www.dharmabook.ru tibetan OCR


6 38
ཡེ་ཤེས་ཀྱི་ས། སྟོང་ཉིད་རྟོགས་པའི་ཡེ་ཤེས། སྒྲ་བཤད་ནི། རྟེན་དང་བརྟེན་པའི་ད་ཀྱིལ་འཁོར་གྱི་སའམ་རྟེན་
གཞི་བྱེད་པའི་རྒྱུ་མཚན་གྱིས་ཡེ་ཤེས་ཀྱི་ས་ཞེས་བྱའོ།
ཡེ་ཤེས་ཀྱི་ས་ཐོབ་པ། ཆོས་ཐམས་ཅ་ད་འོད་གསལ་བར་ཞུགས་པ་ལ་བྱ།
ཡེ་ཤེས་སྒྱུ་མ། བཀའ་བརྒྱུད དེ་བཞིན་གཤེགས་པ་རྣམས་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས།
ཤེས་བྱ་མཛོད་འགྲེལ་གསུང་།
ཡེ་ཤེས་གྲུབ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད། བུ་སྟོན་གྱིས་ལམ་གྱི་རིམ་པ་སྣ་ཚོགས་སྟོན་པའི་གཞུང་གི་གྲས་སུ་
འཇོག།
དེབ་སྔོན་དུ་འདུ་འདི་གསང་བའདུས་པ་ལ་བརྟེན་པར་ཤིན་ཏུ་གསལ་ལོ་ཞེས་ཀྱང་གསལ།
ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སློབ་དཔོན་འཕགས་པ་ལྷས་མཛད། ཆོས་ཀྱི་ཤེས་རབ་ཀྱི་འགྱུར།
ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་འགྲེལ་པ། སློབ་དཔོན་བྱང་ཆུབ་བཟང་པོས་མཛད། ཆོས་ཀྱི་ཤེས་རབ་ཀྱི་
འགྱུར།
ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། དཔལ་གསང་བ་འདུས་པའི་བཤད་རྒྱུད་ཀྱི་གྲས་ཤིག ཁུ་དངོས་གྲུབ་དང་
ཚུལ་ཁྲིམས་རྒྱལ་བའི་འགྱུར།

ཡེ་ཤེས་ཞབས། རྒྱ་གར་གྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། སློབ་ད་པོན་ཡེ་ཤེས་ཞབས། དཔལ་གསང་བ་
འདུས་པ་ལ།
འདུས་པ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཡོད་པའི་ཡེ་ཤེས་ཞབས་ཞེས་
པ་དེ་སློབ་དཔོན་འདིའི་ལུགས་ཡིན། གྲོལ་བའི་ཐིག་ལེ་དང་། སྡུད་པའི་དཀའ་འགྲེལ་སོགས་མཛད་པ་པོ་
ཡིན།
རྒྱས་པར་སངས་རྒྱས་ཡེ་ཤེས་ཞབས་ལ་གཟིགས།
ཡེ་ཤེས་ཞབས་ལུགས། སྒེག་རྡོར་གྱི་སློབ་མ་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ལ་རྗེ་བཅུན་འཛ་མ་པའི་དབྱང་ས་
ཀྱིས་འདུས་པའི་དོན་བཤད་པའི་རིམ་པ་ལ་ནི་ཡེ་ཤེས་ཞབས་ལུགས་ཞེས་ཡོང་ས་སུ་གྲགས་སོ། ཞེས་རྗེའི་
རིམ་ལྔ་གསལ་སྒྲོན་ལས་གསུང་ས་པ་ལྟར་རོ།
ཡེ་ཤེས་སེམས་ད་པའ། ༿རང་ཡི་དམ་དུ་གསལ་བཏབ་པའི་ཨི་དམ་དེ་ལ་དམ་ཚིག་སེམས་དཔའ་ཞེས་བྱ་ལ།
དེའི་ཐུགས་ཀར་གསལ་བཏབ་པའི་ཡི་དམ་ལ་ཡེ་ཤེས་སེམས་དཔའ་ཞེས་བྱའོ། ༿ ཡང་ན་རང་དམ་ཚིག་
སེམས་ད་པའ་
རྡོ་རྗེ་འཆང་སྔོན་པོར་གསལ་བའི་ཐུགས་ཀར། སྣ་ཚོགས་པད་དང་ཟླ་བའི་གདན་ལ་ཡེ་ཤེས་
སེམས་དཔའ་སྐུ་མདོག་ད་མར་པོ་ཞལ་
གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*