|
4༽ 5༽ 5 ཕྱེ ། མང་པོས་ཕྱེམཞེས་པའི་ཚབ་ཏུ་ཕྱེས་ཞེས་བྲིས་སྣང་ཡང་། འཇུ་མི་ཕམ་རིན་པོ་ཆེས་ཀྱང་། བྱ་ཡུལ་བྱེད་པོ་ བྱ་བའི་ཚིག་རྣམས་ལ། །དབྱེ་བ་འབྱིད་བྱེད་ཕྱེ་བ་ཞེས་དང་ནི། །གདེག་བྱ་འདེག་བྱེད་བཏེག་པ་ལ་སོགས་ པ། །བྱས་པ་རྣམས་ལ་ས་མཐའ་མི་ཐོབ་སྟེ། །ཞེས་ཀྱང་གསུངས། ཕྱོག ། (4) ཤར་ནུབ་སོགས་ཀྱི་ཡུལ་ཕྱོགས། (2) ཟླ་ཕྱེད། དཔེར་ན་ལོ་གསུམ་ཕྱོགས་གསུམ་ཞེས་པ་ལྟ་བུ། (8) བསྒྲུབ་བྱ་སྟ། ཆོས་དང་ཆོས་ཅན་གྱི་ཚོགས་དོན། (4) རང་གི་གཞུང་ལུགས་དམ་འཆའ ། དཔེར་ན་ ཕྱོགས་སྔ་ཕྱི། ཞེས་པ་ལྟ་བུ། ཕྱོགས་ཀྱི་གླང་པོ། དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ། ཚད་མ་རང་ལས་མཁས་པ་སློབ་དཔོན་ ཕྱོགས་ཀྱི་གླང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱ་ལ་རིགས་ཀྱི་སྲས་སུ་སྐུ་འཁྲུངས། སློབ་དཔོན་དབྱིག་ གཉེན་བསྟེན་ནས་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར། ཚད་མའི་མདོ་ཀུན་ལས་བཏུས་པ་བརྩམ་པར་བྱའོ་ སྙམ་དུ་དགོངས་ཏ། ཕྱོགས་ཀྱི་གླང་པོའི་ཕུག་ཅེས་པའི་བྲག་ངོས་ལ་རྡོ་ཐལ་གྱིས། ཚད་མར་གྱུར་པ་འགྲོ་ལ་ ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མ་བསྒྲུབ་ཕྱིར་རང་ཀི་གཞུང་ཀུན་ ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། ཞེས་མཆོད་བརྗོད་དང་བཅས་པར་དམ་བཅའ་ བྲིས་པ་ན་ས་གཡོས་པ་ལ་སོགས་པའི་ལྟས་ཁྱད་པར་ཅན་བྱུང་། དེའི་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ནག་ པོ་ཐུབ་རྒྱལ་ཞེས་བྱ་བ་ཞིག་ཡོད་པ་ད་པད་ས། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ། ལན་གཉིས་ བསུབས་པ་ན། གསུམ་པ་བྲིས་ནས་མཇུག་ཏུ་ངས་བྲིས་པའི་ཚིགས་སུ་བཅད་པ་འཕྱི་བ་སུ་ཡིན། ཀུ་རེ་ དང་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་ཕྱི། ཕྲག་དོག་གིས་དབང་གིས་ཡིན་ན་བློ་ལ་ ཡོད་པས་དཔྱི་བར་མི་ནུས་སོ། །འདི་ལ་ནོར་བ་ཡོད་པས་རྩོད་པར་འདོད་ན། ལུས་སྣང་བར་གྱིས་ཤིག་ བརྩད་པར་བྱའོ་ཞེསབྲིས་ས་སོ། །སློབ་ད་པོན་བསོད་སྙོམས་ལས་འཁོར་ཏེ་བྱོན་པ་དང་ཕྲད་ནས་བསྟན་པ་ རྒྱལ་དུ་བཙུགས་ཏེ་བརྩད་པས་ལན་གསུམ་གྱི་བར་དུ་མུ་སྟེགས་པ་ཕམ་པར་མཛད། ད་ཁྭོད་ནང་པའི་ བསྟན་པ་ལ་ཞུགས་གསུངས་པས། ཁོ་ཁྲོས་ཏེ་ཁ་ནས་མེ་སྦར་ཏེ་སློབ་དཔོན་གྱི་ཡོ་བྱད་ཐམས་ཅ་ད་བསྲེགས། སློབ་དཔོན་ཡང་ཚིག་ལ་ཁད་བྱས་པར་ཐུགས་སྐྱོ་སྐྱོ་སྟེ། ང་ས་མུ་སྟེགས་པ་འདི་གཅིག་པུའི་དོན་ཡང་བྱ་མི་ནུས་ ན། སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ཅི་སྨོས་སྙམ་དུ་དགོང་ས་ནས། རྡོ་ཐལ་གནམ་ལ་འཕངས་ཏེ་ས་ལ་ བབ་མ་ཐག་སེམས་བསྐྱེད་གཏང་ངོ་སྙམ་དུ་འཕངས་པས་ས་ལ་མ་བབ་པར་འཇམ་དཔལ་དངོས་སུ་བྱོན་ཏེ། ཁྱོད་ཀྱི་བསྟན་བཅོས་འདི་བསྟན་འགྲོ་ལ་ཕན་པ་དང་། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ * * * * * * * * * * * * * * * * * * * * * * * * * |