|
397 དོན་རྒྱ་མཚོ་ལས། རྐང་པ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་ལུང་དབུ་མར་ཚད་ཅིང་ཉོན་མོངས་པ་ཕྲག་དོག་ཞི་བ་དང་། བར་ གཅོད་ཀྱིས་མི་ཚགས་པའི་དགོས་པ་ཡོད་པར་གསུངས། ཕྱེད་སྐྱིལ་ནི་ཡོངས་གྲགས་ཀྱི་སྐྱིལ་ཀྲུང་ལ་ཐེར།] ༣ ལག་གཉིས་ མཉམ་གཞག་སྟེ་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ནས་མཐེ་བོང་གཉིས་རྩེ་སྤྲད། [ད་པུང་པ་གཡས་ གཡོན་གློར་མི་སྦྱར་བར་ལུང་འགྱུ་འོང་བྱེད་ས་ཡོད་ཙམ་གྱི་བར་སྟོང་བཞག་ན་ལུས་སེམས་གྲུང་པོར་གྱུར་པའི་དགོས་པ་ཡོད མཟེ་ པོང་རྩེ་སྤྲད་དེ་ལྐེ་བའི་ཐད་དུ་བཟུང་བ་ནི། རྫོགས་རིམ་གྱི་སྐབས་ལྐེ་བའི་གཏུམ་མོ་འབར་བའི་རྟེན་འབྲེལ་ཡོད་པར་བདག་གི་དྲིན་ ཅན་རྩ་བའི་བླ་མ་ད་གེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་ཡང་ཡང་གསུང་།]༣ རྐེད་པ་གདའ་ལྟར་བསྲང་། [ད་གོས་པ་ནི། ལས་དྲང་ན་རྩ་འརྡྲོང་། རྩ་དྲང་ན་ལུང་འརྡྲོང་། ལུང་དྲང་ན་སེམས་ལས་རུང་དུ་གྱུར་པའི་དགོས་པ་ཡོད] ༤ མཆུ་སོ་རང་བབས་སུ་བཞག། [ལྕེ་རྩེ་རྐན་ལ་སྦྱར་བའི་དགོས་པ་ནི ཁ་ཆུ་མི་འཛག་པ་དང་། ཁ་ལྕེ་མི་བསྐམ་པའི་དགོས་ པ་ཡོད།]༥ མགོ་བོ་ཅུང་ཟད་དགུག། [དགོས་པ་། རྒོད་པ་སེལ་བའི་ཆེད་ཡིན།]༦ མིག་སྣ་རྩེར་ཕབ། [མིག་སྟ་ རྩེར་ཕབ་ཅེས་པ་མང་པོ་ཞིག་གིས་གོ་བ་ནོར་ཏེ་མིག་སྣ་ཅེར་བལྐ་བ་སོགས་བྱེད་པ་ནི་ནོར། དེ་ནི་མིག་འབྱེད་འཛུམ་རན་པོའི་སྐོ་ ནས་ཐུར་དུ་ཕབ་པ་ཙམ་ལ་ཟིར། མིག་ཅུང་ཟད་ཕྱེ་བ་དེས་བྱིང་བ་དང་། མིག་སྣ་ཅིར་ཕབ་པས་རྒོད་པ་སེལ། དེ་ལ་དགོས་པ་ གཞན་ཡང་ཡོད་པ་འདི་ལྟར། ལོ་ཤས་སྔོན་ཞི་གནས་ཀྱི་སྐོར་སློབ་ཁྲིད་བྱེད་སྐབས། རྒྱ་མོ་ལོ་གཞོན་ཞིག་ནས། བསྒོམ་རྒྱག་སྐབས་ མཁོ་བོ་རང་ཤུགས་ཀྱིས་གཡས་ཕྱོགས་སུ་འགྱུར་བའི་སྣང་བ་ཡོང་གི་འདུག་པ་དེ་གང་ཡིན་ནམ་ཞེས་དྲིས་བྱུང་། དེ་མིག་བཙུམ་ པའི་སྐྱོན་རེད་ཅེས་བརྗོད་ནས་སྒྱོན་དེ་བསལ་ཐུབ་པ་བྱུང་།] ༧ ཕྲག་པ་གཉིས་མཐོ་དམའ་མེད་པར་དྲང་པོར་བསྲང་། ༨ དབུགས་བགྲང་པ་དང་བརྒྱད་དོ། །[དབུགས་བཁང་པ་ནི་སྔགས་ཀྱི་སྐབས་ཡིན་ན། ལུང་རོ་དགུ་ཕྲུགས་སུ་བསལ་བ་དེ་ ཡིན། འདིར་ནི་དབུགས་འབྱུང་ཐུབ་སྟེ་དབུགས་ཕར་གཏོང་བ་དང་ཚུར་རྔུབ་པ་གཉིས་གཅིག་ཏུ་བཁངས་པ་ཉེར་གཅིག་གི་ཡན་ལ་ སེམས་མི་གཡེངས་པར་གནས་པ་དེ་ལ་ཟིར། དགོས་པ་ནི། ཆགས་སྡང་གི་བློ་རགས་པ་ཞི་ནས་དགེ་སེམས་དང་། མ་མཐར་ཡང་ བཏང་སྙོམས་སུ་སོངནས་སེམས་དགེ་སྦྱོར་བསྒྲུབ་པའི་ལས་རུང་དུ་གྱུར་པའི་དགོས་པ་ཡོད འདི་ལོ་ཏོག་ཕུན་སུམ་ཚོགས་པ་ འབྱུང་བ་ལཞིང་ས་ལས་རུང་དུ་བྱེད་པ་དང་འདྲ།] མདོར་ན། བོད་ཀྱི་གྲུབ་ཆེན་རྣམས་ཀྱིས། རྟེན་འབྲེལ་ལུས་ལ་བསྒྲིགས་པས་ རྟོགས་པ་སེམས་ལ་འཆར། ཞེས་པ་ལྐར་ནང་དུ་རྟོགས་པ་སྐྱེ་བ་ལ་ཕྱིའི་ལས་གནད་ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། རྣམ་པ། (1) རིགས་དང་དབྱེ་བ། དཔེར་ན། རྣམ་པ་སྣ་ཚོགས་ཞེས་པ་ལྟ་བུ། (2) དབྱིབས་དང་བཟོ་ལྟ། རྣམ་ འགྱུར། དཔེར་ན། གྲུ་བཞིའི་རྣམ་པ་ཅན། (8) རབ་ཏུ། ཡོངས་སུ། ཤིན་ཏུ། ཧ་ཅང་བཅས་ཀྱི་དོན་ཏུ་གོ་ བའི་ཚིག་རྒྱན་ཞིག། དཔེར་ན། རྣམ་པར་བཀྲ་བ་ཞེས་པ་ལྟ་བུ། (4) ངོ་བོ། རང་བཞིན། མཚན་ཉིད་རྣམཟ དོན་འདྲ་བར་བཤད་དེ། མན་སྙེ་ལས། དངོས་པོ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་ པ་ཞེས་པ་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ནོ། །ཞེས་པ་ལྟར་དང་། ས་སྐྱའི་མཁས་པ་ གྲགས་ཅན་གཡག་སྟོན་སངས་རྒྱས་དཔལ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས་ཀྱང་། རྣམ་པ་ནི་ངོ་བོ། * * * * * * * * * * * * * * * * * * * * * * * * * |