཞེས་བྱའི། །བླ་མ་དེ་ ལ་ཕྱག་འཆལ་ལོ། །ཞེས་གསུངས་སོ། །རྡོ་རྗེ་དྲིལ་བུ་པ་ནི། རྒྱ་གར་ཤར་ཕྱོགས་ནཱ་ལེདྲའི་རྒྱལ་པོ་ཞིག་བི་ སྲས་སུ་འཁྲུངས་ཏེ། ཡབ་འདས་པ་དང་བློན་པོ་ལ་སོགས་པས་རྒྱལ་ཆབ་ཏུ་མང འ་གསོལ་བས། རྒྱལ་ སྲིད་ལ་སྙིང་པོ་མེད་པར་གཟིགས་ནས། རིམ་གྱིས་དཔལ་ནཱ་ལེདྲར་ཕྱིན་ནས་མཁན་པོ་རྒྱལ་བའི་ལྷ་རབ་ཏུ་ བཟང་པོ་ལ་རབ་ཏུ་བྱུང་སྟེ། མཆན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས། རིག་པའི་གནས་ལ་སྦྱང་ས་པ་ མཛད་པས། རིག་པའི་གནས་དང་སྡེ་སྣོད་ཐམས་ཅད་ལ་མཁས་པའི་ཡོང་ས་རྫོགས་ཀྱི་པཎྜི་ཏར་གྱུར་ ཏོ། །དེའི་ཚེ་མུ་སྟེགས་རལ་པ་ཅ་ན་ཞིག་རྒྱལ་པོ་ལ་དབང་དུ་གསོལ་ནས། བསྟན་པ་རྒྱལ་དུ་བཅུགས་ནས་ རྩོད་པ་བྱེད་དུ་བྱུང་བ་ལ་པཎྜི་ཏ་གཞན་གྱིས་མ་ནུས་། སློབ་དཔོན་གྱིས་དེ་ཕམ་པར་བྱས་ཏེ་ནང་པའི་ བསྟན་པ་ལ་བཅུག་པས། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བ་ཞེས་གྲགས་སོ། །དེའི་ཆེ་རྒྱལ་པོའི་མཆོད་ གནས་སུ་བཟུང་ནས་སྡེ་སྣོད་གསུམ་ལ་ཐོས་བསམ་ཉན་བཤད་མཛད་དོ། །དེའི་ཆེ་བླ་མ་དཱ་རི་ཀ་པ་དང་ མཇལ་ནས་གུས་པས་བཏུད་དེ། རྗེས་སུ་འཛིན་པར་ཞུས་པས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་ དབང་བསྐུར་ཏེ། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་སྟེ་དབེན་པར་སོང་ལ་སྒྲུབས་ཤིག་ ཅེས་ལུང་བསྟན། དེར་བྷཾ་ག་ལའི་ནགས་ཁྲོད་དབེན་པ་ཞིག་ཏུ་སྒྲུབ་པ་མཛད་པ་ན། རེ་ཞིག་ཁྱེད་ཨེ་ཡོན་དུ་ སོང་ཞིག་དེར་ཕག་རྫི་མོ་གཅིག་གིས་རྗེས་སུ་འཛིན་པར་འགྱུར་རོ། །ཞེས་ནམ་མཁའ་ལསསྒྲ་བྱུང་ནས། དེར་ཕྱིན་ཏེ། ཕག་རྫི་མོ་མཐོང་ཆད་ལ་ཕྱག་ཕུལ་གསོལ་བ་བཏབ་པ་ད་ང་། ལན་ཅི་ཡང་མ་བྱུང་བས་ཐུགས་ ཆད་པ་ད་ང་། ཕག་རྗི་མོ་རྒན་མོ་མདོག་ཤིན་ཏུ་མི་སྡུག་པ་གོས་ཧྲུལ་བ། རེས་རྒོད་རེས་ངུ་བ་ཞིག་བྱུང་བ་ལ་ ཕྱག་དང་མཆོད་པ་བྱས་ཏེ་རྒྱུ་མཆན་དྲིས་པས། སྔགས་ད་ར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་གསུང་ས་། དེ་མཁའ་འགྲོ་མར་ཤེས་ཏེ་ཞབས་སྤྱི་བོར་བླང་ས་རྗེས་སུ་འཛིན་པར་ཞུས་པས། དེར་རང་གཟུགས་དངོས་ སུ་བསྟན། ད་པལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་པ་གནང་ནས་ལྷོ་ཕྱོགས་སུ་ སྒོམས་ཤིག་ཅེས་ལུང་བསྟན། དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་པས་ལྷོ་ཕྱོགས་ཨོ་བྱི་བི་ཤ་ཞེས་བྱ་བའི་ ཡུལ་ཕྱོགས་ཀྱི་ནགས་ཁྲོད་དབེན་པ་ཞིག་ན་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པ་དེའི་ཆེ། ཡུལ་དེའི་རྒྱལ་ * * * * * * * * * * * * * * * * * * * * * * * * * |