|
474 མཆན་ཉིད་རྩོད་དུས་ཆ་ཞེས་པ་རྣམས་དོན་འདྲ། དཔེར་ན་མཚོ་ཊིཀ་ལས། ད་མ་བཅའ་བུད། ཅེས་པ་ལྟ་ བུ་དང་། རྟགས་མ་གྲུབ་ན་ང་ག་བིས་ལོག་རྟོགས་བསལ་ནུས་ཟེར་བ་བུད་ཅིང་། ཞེས་པ་ལྟ་བུ། བུད་ཅྭཱ། [ལེགས་སྦྱར] (4) སང་ས་རྒྱས། (2) པད་འད་བ་རྒྱས་པ་དང་། (3) གཉིད་སད་པ། (4) དེ་ཁོ་ཉིད་ཁོང་དུ་ ཆུད་པ། (4)དེ་ཐམས་ཅ་ད་རྟོགས་པ། རྔེ་ཅོང་ཁ་པ་དང་གུང་ཐང་ཚང་གི་གསུང་ལ་གཞི་བྱས། བུདྡྷ་པྰ་ལི་ཏ། [ལེགས་སྦྱར] སང་ས་རྒྱས་བསྐྱང་ས་ཀྱིས་མཛད། ཀླུའི་རྒྱལ་མཚན་གྱི་འགྱུར། བུད་མེད། མི་། གཉེན་བསྒྲིགས་ཟིན་པའི་སྐྱེས་ྐྱེས་མ། སྒྲ་བཤད་ནི། མཚན་མ་ཕྱི་ལ་མ་བུད་པས་བུད་མེད། ཅེས་ཚིག་མཛོད་འགའ་ཞིག་ན་གསལ། འདི་ལ་སྒྲ་བཤད་འདྲ་མིན་སྣ་ཚོགས་ཤིག་སྣང་ཡང་མ་འདིར་མ་ བཀོད། བུད་མེད་ཀྱི་སྒྱུ་རྣམ་པ་སུམ་ཅུ་རྩ་གཉིས། བཞིན་ཕྱེད་འགེབས་པ། ནུ་མ་མཁྲང་ཞིང་འབུར་བ་སྟོན་པ། ཅུང་ ཟད་འཇུམ་པས་སོ་ཕྲེང་བ་སྟོན་པ། ལག་པ་བརྐྱང་སྟེ་བྱ་སྨྱང་བྱེད་ཅིང་མཆན་ཁུང་སྟོན་པ། བིམ་པ་ལྟར་ དམར་བའི་མཆུ་སྟོན་པ། མིག་ཕྱེད་བཅུམ་སྟེ་ལྟ་ཞིང་བལྟས་ནས་མུར་བ་མུར་བར་འཇུམ་པ་དང་། ནུ་མ་ ཕྱེད་གཡོགས་ཏེ་སྟོན་པ། གོས་སྙིལ་བར་བྱས་ཏེ། གསེར་གྱི་ཕག་སྐ་དང་བཅ་ས་པའི་རྐེད་པ་སྟོན་པ། གོས་དུ་ ཀུ་ལ་སྲབ་མོ་གྱོན་ཏེ། གསེར་གྱི་ཕག་སྐ་དང་བཅ་ས་པའི་རྐེད་པ་སྟོན་པ། རྐང་གདུབ་སྒྲ་སིལ་སིལ་འབྱིན་པ། ནུ་མའི་བར་ནས་ཕྲེང་བ་གཅིག་ཉེ་བར་སྟོན་པ། མགོ་དང་ཕྲག་པ་དག་ལ་བྱ་འད་བ་སྦེད་དང་། ནེ་ཙོ་དང་། རི་སྐེགས་འདུག་པ་ཉེ་བར་སྟོན་པ། མིག་ཟུར་གྱིས་ལྟ་བ། གོས་ལེགས་པར་བགོས་ཀྱང་བགོ་མ་ལེགས་པ་ལྟ་ བུར་བཅོས་པ། རྐེད་པ་ད་ང་། གསེར་གྱི་ཕག་སྐ་བསྐྱོད་པ་དང་། འཁྲུལ་པ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ ཚུན་འཆག་པ་དང་། གར་བྱེད་པ་ད་ང་། གླུ་ལེན་པ་དང་། བསྒེགས་ཤིང་འཁྲུལ་པ་ལྟར་འཆོས་ཤིང་སྒེག་སྟེ་ ཕན་ཚུན་འཆག་པ་དང་། གར་བྱེད་པ་དང་། གླུ་ལེན་པ་དང་། བསྒེགས་ཤིང་ངོ་ཆ་བ་ལྟར་ཡང་འཆོས་པ་ དང་། ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་སྒུལ་བ། བརྗིད་པའི་སྒྲ་འབྱིན་པ། སེང་རས་བགོས་ཏེ་གསེར་ གྱི་ཕག་སྐ་གྲིལབུ་བཅིངས་ནས་དགོད་ཅིང་འཆག་པ་དང་། གོས་དང་རྒྱན་རྣམས་ས་ལ་འདོར་ཞིང་ངོ་ཆ་བ་ ལྟར་སླར་ཡང་ལེན་པ། གསང་བ་དང་། གསལ་བའི་རྒྱན་ཐམས་ཅ་ད་ཉེ་བར་སྟོན་པ། ལག་པ་སྤོས་ཀྱིས་ བསྐུས་པར་སྟོན་པ། མཁུར་བ་བསྐུས་ཤིང་རྣ་ཆའང་སྟོན་པ། མགོའང་གཡོགས་ཤིང་བཞིན་ཡ་ང་གཡོགས་ ལ་སྐད་ཅིག་ཙ་མ་གྱིས་སྟོན་པ། རྒོད་རྒོད་པ། དགའ་དགའ་བ། རྩེ་རྩེ་བ་ཕན་ཚུན་དྲན་པར་བྱེད་ཅིང་ཡང་ * * * * * * * * * * * * * * * * * * * * * * * * * |