|
344 སྟེ་ཤས་ཁེངས་པའོ། །མཐོ་བ་ནི་འདིར་ཀང་ཀོང་མེད་པར་ཤ་ཡིས་ཁེངས་ནས་ཡོད་པ་ལ་ཟེར། རྗེ་ཙོང་ཁ་པ་ཆེན་པོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང་། ཕྱག་ཞབས་བོལ་ད་ང་ཕྲག་གོང་ལྟག་ པའི་ཕྱོགས། །ཡོང་ས་སུ་གང་བས་མི་མཉམ་མེད་པའྱི་། །ཞེས་གསུངས་པ་ལྟར་། །[རྒྱ་གར་མཁས་པའི་ གཞུང་དང་རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན་སོགས་ཀྱི་དགོངས་པ་ལྐར་རོ] ༿༢༾ གཡག་སྟོན་སངས་རྒྱས་དཔལ་གྱིས། ཕྱག་མཐིལ་གཉིས། ཞབས་མཐིལ་གཉིས། ཕྲག་པ་གཉིས། ལྟག་པ་སྟེ་བདུན་མཐོ་བ་ཞེས་ཅུང་ཟད་མི་འདྲ་ བ་སྣང་ངོ་། །[ཕྱག་ཞབས་ཀྱི་མཐིལ་ཞེས་གསུངས་པ་གོ་བདེ་བ་ལྐར་སྣང་ཡང་། དེ་ལྐར་ན་གོང་དྭུ་རུས་པལ་ཞབས་ཞེས་པའི་ མཆན་བཟང་དང་ཟློས་ཀྱོན་དུ་འགྱུར་བར་དོགས་ས་སོ།] བདུན་རྣམ་ད་ག། སྔགས་ལུགས་ལ་མདོ་ཕྱོགས་ཀྱི་ཡན་ལག་བདུན་པའི་དོད་ལྟ་བུ་ཡིན། བདུན་ནི། ངུང་པོ་མཆོད་ པ་འབུལ་བ། གཉིས་པ་ཕྱག་འཆལ་བ། གསུམ་པ་སྡིག་པ་བཤགས་པ། བཞི་པ་རྗེས་སུ་ཡི་རངས་བ། ལྔ་པ་ སྐྱབས་སུ་འགྲོ་བ། དྲུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། [སྨོན་འཇུག་གི་སེམས་གཉིས་བསྐྱེད་པ།] བདུན་པ་ལམ་ ལ་བརྟེན་པ་དང་བདུན་ནོ། །[ལམ་ནི་སྦྱིན་སོགས་ཕར་ཕྱིན་བཅུའོ།] འདི་རྗེའི་གསང་འདུས་བསྐྱེད་རིམ་གྱི་ཟིན་ གྲིས་ལས་གསུང་ས་པ་ལྟར་བཀོད། སྒྲ་བཤད་ནི། འཁོར་གསུམ་མི་དམིགས་པ་བདེན་པའི་སྟོང་པ་སྒུ་མ་ལྟ་ བུར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྦྱོར་བ་མཆོད་པ་སོགས་བདུན་པོའི་ཚོགས་བསག་ལ་ འཇུག་པར་བྱ་བ་ཡིན་པས་ན་བདུན་རྣམ་དག་ཅེས་བྱ་སྟེ། རྗེའི་གསང་འདུས་སྨོན་ལམ་ལས། ཞིང་གི་ཕུལ་ བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་འཁོར་གསུམ་དག་པའི་མཆོད་སྦྱིན་སོགས། །སྦྱོར་བ་ཚོགས་ བསག་ཆོ་ག་བཞིན་བྱས་པས། །རང་གི་རྒྱུད་ནི་ཡོངས་སུ་དག་པར་ཤོག། ཅེས་པའི་འཁོར་གསུམ་དག་པའི་ མཆོད་སྦྱིན་སོགས་ཟེར་བ་བདུན་རྣམ་དག་ལ་གསུངས་པ་ཨིན་ཟེར་བའང་ཡོད། བདེ་མཆོག་གི་རྦུད་འགྲེལ་རྒྱ་གཞུང་། བདེ་མཆོག་གི་སྐོར་ལ་རྩ་རྒྱུད་ཀྱི་རྒྱ་འགྲེལ་ཇི་ཙམ་ཡོད་པ་ནི། ༡ ཕྱག་ན་ རྡོ་རྗེས་མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲལ། ༣ སློབ་ད་པོན་ལང་ཀ་རྒྱལ་བ་བཟང་པོས་མཛད་ པའི་དཀའ་འགྲལ། ༣ སློབ་དཔོན་སྐལ་ལྡན་གྲགས་པས་མཛད་པའི་དཀའ་འགྲེལ་དཔའ་བོ་ཡིད་འོང་། ༤ སློབ་དཔོན་སྐར་རྒྱལ་ཟླ་བས་མཛད་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས། ༥ སློབ་དཔོན་ལྷ་སྦས་ཀྱིས་ མཛད་པའི་སྒྲུབ་ཐབས་གནས་པའི་མན་ངག་ཐམས་ཅད་རྒྱ་ཆེར་འགྲེལ་པ། ༦ ཏ་ཐཱ་ག་ཏ་རཀླི་ཏས་མཛད་ པའི་གཉིས་ཀའི་བཤད་སྦྱར། ༧ སློབ་དཔོན་ལྭ་བ་པས་མཛད་པའི་འགྲེལ་པ་སྒྲུབ་ཐབས་གླེང་གཞི། ༨ སློབ་ད་པོན་སུ་མ་ཏི་ཀིརྟིས་མཛད་པའི་སྡོམ་པ་འབྱུང་བའི་རྒྱུད་ཉུང་ངུའི་མཚམས་སྦྱོར། ༩ སློབ་དཔོན་བྷ་ ཝ་བྷ་དྲས་མཛད་པའི་འཁོར་ལོ་སྡོམ་པའི་ད་ཀའ་འགྲལ། ༡༠ སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་ * * * * * * * * * * * * * * * * * * * * * * * * * |