|
368 ལོ། རིན་པོ་ཆེ། པདྨ། རལ་ཕྲིའི་ཕྲེང་བས་བསྐོར་བའི་དྲིལ་བུ་རྩེ་མོ་ལྔ་པ་ཅན་ལ་རིམ་པ་བཞིན། རྣམ་སྣང་། རིན་འབྱུང་། འོད་ དཔག་མད། དོན་གྲུབ་བཅས་ཀྱི་དྲིལ་བུའམ། དེ་བཞིན་གཤེགས་པའི་དྲིལ་བུ་ཟར།] (2) རྫོགས་རིམ་གྱི་ལམ་མཚོན་ཚུལ་ ལ། «རྡོ་རྔའི་མཚོན་དོན་ནི» རྡོ་རྗེས་སྒྲུབ་པ་པོ་དང་། དེའི་གསང་བའི་རྡོ་རྗེ་གཉིས་ཀ་མཚོན། རྡོ་རྗེའི་ར་ ལྔས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ལྡོག་པས་ཕྱེ་ན་ཡེ་ཤེས་ལྔ་ཡོད་པར་མཚོན། ར་དེ་རྣམས་ཆུ་སྲིན་གྱི་ཁ་ནས་ ཐོན་པ་དེས་སྙིང་རྗེས་སེམས་ཅ་ན་མི་གཏོང་བ་མཚོན། དེའི་འོག་གི་ཟླ་གད་ན་གྱིས་གཏུམ་མོ་འབར་བའི་ བྱང་སེམས་ཞུ་བ་མཚོན། དེའི་འོག་གི་ཉི་གདན་གྱིས་གཏུམ་མོའི་མེ་འབར་བ་མཚོན། དེའི་འོག་གི་པདས་ འཁོར་ལོ་བཞིའམ་དྲུག་གི་ཙ་འདབ་མཚོན། དེའི་སྟེང་འོག་གི་རིན་པོ་ཆེའི་ཕྲེང་བ་དང་འོད་ཟེར་གྱི་རི་མོས་ གདུལ་བྱའི་རེ་བ་བསྐོང་བའི་འཕྲིན་ལས་རྒྱས་པ་མཚོན། རྡོ་ཇེ་ལྟེ་བའི་ཟུར་བརྒྱད་ཀྱིས་ལུགས་འབྱུང་ལྡོག་ པི་དགའ་བ་བཞི་བཞི་སྟེ་བརྒྱད་མཚོན། ཡང་ན། རྡོ་རྗེ་ལྟེ་བས་ཡབ་ཀྱི་རྡོ་རྗེའི་དྷཱུ་དྭཱིའི་མར་སྣ། ལྟེ་བ་ཟུར་ བརྒྱད་དུ་ཡོད་པ་དེས་ནོར་བུའི་ད་བུས་ཀྱི་རྩ་འདབ་བརྒྱད་མཚོན། [དེང་སང་ལྟེ་བ་ལུམ་པོ་ལུམ་རྐྱང་མ་གཏོགས་ཟུར་ བརྒྱད་མི་སྣང་ཡང་། ཟུར་བརྒྱད་ངེས་པར་དགོས] «དྲིལ་བུའི་མཚོན་དོན་ནི» དྲིལ་བུས་ཕྱག་རྒྱ་མ་དང་། དེའི་བྷ་ག་ གཉིས་ཀ་མཚོན། གྲིལ་བུའི་ཡུ་བའི་ར་ལྔ་དང་། ཟླ་ཉི་པད་སོགས་ཀྱི་མཚོན་དོན་ན་ནི། རྡོ་རྗེ་ད་ང་འདྲའོ། ། དྲིལ་བུའི་ལྕེས་ཡུམ་གྱི་གསང་གནས་མཁའ་འགྲོ་གདོང་ང་མ་ཕལ་སྐད་དུ་བྱ་ལེ་ཞེས་པ་དེ་མཚོན། དྲིལ་ལྕེ་ ཟུར་བརྒྱད་དུ་ཡོད་པ་དེས་ནང་གི་རྩ་འདབ་བརྒྱད་མཚོན། [དེང་སང་དྲིལ་ལ་ལྕེ་ཟུར་བརྒྱད་བྱས་པ་མི་སྣང་ཡང་། ཟུར་ བརྒྱད་ངེས་པར་དགོས] དྲིལ་བུའི་སྟེང་དུ་རྡོ་རྗེ་ཕྱེད་པས་མཆན་པས་ནི་ཡ་བ་ཡུམ་སྙོམས་པར་འཇུག་པ་མཚོན། མདོར་ན་རྡོ་རྗེ་ཕྱོགས་བརྒྱད་དུ་གསོར་ཞིང་། དྲིལ་ལྕེ་ཕྱོགས་བརྒྱད་དུ་བསྐྱོད་ནས་དཀྲོལ་བས་སྒྲུབ་པ་པོའི་རྡོ་ རྗེ་ནོར་བུས་ཕྱག་རྒྱའི་དྷཱུ་ཏྰིའི་མར་སྣ་ཁ་འབྱེད་དེ་ནང་གི་རྩ་འདབ་བརྒྱད་བསྐྱོད་པ་དེ་མཚོན་པ་ཡིན་ནོ། ། «རྡོར་དྲིལ་འཛོག་ཚུལ» རྡོ་རྗེ་རང་གི་གི་གཡོན། དྲིལ་བུ་རང་གི་གཡས་སུ་ཞལ་རང་ལ་བསྟན་ཏེ་བཞག། རྡོར་དྲིལ་ལག་ཏུ་ལེན་ཚུལ» ཁ་ད་ང་ལག་པ་སོགས་ལེགས་པར་བཀྲུས་ཏེ་གཙ་ང་སྦྲ་དང་ལྡན་ཞིང་། མཚོན་ དོན་དྲན་པའི་སྒོ་ནས་གུས་པ་ད་ང་བཅ་ས་ཏ། ཐོག་མར་ལག་གཡས་ཀྱིས་རྡོ་རྗེ་བླངས། དེ་ནས་ལག་པ་དེ་ གས་དྲིལ་བུ་བླངས་ཏེ། ལག་པ་གཡོན་པ་ལ་གཏད་ད་གོས། དམིགས་བསལ་གྱི་སྐབས་རེ་གཉིས་མ་གཏོགས། སྤྱིར་བཏང་ལག་གཉིས་ཀས་རྡོར་དྲིལ་ལེན་པ་མི་མཛེས་པའི་སྐྱོན་ཡོད་པས་སྤང་བར་བྱའོ། །མཇུག་ཏུ་དྲིལ་ བུའི་མཚོན་དོན་དང་འཕྲེལ་བཤད་ཀྱི་དཔེ་རིས་གསལ་བར་བཀོད་ཡོད་པ་དེར་གཟིགས། རྡོར་དྲིལ་དེ་ཁོ་ཉིད་ཀྱི་བོ།་ནས་འཛིན་པ། རྡོར་དྲིལ་གྱི་མཚོན་དོན་ཤེས་ནས་རྡོ་རྗེ་འཇིན་ཅིང་། དྲིལ་བུ་དཀྲོལ་ བ་ལ་ཟེར། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་སྙེ་མ་ལས་གསུངས། * * * * * * * * * * * * * * * * * * * * * * * * * |