|
386 [རིམ་གཉིས་གཉེན་པོའི་སྟོབས་ཀྱིས་དྲི་མ་ཕྲབ་མ་དག་ཀྱིང་རགས་པ་དག་པ་ནི། སྦྱོང་བའི་གནས་སྐབས་ཚོགས་ལམ་ནས་ས་བཅ་ རྒྱུན་མཐའི་བར་གྱི་ལམ།] ཤིན་ཏུ་རྣམ་ད་ག་བི་གནས་སྐབས། [ཡང་དག་པར་རྫོགས་པའི་སངས་རྒྱས།] གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། པ་ཆབ་ཀྱི་འགྱུར། གནས་ང་ན་ལེན། (1) ལྟུང་བ། ཉེས་སྐྱོན། དབེ་སློང་གཞན་གྱི་ཕམ་ལྷག་གི་ལྟུང་བའི་ཉེས་པ་བརྗོད་པ་ལ། གནས་ ང་ན་ལེན་བརྗོད། ཅེས་དང་། ད་བེ་སློང་གཞན་གྱི་ལྟུང་བའི་ཉེས་པ་འཆབ་པ་ལ། གནས་ངན་ལེན་འཆབ། ཅེས་དང་། ལུས་ང་ག་གི་སྐྱོན་ལ་ལུས་ང་ག་གི་གནས་ང་ན་ལེན་ཞེས་པ་ལྟ་བུ། (2) སེམས་ཀྱི་འཛིན་པ་ཕྱིན་ ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པའམ་བག་ཆགས་ལ་ཟེར། (8) སྡུག་བསྔལ་གྱི་རྒྱུ་ལ་འཇུག་པའི་ མིང་། སྒྲ་བཤད་ནི། གནས་ང་ན་པ་ནི། ཉེས་པའི་དོན་ཡིན་ལ། ལེན་པ་ནི་སྐྱེད་པར་བྱེད་པ་སྟེ། ཉེས་པ་ སྐྱེད་བྱེད་ཅེས་བྱ་བའི་དོན་ནོ། །དབེ་ལེགས་བཤེས་གཉེན་གྱི་གསུང་ལ་གཞི་བྱས། ཡང་ན། སྡུག་བསྔལ་གྱི་ རྒྱུ་ནི་ཤིན་ཏུ་ལྡང་བར་དཀའ་བའི་ཕྱིར་གནས་ང་ན་ཞེས་བྱ་ལ། དེ་ཁས་ལེན་པའམ་དེ་ལ་འཇུག་པའི་ཕྱིར་ གནས་ང་ན་ལེན་ཞེས་བྱའོ། ། གནས་ང་ན་ལེན་གྱི་འཆིང་བ། གནས་ང་ན་ལེན་དང་དོན་འདྲ། གནས་ང་ན་ལེན་གྱི་ས་བོན། འདོད་ཆགས་དང་ཞེ་སྡང་སོགས་རྩ་ཉོན་དང་ཁྲོ་བ་དང་འཁོན་འཛིན་སོགས་ཉེ་བའི་ ཉོན་མོངས་པ་རྣམས་ཀྱི་ས་བོན་ནོ། ། གནས་ང་ན་ལེན་འཆབ་པའི་ལྟུང་བྱེད། འབའ་ཞིག་པ་ད་བུ་བཅུའི་ལྔ་བཅུ་པ། མཐོལ་ཡུལ་ཆད་ལྡན་ཡོད་པའི་ གནས་སུ་དགེ་སློང་གཞན་གྱི་ཕམ་ལྷག་གང་རུང་བཅབས་ཏེ་མཆན་མོ་འད་ས་པའོ། ། གནས་ང་ན་ལེན་བཟོད་པའི་ལྟུང་པྱེད་། འབའ་ཞིག་པ་དགུ་བཅུའི་བདུན་པ་ནི། བསྙེན་པར་མ་རྫོགས་པ་ལ་དགེ་ སློང་གཞན་གྱི་ཕམ་ལྷག་གི་ལྟུང་བ་བརྗོད་པ་དོན་གོ་བའོ། ། གནས་ཉེར་བཞི། སྒྲ་མཆམས། སྤྱི་བོ། རྣ་བ་གཡས་གཡོན་གཉིས། ལྟག་པ། སྨིན་མཆམས་མིག་གཉིས་དང་། ཕྲག་པ་གཉིས་དང་བརྒྱད་ནི་ཐུགས་ཀྱི་གནས་སོ། །མཆན་ཁུང་གཉིས། ནུ་མ་གཉིས། ལྟེ་བ། སྣ་རྩེ། ཁ། མགྲིན་པ། སྙིང་ཁ། འབྲས་བུ་གཉིས་དང་བརྒྱད་གསུང་གི་གནས་སོ། །རྟགས་ཀྱི་རྩེ། བཤང་ལམ། བརླ་ གཉིས། བྱིན་པ་གཉིས་དང་བཞི། སོར་མོ་བཅུ་དྲུག། བོལ་གོང་གཉིས། མཐེ་བོང་བཞི། བུས་མོ་གཉིས་དང་ བཞི་སྟེ་བརྒྱད་ནི་སྐུ་ཡི་གནས་སོ། །དེ་དག་ལ་སྙིང་ཁའི་རྩ་འདབ་བརྒྱད་ལས་ཙ་གྱེས་ཏེ་གནས་དེ་དག་ཏུ་ ཟུག་པས་གནས་ཉེར་བཞིའི་རྩ་ཞེས་ཟེར་རོ། །ཉེར་བཞི་པོ་དེ་རི་རེ་ལ་སྐུ་གསུང་ཐུགས་ཀྱི་ཙ་གསུམ་གསུམ་ * * * * * * * * * * * * * * * * * * * * * * * * * |