|
ནམ་ནམ་ཞ་ཞར། ནམ་ཞར་དང་དོན་འདྲ་། དཔེར་ན་ཤེས་རབ་བརྒྱ་པར། དེ་ད་ག་ནམ་ནམ་ཞ་ཞར་འཕུང་། ། ཞེས་པ་ལྟ་བུ། འབྲུག་པའི་ཕལ་སྐད་ལ་ཡང་འདུག་ཅེས་དེབ་ཐེར་དཀར་པོར་གསལ། ནམ་ནམ་ནམ་ནམ་ཞ་ཞ་ཞ་ཞར། ནམ་ཞར་དང་དོན་འདྲ། དེབ་ཐེར་དཀར་པོ་ན་གསལ། ནམ་རྨུས་པ། ཉི་མ་སྤྲིན་དང་བཅས་པར་གྱུར་པ། གནམ་འཐིབས་པ། ས་རུབ་པ། ནར་མའི་ཟས། རྒྱུན་དུ་ཟ་རྒྱུའི་ཟས། ཟས་དཀྱུས་མ། ཟས་ཕལ་པ། ནས་སྒྲ། འབྱུང་ཁུང་ས་ཀྱི་སྒྲ། (4) འབྱུང་ཁུང་ས་དངོས། དཔེར་ན། ས་ནས་སྐྱེ། ལྟ་བུ། འབྱུང་ཁུངས་ཆ་འདྲ་བ། དཔེར་ན། ཐོག་ཁ་ནས་ལྷུང་། ལྟ་བུ། ལྷ་ས་ནས་ཐོན། ལྟ་བུ། (2) ནས་སྒྲ་རིགས་མཐུན་ད་གར་བར་འཇུག་ པ། དཔེར་ན། བྱ་ཡི་ནང་ནང་ནས་རྨ་བྱ་གཟུགས་མཛེས། ལྟ་བུ། (8) ནས་སྒྲ་སྡུད་པ་ལ་འཇུག་པ་ལ། ཡུལ་ སྡུད་པ། ལྷ་ས་ནས་རྒྱ་གར་བར། ལྟ་བུ། དུས་སྡུད་པ། ཆེས་གཅིག་ནས་བཅུའི་བར། ལྟ་བུ། དངོས་པོ་སྡུད་ པ། མགོ་ནས་རྐང་པའི་བར། ལྟ་བུ། གྲང་ས་སྡུད་པ། གཅིག་ནས་བཅུའི་བར། ལྟ་བུའོ།། (1) ནས་སྒྲ་བྱེད་ པ་པོའི་ཚུལ་དུ་འཇུག་པ། དཔེར་ན། སློབ་བུ་རྣམས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ། ལྟ་བུ། ངེད་གཉིས་ ནས་ལས་དོན་ཐོག་གྲོས་བསྡུར་བྱས། ལྟ་བུ། རྒྱལ་པོ་ནས་འབང་ས་ལ་བཀའ་བཏང་། ལྟ་བུ། (5) ནས་སྒྲ་ བྱེད་པའི་ཚུལ་དུ་འཇུག་པ། ངང་ནས། ཐོག་ནས། བོ་ནས། ལྟ་བུ་ཕལ་ཆེར་བྱེད་སྒྲ་ཕལ་པའི་འཇུག་པ་ དང་མཐུན་པར་བ་ཤད། དཔེར་ན། སེམས་སྐྱོ་བའི་ང་ང་ནས་ཕྱིར་ལོག་ལྟ་བུ། ངེད་རྣམས་མི་འགྲོ་དབང་ མེད་ཀྱི་ཐོག་ནས་ཕྱིན། ལྟ་བུ། སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། ལྟ་བུ། (6) ནས་སྒྲ་ མཆམཆམས་སྦྱོར་ལྷག་བཅས་ལ་འཇུག་པ། ལེགས་སྐྱེས་གྱ་ནོམ་པ་བྱིན་ནས་བཏང་། ལྟ་བུ། ནས་འདྲ་མ། ནས་འབྲུ་ད་ང་འདྲ་བ་སྟ། ཐོག་མཐའ་གཉིས་ཕྲ་ཞིང་དཀྱིལ་སྦོམ་པའི་དོན། ད་པེར་ན་ཇ་ནས་འདྲ་ མ་ཞུ་དགོས་ལྟ་བུ། ནི་གུ། ནི་བུ་མ་དང་འདྲ། ནི་གུ་མ། (4) བུ་མོ་ན་ཆུང་། (2)རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་པའི་ལྕམ། ནི་གུའི་ཆོས་དྲུག ནཱ་རོ་ཆོས་དྲུག་དང་འདྲ། སྒྲ་བཤད་ནི། ནཱ་རོ་པའི་ལྕམ་ནི་གུ་མ་ལས་བརྒྱུད་པའི་ཆོས་བརྒྱུད་ ཡིན་པས་དེ་སྐད་ཅེས་བཏགས། ནི་སྒྲ། དགར་བ་ད་ང། ངེས་བཟུང་ངམ་ནན་ཏན་བརྣན་པ་དང་། ཚིག་པི་ཁ་སྐོང་བཅས་ལ་འཇུག་པའི་ཕྲད་རང་ དབང་ཅ་ན་ཞིག (4) ད་གར་བ་ལ་འཇུག་པ། དཔེར་ན། དང་པོ་ནི། ལྟ་བུ། (2) ངེས་བཟུང་ངམ་ནན་ཏན་ * * * * * * * * * * * * * * * * * * * * * * * * * |