|
36༽ 5 རྡོ་རྗེའི་བཙུན་མོ། (4) སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ་གསང་སྔགས་ཀྱི་སྐད་དུ་རྡོ་རྡོ་རྗེའི་བཅུན་མོ་ཟེར། (8) གསང་སྔགས་ཀྱི་སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲང་ས་ཤིག (8) སྟོང་ཉིད་རྟོགས་པའི་ཤེས་རབ། རྗེའི་གསུང་ བཤད་རྒྱུད་རྡོ་རྗེཕྲེང་བའི་ཟིན་བྲིས་ལས། རྡོ་རྗེའི་བཙུན་མོ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤས་རབ་སྟེ། ཞེས་ གསུངས་པ་ལྟར་རོ །(1) རྣལ་འབྱོར་མའི་མཚན་གྱི་རྣམ་གྲངས་ཤིག ་རྡོ་རྗེའི་བཟླསཔ། རྡོ་རྗེ་བཟླས་པ་དང་དོན་འདྲ། རྡོ་རྔེ་བཟློས་པ་ལ་གཟིགས། རྡོ་རྗེའི་རིག ། བྱ་རྒྱུད་རིགས་དྲུག་གི་ནང་གསེས། མཚན་གཞི། རྡོ་རྗེའི་རིགས་ཀྱི་གཙོ་བོ་ཕྱག་རྡོར་ལྟ་བུ། རྡོ་རྗེའི་ལུ ། (1) དུངས་མའི་མི་ཤིགས་པའི་ཐིག་ལེ།་ དེ་ལ་རྡོ་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྡོ་རྗེ་ཞེས་པ་མི་ ཕྱེད་པའམ་སོ་སོར་འབྱེད་དུ་མེད་པ་དང་། བརྟན་པ་སོགས་ལ་འཇུག་པས། དངས་མའི་མི་ཤིགས་པའི་ ཐིག་ལེ་ནི་ལས་དབང་གིས་འཆི་དུས་མ་གཏོགས་སུས་ཀྱང་བཤིག་ཏུའམ་སོ་སོར་འབྱེད་དུ་མེད་པའི་ཕྱིར་ དེ་སྐད་ཅེས་བྱའོ། །(2) རང་ཡི་དམ་གྱི་ལྷར་བསྒོམས་པའི་ལྷ་སྐུ། སྒྲ་བཤད་ནི། རྡོ་རྗེ་ནི་མི་ཕྱེད་པའི་དོན་ ཡིན་པས། བདེ་བ་དང་སྟོང་པ་མི་ཕྱེད་པའམ་དབྱེར་མེད་པའི་རང་བཞིན་གྱི་ལུས་ཡིན་པ་ས་དེ་སྐད་བརྗོད། (8) ཤིན་ཏུ་ཕྲ་བའི་རྩ། རླུང་། ཐིག་ལེ་གསུམ། (4) ཕུང་ཁམས་སོ་དྲུག་གི་ཚོགས་པ་ལ་རྡོ་རྗེའི་ལུས་ཟེར། ཕུང་ཁམས་སོ་དྲུག་ནི། ཕུང་པོ་དྲུག། ཁམས་དྲུག། དབང་པོ་དྲུག། ཡུལ་དྲུག། ཁ་དང་ལག་པ་སོགས་ལས་ ཀྱི་དབང་པོ་དྲུག། སྨྲ་བ་དང་ལེན་པ་དང་འགྲོ་བ་སོགས་ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་སོ་དྲུག་གོ། རྡོ་རུས་གཏུག་པ། གནད་དུ་འཁེལ་བར་བྱེད་པ། གནད་འགག་ཐོག་འཁེལ་བར་བྱེད་པ། ནན་ཏན་བྱེད་པ། སྒྲ་ བཤད་ནི། རུས་རྐང་གཅོག་པའི་ཆེ་རྡོ་དང་རུས་པ་གཏུག་དགོས་པ་ལྟར་གནད་དུ་འཁེལ་བར་བྱེད་དགོས་ པའི་དོན་ནོ། ། རྡོ་རུས་ཐུག་པ། གནད་དུ་ཁེལ་བ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས་སྐྱེས་རབས་ཀྱི་ཆོས་ ཐུན་ཡང་རྡོ་རུས་ཐུག་པ་ཞིབ་ཏུ་རྒྱས་པར་བཤད། ཅེས་གསུངས་པ་ལྟར་རོ། །རྗེ་བླ་མའི་རྗེ་བཙུན་རེད་ མདའ་བའི་གསུང་ལན་ལས་ཀྱང་། འདི་ན་རྡོ་རུས་ཐུག་པ་ཡོད་པའི་གདམས་ང་ག་ད་ལྟ་གཅིག་ཀྱང་མི་ གདའ། ཞེས་གསུངས་པ་ལྟར་རོ། ། རྡོ་ལེབ་བཟང་པོ། དྲི་བཟང་པོའི་རྫས་འཐག་སའི་རྡོ་ལེབ། རྡོའི་སྙིང་པོ། (4) རྒྱ་མཚོ་ནས་ཐོན་པའི་རྡོ་རྨུག་པོ་ཞིག་ཡོད་པར་གྲགས། དངུལ་ཆུ་ཅྭཱརྨ་བྷ་དྲ་གསུང་། (2) མརྒད། བོད་རྒྱ་ཚིག་མཛོད་ཆེན་མོར་གསལ། * * * * * * * * * * * * * * * * * * * * * * * * * |